མདོ་འཛིན་པ་ཡེ་ཤེས་སྒྲོལ་མར་ཀྲུང་གོའི་གསེར་ངག་བྱ་དགའ་ཐོབ།
发布时间:2024年03月27日 消息来源:

ཡེ་ཤེས་སྒྲོལ་མར་ཀྲུང་གོའི་གསེར་ངག་བྱ་དགའ་ཐོབ།
图片

ཉེ་དུས་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཀྲུང་གོའི་སྙན་སྒྲོན་དང་གཙོ་སྐྱོང་པའི་གསེར་ངག་བྱ་དགའ་སྐབས་གཉིས་པའི་དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་། ཐོག་མའི་དཔྱད་འདེམས་དང་བསྐྱར་འདེམས། མཐའ་མའི་དཔྱད་འདེམས་བཅས་བརྒྱུད། ཕུལ་དུ་བྱུང་བའི་རླུང་འཕྲིན་སྙན་སྒྲོན་པ་དང་གཙོ་སྐྱོང་པ10དང་། ཕུལ་དུ་བྱུང་བའི་བརྙན་འཕྲིན་སྙན་སྒྲོན་པ་དང་གཙོ་སྐྱོང་པ10བདམས་པ་རེད། དེའི་ཁྲོད་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཡེ་ཤེས་སྒྲོལ་མ་ཕུལ་དུ་བྱུང་བའི་བརྙན་འཕྲིན་སྙན་སྒྲོན་དང་གཙོ་སྐྱོང་པར་བདམས་ཐོན་བྱུང་ཡོད།


ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་གྱི་བྱ་དགའ་སྟེ་ཀྲུང་གོའི་སྙན་སྒྲོན་པ་དང་གཙོ་སྐྱོང་པའི་གསེར་ངག་བྱ་དགའ་ནི་ཀྲུང་དབྱང་གི་ཆོག་མཆན་ཐོབ་པའི་རང་རྒྱལ་གྱི་སྙན་སྒྲོན་པ་དང་གཙོ་སྐྱོང་ཁྱབ་ཁོངས་ལ་གནང་བའི་སྲིད་གཞུང་གི་བྱ་དགའ་ཞིག་ཡིན་ལ། དེ་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་གྱི་བྱ་དགའི་ཁོངས་སུ་གཏོགས། བྱ་དགའ་དེ་ལོ་གཉིས་ལ་ཐེངས་རེ་དཔྱད་འདེམས་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་དང་། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་གིས་འགན་གཉེར་བྱེད་ཀྱི་ཡོད།

   ཡེ་ཤེས་སྒྲོལ་མ།

                      
                   
   

    
图片
图片



















                               
    图片图片

ཡེ་ཤེས་སྒྲོལ་མ་ནི་སྤྱི་ལོ1989ལོར་བོད་ལྗོངས་ཆབ་མདོར་སྐྱེས་པ་དང་། ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་བུ་མོ་ཞིག་རེད། ཁོང་ད་ལྟ་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་རིམ་པ་དང་པོའི་སྙན་སྒྲོན་པ་ཡིན།

  图片

ལས་ཀར་ཞུགས་ནས་བགྲང་ཆ་བཅུ་ལྷག་གི་རིང་། ཡེ་ཤེས་སྒྲོལ་མས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་རིག་རྩལ་མཚན་ཚོགས་གཙོ་སྐྱོང་གནང་བར་མ་ཟད། ལོ་མང་པོ་བསྟུད་མར་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་སྤྲོའི་མཚན་ཚོགས་གཙོ་སྐྱོང་གནང་མྱོང་། ད་དུང༼རང་མདངས༽དང་། ༼ཤེས་དཔལ་བོད་ལྗོངས།༽ ༼ཚོགས་འདུ་གཉིས་ཀྱི་གླེང་སྟེགས།༽ ༼ཡེ་ཤེས་སྒྲོལ་མའི་མཐོང་ཐོས།༽ ༼འཚོ་བའི་ཡེ་ཤེས༽སོགས་ལེ་ཚན་མང་པོ་གཙོ་སྐྱོང་གནང་མྱོང་ཡོད།

འཚོ་བའི་ཡེ་ཤེས་སྒྲོལ་མ།                                       ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།



图片

ཉེ་དུས་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི༼འཚོ་བའི་ཡེ་ཤེས༽ཞེས་པའི་ལེ་ཚན་ཡེ་ཤེས་སྒྲོལ་མས་གཙོ་སྐྱོང་གནང་ཞིང་། ཁོ་མོས་འཚོ་བ་དངོས་ལ་མྱོང་རོལ་དང་། བཅར་འདྲི་སོགས་ཀྱི་ཐབས་ལ་བརྟེན་ནས་གཞི་རིམ་ལ་ཟབ་ཞུགས་དང་། ལས་ཡུལ་དངོས་ལ་ཟབ་སྐྱོད། བརྩེ་བ་སེམས་ཀྱིས་མྱོང་བ་ཟིན་ཐོར་བཀོད་ནས་བོད་ཀྱི་སྣ་མང་རིག་གནས་མངོན་པར་བྱས་ལ། དུས་རབས་གསར་པའི་བོད་ལྗོངས་གསར་པར་གཞི་རིམ་མང་ཚོགས་རྣམས་ཀྱིས་རླབས་ཀྱི་ཟེགས་མ་མཁའ་ལ་གཏོར་འདྲའི་བཟང་ཕྱོགས་ཀྱི་ནུས་པ་གང་ལེགས་མངོན་པར་བྱས་ཡོད། 


