མཚོ་སྔོན་པོ་ནི་བོད་མཁར་རྐང་ཚའི་ནོམ་ཞིག་ཡིན།
发布时间:2017年06月15日 消息来源:新闻中心

ཡིད་དུ་འོང་བའི་གཡུ་ཡི་མེ་ལོང་།

མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་རྐང་ཚ་རྫོང་དང་མདའ་བཞི་རྫོང་། གུང་ཧོ་རྫོང་གསུམ་གྱི་མངའ་ཁོངས་སུ་ཡོད་ལ། སྐམ་སའི་དབུས་ཁུལ་གྱི་མཚོའུ་ཆེ་ཤོས་དང་འཛམ་གླིང་སྟེང་ཆེས་ཆེ་བའི་ཚྭ་ལྡན་མཚོའུ་ཡིན། རྒྱ་ཁྱོན་ལ་སྤྱི་ལེ་བཞི་མ༤༤༥༦དང་མཐའ་འཁོར་རིང་ཚད་ལ་སྤྱི་ལེ་༣༦༠ལྷག་ཡོད། དེ་ནི་མཐོ་སྒང་འདིའི་ཁྱད་དུ་འཕགས་པའི་ནོར་བུ་ཞིག་དང་ཡིད་དུ་འོང་བའི་གཡུ་ཡི་མེ་ལོང་ཞིག་དང་ཀུན་ནས་མཚུངས། གཞན་ད་དུང་། མཚོ་སྔོན་པོའི་ཆགས་ཚུལ་ལ་གཏམ་རྒྱུད་དང་ངག་རྒྱུན་རང་བཞིན་སོགས་རིགས་མི་འདྲ་བའི་གཏམ་བརྗོད་སྣ་ཚོགས་ཡོད་ལ། དེ་དག་གིས་གནས་འདི་རུ་འཚོ་ཞིང་གཞེས་པའི་བོད་ཀྱི་རིག་གནས་ཀྱི་ཁུངས་ཡངས་བོ་ཞིག་སྟོན་གྱིན་པ་མ་ཟད་བོད་མི་དམངས་ཀྱི་བློ་གྲོས་ལས་མངོན་པའི་རིག་གནས་སྣ་ཚོགས་ཤིག་ཀྱང་ཚུར་སྣང་བྱེད་ཀྱིན་ཡོད་པས།འདི་ལ་འཚོལ་རྟོག་དང་བསམ་གཞིག་བྱོས་དང་ཁྱེད་ལ་བློ་བསྐྱེད་མི་དམན་པ་ངའང་ཐོབ་ངེས། 

  མཚོ་སྔོན་པོ་ནི་འདབ་ཆགས་སྟོང་གི་ཞིང་ཁམས་དང་གསེར་མིག་ཉ་ཡི་ཕ་གཞིས་དྲོན་མོ་ཞིག་ཡིན། མཚོ་སྙིང་མ་ཧ་དཱེ་ཝའི་གཟི་བྱིན་གྱི་འོད་ཟེར་འཕྲོ་ས་དང་བྱ་གླིང་མཚེར་བ་རིའི་རྔམ་བརྗིད་ཀྱི་སྙན་གྲགས་འབར་ས། འདྲེ་མོ་བྲག་དཀར་དང་ཏཱ་ལའི་ཆུ་མིག མཐའ་ཡས་པའི་རྩྭ་ཐང་དང་རྟ་ནོར་ལུག་གསུམ་གྱི་ལབ་ཙེ་སོགས། མཐའ་འཁོརགྱི་ཁྱད་མཚར་བའི་གནས་འགངས་ཆེན་དག་ལ་ལྟོས་དང་། ཁྱེད་ཉིད་སྲོལ་རྒྱུན་ཤེས་རིག་གི་དྲི་བསུང་འཐུལ་བའི་གནའ་བོའི་ཤེས་རིག་གི་ཞིང་ཁམས་ཤིག་ལ་འཁྲིད་ངེས།


 

མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་།


 

བྱ་གླིང་མཚེར་བ་རི།


མཚོ་མཆོད་ཆེན་མོ།


 

ནོར་ཕྱུགས་ལབ་ཙེ།


མཚོ་སྔོན་པོའི་གསེར་ཉ།


 

མཚོ་དར་ཡོད་པའི་ཟུར་ཞིག


 
བག་ཡངས་བའི་མཚོ་འགྲམ་གྱི་ལུག་ཁྱུ།

 

                                  རྩོམ་སྒྲིག་པ། ཚེ་དབང་རིག་འཛིན།

                                 པར་ལེན་པ། ཚེ་དབང་རིག་འཛིན།