རྐང་ཚའི་རྒད་པོ་འཇིགས་མེད་ལ་མི་ཚེའི་རིན་ཐང་མངའ།
发布时间:2017年09月22日 消息来源:

0O1A8099

ཁོ་བོས་རུས་ཆག་ནད་པར་སེམས་ཤུགས་སྦྱིན། ། ཁོ་བོའི་ལྷག་བསམ་དམངས་ཀྱི་སེམས་ན་དྲོ།།

 

རྒད་པོ་འཇིགས་མེད་ནི་༡༩༥༡ལོར་མདའ་བཞི་བྱ་ཁོག་སྡེ་བར་སྐྱེས་ལ། ལོ་བདུན་ཡས་མས་སུ་ཡུལ་རྐང་ཚར་ཡོང་ནས་མཚོ་གསར་སྡེ་བར་མི་ཚེ་གང་བོར་ཕྱུགས་རྫིའི་ལས་ལ་འབད། ཁོ་བོ་གཞན་དང་མི་མཐུན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ཆོས་ལ་བློ་དད་ཅིང་ལྷག་བསམ་རྣམ་དག་ཡོད་མཁན་ཞིག་ཡིན། ད་དུང་དགའ་ཕྱོགས་གཞན་ཞིག་ཡོད་པ་ནི་རྟ་ལ་དགའ་ཞིང་རྟ་རྒྱུག་ལ་དེ་བས་ཀྱང་མོས་པ་ཡོད།  དེ་བས་ས་གནས་མང་ཚོགས་ཀྱིས་ཁོ་ལ་སྐྱ་རྩལ་པ་འཇིགས་མེད་ཡང་ཟེར། དོན་གནད་མ་ཞིག་བཤད་ན་ཁོ་ལ་དམངས་ཁྲོད་ཀྱི་རུས་ཆག་ན་ཟུག་གཞོམས་པར་ནུས་པའི་ཡོན་ཏན་ཚང་ཕྱིར་ལྷ་རྗེ་ཞིག་གི་ཆོ་ལོ་ཡོད།

ཁོ་བོས་བཤད་རྒྱུར་མཚོ་སྔོན་པོའི་ཞིང་ར་ན་ཡོད་པའི་དཔའ་ལུང་གི་ཡིན་པའི་མིང་ལ་བཀྲ་ཤིས་སམ(བཀྲ་གྱོལ)ཟེར་བ་དེ་ཆག་ནས་ཁོ་བཙལ་དུ་ཐོན། དེ་དུས་ཁོ་ལོ་ཅོ་བརྒྱད་ཡིན་ཟེར། མི་དེར་གསང་བའི་སྒོ་ནས་ཆག་བཞག་པ་ནི་ཁོའི་མི་ཚེ་འདིའི་ཆག་འཇོག་པའི་ལམ་ཁ་ལ་གོམ་ཁ་དང་པོ་སྤོས་པ་ཡིན། དེའི་རྗེས་ནས་བཀྲ་གྱོལ་གྱིས་རྒྱ་མི་ཞིག་ཁྲིད་ཡོང་ལ(དེའི་མིང་ཡིད་ལ་མི་དྲན་ཟེར)དེ་ཡང་ཆག་བཞག་ནས་དྲག་ཏུ་བཅུག་ཟེར། འདི་ལྟར་ཆག་འཇོག་གྱི་ལས་ལ་གོམ་པ་ཁེར་སྤོ་ཉིས་སྤོ་བྱས། རྒྱུད་ལ་སྨན་གཞུང་སོགས་ཁྲིད་མྱོང་མེད་ལ། དགེ་རྒན་ཡང་བསྟེན་མ་མྱོང་བའི་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་རྒད་པོ་འདི་ཉམས་མྱོང་གི་འབེལ་གཏམ་བརྗོད་མཁན་ཞིག་དང་དམངས་ཁྲོད་ཀྱི་ལྷ་རྗེ་ལྷག་བསམ་ཅན་དུ་བསྔགས།

རྒོད་པོ་འཇིགས་མེད་ད་ལྟ་ལོ་ན་༦༦ལོན་ཡོད་པ་མ་ཟད། ཁོང་གི་མི་ལོ་༤༨ཀྱི་རིང་ལ་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་འབྲོག་པ་མང་ཚོགས་གཙོ་བྱས། རྨ་ལྷོ་དང་མཚོ་ལྷོ། མཚོ་ནུབ་བཅས་ཁུལ་འདི་དག་གི་རྒྱ་བོད་སོག་གསུམ་གྱི་མི་རིགས་ཀུན་ལ་ལྷག་བསམ་རྣལ་མས་རུས་ཆག་ནད་པ་༢༥༠༠ལྷག་ལ་ཆག་བཞག་པ་མ་ཟད་གཞན་སྨན་རིན་ལ་ཆེ་བྱིན་ཆུང་བྱིན་མེད། དཀའ་ངལ་ཅན་ལ་རིན་མེད་སྦྱིན་གཏོང་ཡང་གང་མང་བྱས་མྱོང་། འདི་ལྟར་ལག་རྩལ་གྱི་མངའ་ཐང་ཡར་ངོའི་ཟླ་གསར་བཞིན་འཕེལ་ལ།  ལྷག་བསམ་དང་གྲུབ་འབྲས་མི་དམངས་མང་ཚོགས་ཀྱི་སེམས་སུ་སྨིན་ཡོད་པ་ནི་ཁོ་བོའི་མི་ཚེ་འདིའི་བྱས་རྗེས་ག་ལ་མིན།

0O1A8094

ཨ་ལགས་ཁོ་ཚེ་ཡིས་གནང་བའི་བཀའ་དྲིན་ཞུ་ཡིག

0O1A8091

མདོ་ལ་རྫོང་གི་ནད་པའི་ཁྱིམ་བདག་གིས་སྦྱིན་པའི་གོས་དར།

0O1A8087

སྐྱེས་མ་ཆོས་སྒྲོལ་རྒྱལ་གྱིས་བྱིན་པའི་བྱ་དགའ།

རྒད་པོ་འདིའི་སྨན་ཁང་གྲགས་ཅན་སོགས་སུ་རྐང་ལག་གཅོད་ལ་ཉེ་བའི་རུས་ཆག་ནད་པ་དྲག་ཅན་དག་གསོ་བཅོས་བྱས་ནས་སེང་དྲག་ཏུ་བཏང་མྱོང་བ་དང་། ཉིན་མཚན་འགར་རུས་ཚིགས་སྤྲོད་མ་ཐུབ་པ་འགའ་ལ་ཚིགས་སྤྲད་པ་སོགས་ལག་རྩལ་བྱང་ཆུབ་པ་ལྡན། འདི་ལྟ་བུའི་ལག་རྩལ་གྱིས་ཁོ་ལ་མི་ཚེའི་གསོན་ཤུགས་རྒྱས་སུ་བཅུག་པ་དང་རྒད་པོ་ཁོང་གི་མཚན་སྙན་གྲགས་ཕྱོགས་སོ་སོར་ཁྱབ་པའི་དགོས་པ་སྩལ།

 

 

    ནང་དོན་སྤེལ་མཁན།  ཚེ་དབང་རིག་འཛིན། པར་ལེན་པ། ཚེ་དབང་རིག་འཛིན།