མཱ་ཧྲིན་ལིན་གྱིས་དབང་བོ་སྐྱོང་ཅན་གསོ་སྐྱོང་ཞབས་ཕྱིའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།
发布时间:2024年03月29日 消息来源:

  
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་། རྫོང་དབང་བོ་སྐྱོན་ཅན་མཉན་འབྲེལ་ལྷན་ཚོགས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཟླ3པའི་ཚེས26ཉིན། རྫོང་དཔོན་གཞོན་པ་མཱ་ཧྲིན་ལིན་གྱིས་རྫོང་དབང་བོ་སྐྱོན་ཅན་གསོ་སྐྱོང་ཞབས་ཕྱི་ལྟེ་གནས་སུ་བསྐྱོད་དེ་སྒྲིག་གཞིའི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།དེ་བཞིན་བདེ་འཇགས་ཀྱི་མངོན་མེད་གནོད་སྐྱོན་གྲལ་བཤེར་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

图片

   མཱ་ཧྲིན་ལིན་གྱིས་གནས་དེའི་ལས་རེས་ཁང་དང་།བྱ་འགུལ་ཁང་།ཟ་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་ལྟ་ཞིབ་བྱས་ཤིང་།ཁོ་མོས་བཤད་རྒྱུར། དབང་བོ་སྐྱོན་ཅན་གསོ་སྐྱོང་ལྟེ་གནས་ལ་སྲིད་གཞུང་གིས་ཉོ་སྒྲུབ་ཞབས་ཕྱི་བྱེད་སྟངས་ལག་ལེན་དུ་བསྟར་ཡོད་ནའང་། འོན་ཀྱང་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངེས་པར་དུ་ལྟ་སྐུལ་དོ་དམ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁུར་དགོས་ལ། གསོ་སྐྱོང་ལྟེ་གནས་ཀྱི་ཆ་འགྲིག་པའི་སྒྲིག་བཀོད་དང་སྒྲིག་ཆས་རིམ་གྱིས་འཐུས་ཚང་དུ་བཏང་སྟེ། གསོ་སྐྱོང་ལྟེ་གནས་གི་བདེ་ཐང་དང་ནུས་སྟོབས། གོ་རིམ་ལྡན་པའི་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱ་དགོས།

   མཱ་ཧྲིན་ལིན་གྱི་ནན་གྱིས་བསྟན་དོན། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་འཇགས་ཐོན་སྐྱེད་ལ་དམ་པོར་དམིགས་ཏེ། ཐོག་མཐའ་བར་གསུམ་དུསེམས་ཁྲལ་བྱེད་པའིའགན་འཁྲིའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་ཁྱད་བསད་བྱས་ནས་དུས་བབ་ཀྱི་ལས་འགན་ཤེས་རྟོགས་བྱུང་བར་བྱེད་པ། བདེ་འཇགས་ཀྱི་མངོན་མེད་གནོད་སྐྱོན་དང་ཤུགས་ཞན་ས་སྣ་ཚོགས་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་ནན་པོ་བྱེད་པ།གློ་བུར་བའི་དོན་རྐྱེན་ཚབས་ཆེན་ཐོན་རྒྱུར་དོགས་ཟོན་བྱེད་པ་བཅས་བྱས་ཏེ་དབང་བོ་སྐྱོན་ཅན་གཅིག་སྡུད་གསོ་སྐྱོང་ཞབས་ཕྱིའི་སྒྲིག་གཞི་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྔར་ལས་འགན་སྲུང་བྱ་དགོས།  

图片

   མཱ་ཧྲིན་ལིན་གྱིས། གཅིག རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་གནས་མཐོ་རུ་བཏང་སྟེ་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང། དབང་བོ་སྐྱོན་ཅན་གཅིག་སྡུད་གསོ་སྐྱོང་ཞབས་ཕྱིའི་སྒྲིག་གཞིར་ལས་ཞུགས་མི་སྣའི་བདེ་འཇགས་གསོ་སྦྱོང་དང་སློབ་གསོར་མུ་མཐུད་དུ་ཤུགས་སྣོན་ཡག་པོ་རྒྱག་པ། གློ་བུར་རང་བཞིན་གྱི་བདེ་འཇགས་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་མ་ཆད་པར་མཐོ་རུ་གཏོང་དགོས།གཉིས། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་གཅེས་སྐྱོང་གི་ཞབས་ཕྱིའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་པ། དབང་བོ་སྐྱོན་ཅན་ལ་དཀའ་གནད་སེལ་བ་དང་།དོན་དངོས་ཀྱི་བྱ་བ་སྒྲུབ་པ། བདེ་སྐྱིད་ལྡན་པ་བཅས་བྱས་ཏེ། རང་རྫོང་གི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་སྤུས་ཚད་མཐོར་འདེགས་སྒོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་པ།  བྱ་བའི་སེམས་ཤུགས་གཅིག་ཏུ་སྒྲིལ་བ། བསམ་གཞིག་མཉམ་དུ་གཏོང་བ་དང་ནུས་ཤུགས་གཅིག་ཏུ་འདོན་པ། མང་ཚོགས་ཀྱི་གནད་དོན་དངོས་སྔར་ལས་ཐག་གཅོད་ཡག་པོ་བྱེད་ཐུབ་པ་བྱས་ཏེ། ཐུན་མོང་སྒོས་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ལེགས་པོར་བསྐྲུན་དགོས། བཞི།གསོ་སྐྱོང་ཞབས་ཕྱིའི་སྒྲིག་གཞི་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་།ཉམས་མྱོང་སྤྱི་བསྡོམས། བར་ཁྱད་བཅས་བྱེད་པ།  སྙིང་ཁོང་རུས་པའི་སྟེང་ནས་དབང་བོ་སྐྱོན་ཅན་ལ་སྔར་ལས་ལྷག་པའི་ཞབས་ཕྱི་ཡག་པོ་བཅས་བྱས་ཏེ། ཁོ་ཚོས་སྤྱི་ཚོགས་ཀྱི་ཁྱིམ་གཞི་དངོས་མའི་དྲོད་ཁོལ་ཚོར་ཐུབ་པར་བྱ་དགོས་པའི་བླང་བྱ་བཏོན།