རྐང་ཚ་རྫོང་ཉ་གཟིགས་སྲོག་བླུ་སྐབས་བཅུ་བའི་དུས་ཆེན་གྱི་མཛད་སྒོ།
发布时间:2017年07月05日 消息来源:县新闻中心

མཚོ་སྔོན་པོའི་ནང་ན་གསེར་ཉ་མང་།།

ཉ་གསེར་མིག་དྭངས་གསལ་ཆུ་ལ་བརྟེན།།  

ཉ་རྐྱལ་རྩལ་རྒྱས་པ་ཆུ་ཡིས་དྲིན།།  

མཚོ་སྔོན་པོ་ཕ་མའི་ཕ་མ་ཡིན།།

དམངས་ཁྲོད་གླུ་གཞས་འདི་མང་ཚོགས་གི་ངག་ལས་ལོ་ངོ་བརྒྱ་ཕྲག་གྱི་རིང་ལ་ཉམས་པ་མེད་པར་ད་ལྟའི་བར་དུ་རྒྱུན་བསྲིངས་པ་རེད།  གནའ་བོའི་གླུ་གཞས་འདི་ལས་གསེར་ཉ་ནི་མཚོ་སྔོན་པོའི་བླ་སྲོག་ལྟ་བུར་མཚོན་ལ།  གནས་འདིའི་མང་ཚོགས་ནས་ཀྱང་ལོ་ངོ་མང་པོར་གསེར་ཉ་སྲུང་སྐྱོབ་ཀྱི་ལས་ལ་འབད་པ་ལྷོད་མེད་གནང་ ཡོད།  དེ་བས་ཡུལ་འདི་ལ་ཉ་མོ་སྲོག་བླུའི་དུས་སྟོན་དར་ཞིང་།  གནས་འདིའི་འབྲོག་པ་མང་ཚོགས་གིས་མཚོ་སྔོན་པོར་བཀུར་ཞིང་མཆོད་པ་དང་གསེར་ཉར་ཡ་ཐོད་ཀྱི་མིག་བཞིན་གཅེས་སྲུང་བྱེད་ཀྱིན་ཡོད ། དེ་བས་བོད་མཁར་རྐང་ཚས་ལོ་རེ་རེར་ཉ་གཟིགས་སྲོག་བླུའི་དུས་ཆེན་ལ་གཙིགས་ཆེན་དང་རྒྱུན་འཁྱོངས་བྱས་ནས་དར་སྤེལ་གཏོང་གིན་ཡོད།

༢༠༡༧ལོའི་ཟླ་༧པའི་ཚེས་༥ཉིན་རྐང་ཚ་རྫོང་ཉ་གཟིགས་སྲོག་བླུའི་སྐབས་བཅུ་བའི་དུས་ཆེན་མཛད་སྒོ་བོད་མཁར་རྐང་ཚའི་མདོ་དབུས་སྐྱེ་ཁམས་གླིང་གི་ཐང་ཆེན་ནས་གཟབ་རྒྱས་ངང་འཚོགས་ལ། ཐེངས་འདིར་རྐང་ཚ་རྫོང་གིས་མཚོ་སྔོན་པོའི་ཁོར་ཡུག་བདག་སྐྱོང་དང་། གསེར་ཉ་སྲུང་སྐྱོབ་ཐད་ལ་ངེས་པ་དོན་གྱི་སེམས་ཤུགས་འདོན་པ་གཞིར་བཞག་སྒོས་དུས་ཆེན་མཛད་སྒོ་རྒྱ་ཆེར་སྤེལ། དུས་ཆེན་འདིར་བོད་ཁམས་ན་མིང་དུ་གྲགས་པའི་གླུ་བ་གླུ་མ་རྣམས་གདན་འདྲེན་བྱས་ཡོད་པ་མ་ཟད། རྫོང་རྩྭ་ཐང་སྒྱུ་རྩལ་ཚོགས་པས་གྱ་ནོམ་པའི་འཁྲབ་སྟོན་བྱས ། འདི་ལས་ཡུལ་རྐང་ཚའི་ཆབ་དཔལ་རིག་གསུམ་གྱི་འཕེལ་རྒྱས་གོམ་ཁ་སྔར་ལས་ཇེ་མགྱོགས་ཇེ་རྒྱས་སུ་སོང་བ་མཚོན་ཡོད། ལོ་རེ་རེ་ཡི་ཉ་གཟིགས་སྲོག་བླུའི་དུས་ཆེན་སྔར་ལས་གཟབ་རྒྱས་དང་ཕུན་སུམ་ཚོགས་པས། བོད་མཁར་རྐང་ཚའི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་དང་ཡུལ་སྐོར་ལྗོངས་རྒྱུ།  སྐྱེ་ཁམས་ཁོར་ཡུག་སོགས་མདོར་ན་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་འཆམ་མཐུན་ངང་འཚོ་བའི་ཡིད་འོང་གི་སྣང་བརྙན་རེ་རེ་མ་འོངས་གོ་ལའི་ཁྱོན་ལ་ཁྱབ་པའི་ཡིད་ཆེས་བསྩལ།