ཡེ་ཤེས་སྒྲོལ་མའི་མཐོང་ཐོས།


图片
སྤྱི་ལོ2020ལོར། བོད་ལྗོངས་ལ་ཏོག་གསར་ནད་པ་ཐོག་མ་དེ་ཐོན་རྗེས་ཡེ་ཤེས་སྒྲོལ་མ་རང་འགུལ་ངང་ལོགས་བཀར་ཁུལ་དུ་བསྐྱོད་ནས། ༼ཡེ་ཤེས་སྒྲོལ་མའི་མཐོང་ཐོས༽ཞེས་པའི་ལེ་ཚན་བཟོས་ཏེ་ན་ཚའི་ཁུལ་གྱི་གནས་ཚུལ་གསར་ཤོས་སྤེལ་བ་དང་། བརྙན་ཐུང་མང་པོ་ཞིག་གི་ལྟ་ཉན་བྱས་ཚད་མི་ཐེངས་ཁྲི10ཡན་ཟིན་ཞིང་གདེང་འཇོག་བཟང་པོ་གང་མང་ཐོབ་ཡོད།
图片

ཉེ་བའི་ལོའི་ནང་ཡེ་ཤེས་སྒྲོལ་མས་ད་དུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཐད་གཏོང་བྱེད་སྒོ་ཆེ་གྲས༼དེང་གི་དུས་ལ་ལྟ་བ༽ཞེས་པ་དང་། ༼སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དགྱེས་སྟོན༽ཞེས་པ། ༼དེང་གི་ཀྲུང་གོ༽ཞེས་པའི་ནང་གི་བོད་ལྗོངས་ཀྱི་ལེའུ་སོགས་ཀྱི་ལེ་ཚན་གཙོ་སྐྱོང་གནང་མྱོང་ལ། ༼བཀྲ་ཤིས་པའི་བསྟོད་གླུ། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ60འཁོར་བའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་ཚོགས་པ་བོད་ལ་འཚམས་འདྲིའི་འཁྲབ་སྟོན་བྱེད་པར་བསྐྱོད༽ཅེས་པ་སོགས་ཀྱི་བྱེད་སྒོ་གཙོ་སྐྱོང་གནང་མྱོང་། 
图片
གསར་འགོད་རྣམ་པའི་གཙོ་སྐྱོང་པ་ཞིག་གི་ངོས་ནས་ཡེ་ཤེས་སྒྲོལ་མ་རྒྱུན་དུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་གྱི་གཞི་རིམ་ལ་བཅར་འདྲིར་བསྐྱོད་ཀྱི་ཡོད་ཅིང་། ༼དཔྱིད་གསར་རིང་གཞི་རིམ་དུ་བསྐྱོད༽ཅེས་པ་དང་། ༼བོད་ལྗོངས་གཞོན་ནུ་ལྷན་ཚོགས་མཐའ་མཚམས་སུ་བསྐྱོད་པའི་བྱེད་སྒོ།༽ ༼མཐའ་མཚམས་སུ་བསྐྱོད། མངའ་རིས༽ཞེས་པ་སོགས་ཀྱི་བཅར་འདྲི་དང་གསར་འགྱུར་འགོད་སྤེལ་བྱེད་སྒོ་ལའང་ཞུགས་མྱོང་། 

གཟི་བརྗིད་མཚན་སྙན། 

ཡེ་ཤེས་སྒྲོལ་མར་སྐབས་ཉེར་བདུན་པའི་ཀྲུང་གོའི་བརྙན་འཕྲིན་གྱི་གསེར་གླག་བྱ་དགའི་བུད་མེད་གཙོ་སྐྱོང་པའི་མིང་འདོན་བྱ་དགའ་ཐོབ་མྱོང་ལ། སྐབས་བཅུ་དྲུག་པའི་བོད་ལྗོངས་ལྔ་བཞི་གཞོན་ནུའི་བྱ་དགའ་དང་སྤྱི་ལོ2020ལོའི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་ཡང་ཐོབ་མྱོང་། སྤྱི་ལོ2021ལོར་བོད་ཀྱི་བོད་ལྗོངས་གསར་པའི་གཞོན་ནུ་གསར་པའི་འཐུས་མི་རྩེ་གྲ་བཅུར་བདམས་ཐོན་བྱུང་ཞིང་། སྤྱི་ལོ2022ལོའི་ཡེ་ཤེས་སྒྲོལ་མའི་མཐོང་ཐོས་ཞེས་པའི་ནད་ཡམས་གནས་ཚུལ་སྤེལ་བའི་མུ་འབྲེལ་གསར་འགྱུར་ལ་བོད་ལྗོངས་ཀྱི་གསར་འགྱུར་བྱ་དགའ་ཨང་དང་པོ་ཐོབ་པ་རེད།