གསེར་ཉ་ཕྱིར་ལྡོག་གི་ས་གནས་བདམས་པར་བསྐྱོད་པའི་གནས་ཚུལ།
发布时间:2017年06月19日 消息来源:新闻中心

སྤྱི་ཟླ5པའི་ཚེས10ཉིན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཚོ་སྔོན་དུ་སྡོད་པའི་གསར་འགོད་པ་སྐོར་ཞིག་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་སྐོར་ཞིག་མཚོ་སྔོན་པོའི་འགྲམ་རྒྱུད་དུ་གནས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གཉིས་སུ་སོང་སྟེ། ད་ལོའི་གསེར་ཉ་ཕྱིར་ལྡོག་གི་གནས་ཚུལ་རྒྱུས་ལོན་དང་ཕྱིར་ལྡོག་ཐད་གཏོང་བྱེད་སའི་ས་གནས་བདམས་པར་བསྐྱོད།

ས་དེ་གར་འབྱོར་ནས་གནས་ཚུལ་རྒྱུས་ལོན་བྱེད་སྐབས། གནས་དེ་གའི་མགོ་ཁྲིད་དང་གསེར་ཉ་གསོ་སྤེལ་གྱི་ལས་རིགས་གཉེར་བའི་མི་སྣ་དག་གིས་བཤད་རྒྱུར། གསེར་ཉ་ལ་མཚོན་ན་ཚོགས་པའི་རང་བཞིན་དང་ཁྱིམ་རྒྱུད་ཀྱི་རང་བཞིན་སོགས་རྣམ་པ་མང་ལ། ཆུའི་སྤུས་ཚད་དང་རྩྭའི་སྤུས་ཚད་མི་འདྲ་བའི་ཆ་རྐྱེན་འོག་ཏུ་གསེར་ཉ་ཕྱིར་ལྡོག་བྱེད་པའི་གནས་ཚུལ་ཡང་མི་འདྲ་བ་དང་། མཚོ་སྔོན་པོའི་དགུན་དྲོ་དཔྱིད་འཁྱགས་ཀྱི་ནམ་ཟླས་ཀྱང་གསེར་ཉ་ཕྱིར་ལྡོག་པར་ཤུགས་རྐྱེན་མི་དམན་པ་ཐེབས་ཀྱི་ཡོད། ལོ་སྔོན་མ་དག་ལ་མཚོན་ན་སོས་ཀར་ནམ་ཟླ་དྲོ་སྐབས། གསེར་ཉ་ཕྱིར་ལྡོག་བྱེད་པའི་དུས་ཚོད་ཉིན་བཅོ་ལྔའི་སྔ་བ་ཡོད་ལ། གལ་ཏེ་ནམ་ཟླ་འཁྱགས་སྐབས་གསེར་ཉ་ཕྱིར་ལྡོག་བྱེད་པ་ལོ་སྔོན་མ་ལས་ཉིན་བཅོ་ལྔས་འཕྱི་ཟེར། དེ་ལས་གཞན་ལོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམིགས་སུ་བཟུང་སྟེ། གསེར་ཉ་རྒྱུན་ལྡན་ངང་ཕྱིར་ལྡོག་པར་ཁག་ཐེག་བྱེད་ཆེད་ཉ་ཕྲུག་གསོ་སྤེལ་ར་བ་དང་། གསེར་ཉ་ཕྱིར་ལྡོག་གི་བགྲོད་ལམ། ཆུ་མཛོད་སོགས་བསྐྲུན་ཏེ་སྔར་ལས་ལྷག་པའི་སྒོ་ནས་གསེར་ཉ་ཕྱིར་ལྡོག་པར་ཕན་བདེ་བསྐྲུན་ཡོད་ལ་གྲུབ་འབྲས་ཀྱང་མངོན་གསལ་གྱིས་བླངས་ཡོད་ཟེར།

མཚོ་སྔོན་པོའི་གསེར་ཉ་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་དེ་ལ་དམིགས་ནས་གསེར་ཉ་ཕྱིར་ལྡོག་གི་ཐད་ལ་ཤུགས་ཆེན་པོའི་རྒྱབ་སྐྱོར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བའི་ལས་དོན་ཞིག་ཡིན་ལ། དེའི་ཐད་ལ་འཛུགས་སྐྲུན་ལེགས་པོ་བྱས་ན་མུ་མཐུད་ནས་གསེར་ཉ་རྒྱུད་སྤེལ་བྱས་ཏེ་གསེར་ཉ་སྔར་ལས་མང་དུ་འཕེལ་ཐུབ་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནི་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་ནུས་ཆེན་པོ་ཡོད། དེར་མ་ཟད་རྒྱལ་ཁབ་ཀྱིས་འདིའི་ཐད་ལ་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་མཉམ་དུ། མང་ཚོགས་ཀྱིས་ཀྱང་རང་རྟོགས་སྒོས་གཙིགས་སུ་བཟུང་ནས་འདིའི་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ལས་དོན་གལ་ཆེན་ཞིག་རེད།

གསེར་ཉ་ཕྱིར་ལྡོག་གི་ཐད་ནས་གྲོས་མོལ་བྱེད་བཞིན་པ།


ཚོགས་འདུ་ཚོགས་བཞིན་པའི་རྣམ་པ།


གསེར་ཉ་ཕྱིར་ལྡོག་བྱེད་སའི་བགྲོད་ལམ།


ཉ་ཕྲུག་གསོ་སྤེལ་ར་བ།


གསེར་ཉ་ཕྱིར་ལྡོག་གི་ཐད་ནས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།


གནས་ཚུལ་རྟོག་ཞིབ་བྱེད་བཞིན་པ།


གསེར་ཉ་ཕྱིར་ལྡོག་བྱེད་སའི་བགྲོད་ལམ།