གསེར་ཉའི་སྲོག་བླུའི་དུས་སྟོན་གྱི་ཡུལ་དངོས།


ཞིང་ཆེན་དང་ཁུལ་རིམ་པའི་གདན་ཞུའི་སྐུ་མགྲོན།


 

མཚོ་བྱང་ཁུལ་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཨ་དགེ་འདུན་གྱིས་དུས་སྟོན་གྱི་མཛད་སྒོ་ཕྱེ་བ།


 

རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་ཁྲིད་པ་དང་ཀྲུང་གོའི་ཟློས་གར་མཐུན་ཚོགས་གི་ཚོགས་མི་ལོ་ནེ་མེ་ཡིས་གཏམ་བཤད་གནང་བཞིན་པ།


 

ཞིང་ཆེན་ཕྱུགས་ལས་ཐུན་གི་ཐུན་ཀྲང་གཞོན་པ་ཀུའུ་ཨེ་ཅིས་གཏམ་བཤད་གནང་བཞིན་པ།


 

ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་གཙོ་གཞོན་པ་ཀུན་ཐོས་གཏམ་བཤད་གནང་


 

མཚོ་བྱང་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་རྐང་ཚ་རྫོང་རྫོང་ཨུ་ཧྲུའུ་ཅི་ལྷ་ཁོས་མདོ་འཛིན་བྱེད་བཞིན་པ།


 

མདོ་འཛིན་བྱེད་པའི་ཡུལ་དངོས།

གསེར་ཉའི་སྣང་བརྙན་མགྲིན་ཚབ་པ་ཁ་བའི་མེ་ཏོག་ཚན་སྡེབས།


གླུ་མ་སྒྲོལ་བྷེ་ཡི་སྙན་མོ་ངག་གི་འགྱུར་ཁུགས།


རྐང་ཚའི་རྩྭ་ཐང་སྒྱུ་རྩལ་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་ཞབས་བྲོ།



དུས་ཆེན་ཡུལ་དངོས་ཀྱི་ལྟད་མོ་བའི་ཟུར།

ཉ་གཟིགས་སྲོག་བླུ་དུས་སྟོན་རྒྱལ་ཁའི་ངང་མཇུག་སྒྲིལ་བ།


མཚོ་བྱང་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་རྐང་ཚ་རྫོང་རྫོང་ཨུ་ཧྲུའུ་ཅི་ལྷ་ཁོས་ཉ་མོ་སྲོག་བླུ་གཏོང་བཞིན་པ།



རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཆོས་རྒྱལ་དང་རྫོང་རྒྱུན་ལས་རྫོང་གཙོ་གཞོན་པ་ཀརྨ་ཚེ་བརྟན་སོགས་ཀྱིས་ཉ་མོ་སྲོག་བླུ་གཏོང་བ།

མང་ཚོགས་ཀྱིས་ཉ་མོ་སྲོག་བླུ་བྱེད་པའི་ཡུལ་དངོས།

 

རྩོམ་སྒྲིག་པ། བཀྲ་ཤིས་དོན་འགྲུབ། ཚེ་དབང་རིག་འཛིན།

པར་ལེན་པ། མགོན་པོ་དོན་འགྲུབ། བཀྲ་ཤིས་དོན་འགྲུབ།