རྐང་ཚའི་སྲོལ་རྒྱུན་འཚོ་བར་ཟབ་ཞུགས་ཀྱི་བྱ་འགུལ་སློབ་རར་སྤེལ་བ།
发布时间:2017年06月19日 消息来源:新闻中心

མི་རིགས་རེ་ལ་རང་གི་འཚོ་བའི་གོམས་གཤིས་རེ་ཡོད་ཅིང་། གོམས་གཤིས་དེ་དག་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་ཚིགས་མལ་རེ་ནས་མི་རིགས་རང་གི་ཐུན་མིན་ཁྱད་གཤིས་སུ་གྲུབ་ཡོད། ཁྱད་གཤིས་དེ་ནི་མི་རིགས་གང་དེའི་རང་ཉིད་མཚོན་བྱེད་ཀྱི་མིང་བྱང་ཡིན་ལ། མིང་བྱང་དེ་ནི་འཛམ་གླིང་རིལ་མོ་འདིའི་སྒང་ནས་རང་གི་སྒལ་ཚིགས་དྲང་བོར་བསྲིངས་པའི་གཞི་རྩ་ཡིན། དེ་བས་ང་ཚོར་ཅི་ཡང་མེད་ཀྱང་རང་གི་རིག་གནས་ཡོད་ལ། ཡུལ་སྲོལ་གྱིས་བསྐྱེད་པའི་རིག་གནས་དེའི་རྐྱེན་གྱིས། ང་ཚོའི་ཡིད་སེམས་ནམ་ཡང་ཕྱུག་པོ་ཡིན། ང་ཚོའི་ཟུངས་ཁྲག་ནམ་ཡང་དྲོན་པོ་ཡིན།

 དེ་ན་རིག་གནས་དང་གོམས་གཤིས་འདི་དག་ནམ་ཡང་སེམས་སུ་ཉར་ཞིང་རྒྱུད་ནས། བསྲིང་ཐུབ་པའི་རྟེན་འབྲེལ་དང་ལྷག་བསམ་གྱི་ཆེད་དུ་མཚོ་འཁྱིལ་ཤང་བཅའ་སྡོད་སློབ་ཆུང་གི་སྐད་ཡིག་གཞུང་ལས་ཁང་གིས་༢༠༡༧ལོའི་ཟླ་༥བའི་ཚེས་༡༦ཉིན་

བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཟབ་ཞུགས་བྱེད་པ་ཞེས་པའི་བྱ་འགུལ་དངོས་སུ་སྤེལ་ལ། བྱ་འགུལ་ལ་ཞུགས་པའི་དགེ་སློབ་ཁྱོན་བསྡོམས་པའི་༨༠༠ལྷག་ཡོད། དགེ་སློབ་མཉམ་འབྲེལ་དགོས་བོད་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཡོ་བསྲང་བྱེད་རྒྱུར་འབད་པ་མ་ཟད། དེང་རབས་སློབ་གསོའི་ཁ་ཕྱོགས་དང་བསྟུན་པའི་བོད་སྲོལ་རྒྱུན་འཚོ་བའི་ཟབ་ཞུགས་བྱ་ ་འགུལ་འདི་ལ་མཚོན་ན། སྐལ་ལྡན་སློབ་བུ་དག་གི་རུས་རྐང་ལ་མི་རིགས་ཀྱི་མདང་མ་ཡལ་བའི་སྣུམ་ཞག་གིས་བསྟིམས་ལ། འདི་ནི་མ་འོངས་མི་རིགས་ཀྱི་སློབ་གསོ་དང་སྲོལ་རྒྱུན་གཞི་གཅིག་ཏུ་གྲུབ་པའི་ཤེས་རིག་གི་ལམ་བུ་ཞིག་ཏུ་གྲུབ།

སློབ་རའི་བྱ་འགུལ་སྤེལ་བའི་ཡུལ་དངོས།


 

དགེ་སློབ་མཉམ་དུ་བྱ་འགུལ་ལ་ཟབ་ཞུགས་བྱེད་པ།


 

བོད་ལྭ་གྱོན་པའི་བྱ་འགུལ་གྱི་ཡུལ་དངོས།


 

སློབ་མས་རྩམ་པ་རྫི་བའི་རྣམ་པ།


 

དཔྱད་འདེམས་པའི་སྐར་མ་རྒྱག་བཞིན་པ།

རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས། ཚེ་དབང་རིག་འཛིན། པར་ལེན་པ། རྡོ་རྗེ་བཀྲ་ཤིས།