༥.༡༩མཚོ་སྔོན་ཡན་ལག་ཚོགས་རའི་དབུ་འབྱེད་མཛད་སྒོ་བོད་མཁར་རྐང་ཚར་སྤེལ།
发布时间:2018年05月22日 消息来源:རྫོང་གསར་འགྱུར་ལྟེ་གནས།

ཉེ་ལམ་རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་། ཞིང་ཆེན་དང་ཁུལ་རིམ་པའི་ལས་དོན་སྡེ་ཁག་གི་སྣེ་ཁྲིད་དང་ཐུགས་ཁུར་འོག རྐང་ཚའི་ལྗོངས་རྒྱུ་རིག་གནས་བྱ་བཞག་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ཡོད། ལྗོངས་རྒྱུ་རིག་གནས་བྱ་བཞག་ནི་རིག་གནས་ཀྱི་རྣམ་པ་གསར་བ་ཞིག་དང་། འཕེལ་རྒྱས་ཀྱི་གོམ་སྟབས་གསར་བ་ཞིག ཡང་དག་པའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་སྤྱི་ཚོགས་རིག་གནས་འཕེལ་རྒྱས་ཀྱི་ཆུ་ཚད་ལས་བྱུང་བའི་མཇུག་འབྲས་ཡིན།

དེར་བརྟེན་ལྗོངས་རྒྱུ་རིག་གནས་ནི་ལྗོངས་རྒྱུའི་ལས་དོན་ཁྲོད་ས་གནས་དང་འཚམས་པའི་འཕེལ་རྒྱས་གཏོང་བར་རིག་གནས་ཀྱི་རྣམ་པ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པས། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཚོགས་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་བྱང་ཁུལ་ཡུལ་སྐོར་ཅུའུ་དང་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ། ཆེད་བསྐོས་ཚོང་ཟོག་ཐུ་བྷོད་ཚོགས་པPMCགཞུང་ལམ་སྤྲོ་སྐྱིད་སྡེ་ཁག་བཅས་ཀྱིས་མཉམ་དུ་བསྒྲུབ་པའི་ད་ལོའི༥.༡༩་ཀྲུང་གོའི་ཡུལ་སྐོར་ཉིན་མོ། མཚོ་སྔོན་ཡན་ལག་ཚོགས་རའི་དབུ་འབྱེད་མཛད་སྒོ་བོད་མཁར་རྐང་ཚར་སྤེལ།  

སྤྱི་ལོ༢༠༡༨་ལོའི་ཟླ༥་བའི་ཚེས༡༨་ཉིན། སྤྱི་ཚོགས་རིག་གནས་སྣང་ཚུལ་ཉམས་ལེན་བྱེད་སྒོ་དང་རྐང་ཚའི་ཡུལ་སྐོར་གན་རྒྱ་འཇོག་པའི་བྱེད་སྒོ།  རྐང་ཚའི་ཡུལ་སྐོར་ལྗོངས་རྒྱུ་འོས་སྦྱོར་ཚོགས་ཆེན་སོགས་བྷོ་ཊའི་གསོལ་མགྲོན་གླིང་གི་སྟོང་དཔོན་སྦྲ་རྒན་དུ་སྤེལ་བ་དང་།  མི་བཟོས་མཚེའུ་འགྲམ་དུ་དད་འདུན་གློག་སྒྲོན་ཉམས་ལེན་མཛད་སྒོ་ཕྱེ། ད་དུང་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་བྱ་དེ་ཁྲུང་ཁྲུང་དཀར་མོ་ཞེས་པའི་གླུ་བྲོའི་ཟློས་གར་རྐང་ཚའི་འཁྲབ་སྟོན་ལྟེ་གནས་སུ་གཟིགས་འབུལ་བྱས་བ་མ་ཟད། གཞན་བོད་མཁར་བྷོ་ཊའི་གསོལ་མགྲོན་གླིང་གི་ཚོམས་ཆེན་དུ་སྨན་ལུམས་རྐང་འཁྲུས་ཉམས་ལེན། PMCརླངས་འཁོར་འགྲན་རྒྱུག་སོགས་བོད་མཁར་རྐང་ཚའི་མང་ཚོགས་དང་ལྟད་མོ་བ་དག་གི་མིག་གི་དགའ་སྟོན་དུ་ཅི་དགར་རོལ་བ་འདིའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་ངོམས་ལ། བོད་མཁར་རྐང་ཚའི་ལྗོངས་རྒྱུ་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་མཚོན་ཡོད།































































འཕྲིན་གཏོང་བ། ཚེ་དབང་རིག་འཛིན། ཚེ་རིང་སྒྲོལ་མ།

པར་བ།  ཚེ་དབང་རིག་འཛིན། དཔའ་ཕྱུག་ཆེ་རིང་།