རྐང་ཚ་རྫོང་གི་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལ་རྣམ་པ་གསར་བ་མངོན།
发布时间:2024年03月28日 消息来源:


 རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


2023ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལས་དོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་སྟེ་མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་པར་དམིགས་ནས།  གྲོང་ཁྱེར་གསར་སྒྱུར་ལས་དོན་གཏིང་ཟབ་ལག་བསྟར་བྱས་པ་དང་། དམངས་ཚིས་འགན་སྲུང་ཞབས་ཞུ་སྔར་ལས་ནུས་ལྡན་དུ་བཏང་ཞིང་། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དང་། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་ལ། ཐོན་སྐྱེད་བདེ་འཇགས་བཅོས་སྐྱོང་ནུས་ལྡན་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ་སྔར་ལས་ཇེ་ཆེ་དང་། གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད།

ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་དང་ས་གནས་སྲིད་གཞུང་གི་སྤྱིར་བཏང་བུན་འཛིན་མ་དངུལ། རྒྱལ་ཁབ་ནུས་ཁུངས་ཚོགས་པའི་རོགས་སྐྱོར་འཛུགས་སྐྲུན་མ་དངུལ། གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ། རྫོང་རིམ་པའི་ནོར་སྲིད་མ་དངུལ་སོགས་རྣམ་གྲངས44ལག་བསྟར་བྱས་ཤིང་། གཏན་འཇགས་མ་རྩར་མ་དངུལ་སྒོར་དུང་ཕྱུར1.93བཏང་བ་དེ་ལོ་སྔོན་མའི་དུས་མཉམ་ལས་སྒོར་དུང་ཕྱུར1.026འཕར་བ་དང་། ལོ་སྔོན་མའི་དུས་མཚུངས་ལས132.7%འཕར་ཡོད། 

《རྐང་ཚ་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་དོ་དམ་ལག་བསྟར་ཞིབ་སྲོལ》གཏན་ལ་ཕབ་ནས་ལག་བསྟར་བྱས་པ་དང་།  བཟོ་སྐྲུན་གྱི་འགྲོ་གྲོན་དང་རིམ་པ་མི་འདྲ་བའི《ཞིང་འབྲོག་ས་ཁུལ་གྱི་རང་སྐྲུན་སྡོད་ཁང་དཔེ་རིས་ཕྱོགས་བསྒྲིགས》སྣ་ཁ17བཟོས་ནས་ཞིང་འབྲོག་མང་ཚོགས་ལ་འདེམས་སྤྱོད་བྱེད་དུ་བཅུག་པ་དང་སྡོད་ཁང་སྐྲུན་པའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི6བྱིན་པ་དང་། ཉེན་ཁང་དང་ཡོམ་འགོག་རྣམ་གྲངས་ཁྱབ་སྤེལ་བཀོལ་སྤྱོད་རྣམ་པའི་ཨར་འདམ་ཁང་པ10ཁྱབ་གདལ་སྒྱུར་བཀོད་བྱས། “དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི”སྡོད་ཁང་རེ་ཞུའི་ཞིབ་འབེབས་མ་ལག་ཚོད་ལྟའི་ངང་འཁོར་སྐྱོད་བྱས་ནས་སྤྱི་པའི་གླ་ཁང་པ157གྱི་ཆུ་ཤོར་བ་དང་སྦུག་ལམ་གཏོར་སྐྱོན་ཤོར་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པས་འགན་སྲུང་རང་བཞིན་གྱི་སྡོད་ཁང་བེད་སྤྱོད་གཏོང་བའི་ལོ་ཚད་ཇེ་རིང་དུ་བཏང་ཡོད། 

ཏན་ཏིག་སྒོས་སྡོད་ཁང་སྒྱུར་བཅོས་གཞུང་སྡུད་ལ་སྐུལ་འདེད་བཏང་ནས་གཞུང་སྡུད་ཀྱི་གྲོས་མཐུན232བཞག་པ་དང་རིམ་རྩིས་བྱས་ན་གྱོང་གསབ་མ་དངུལ་སྒོར་ཁྲི3681བྱིན་པ་དང་། མ་དངུལ་སྒོར་ཁྲི1673.58བཏང་ནས་མཁར་གྲོང་གི་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་རྣམ་གྲངས6ལེགས་པོར་འགྲུབ། ནུས་ཤུགས་ཡོད་རྒུས་རྫོང་མཁར་དང་དཔལ་དགེ་གྲོང་རྡལ་གྱི་རྣམ་པ་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱས་ནས། གྲོང་ཁྱེར་གྲོང་གསེབ་ཀྱི་སྣང་བརྙན་སྔར་ལས་ཇེ་ལེགས་སུ་བཏང་སྟེ་རྣམ་པ་གསར་པ་བསྐྲུན་ཡོད།