བོད་མཁར་རྐང་ཚའི་ན་གཞོན་པདྨ་ཚེ་རིང་གི་རྒྱུག་འགྲན་བྱ་བཞག་གི་ལམ་ཁ།
发布时间:2017年09月22日 消息来源:


微信图片_20170919151847.jpg

འདི་ནི་ད་ལོའི་པེ་ཅིན་རྒྱལ་སྤྱིའི་མ་ར་སོན་རྒྱུག་འགྲན་དང་རྒྱལ་ཡོངས་ཀྱི་རྒྱལ་ཁའི་འགྲན་བསྡུར་གྱི་ཡུལ་དངོས་པར་རིས་ཤིག་ཡིན་ལ། འདི་ལས་འུ་ཅག་སྟེ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་ཕྱོགས་དང་རྒྱ་མཚོའི་ངོས་ལས་སྨི་3200ཡན་དུ་གནས་པའི་རྐང་ཚ་མི་དམངས་ལ་ཐུན་མོང་མ་ཡིན་པའི་སྟོན་དུས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་སྦྱིན་བྱུང་།  ལྷག་པར་དང་རི་ཀླུང་མང་པོའི་ཁྲོད་ནས་གཡང་དཀར་ལུག་ཁྱུ་འདེད་བཞིན་པའི་ཕ་རྒན་པ་ཞིག་དང་ལྕི་འདམ་གྱིས་ཁེངས་བའི་རྡང་ནང་ན་ཐུལ་དཀར་འབྲི་མོ་འཇོ་བཞིན་པའི་མ་རྒན་མོ་ཞིག་ལ་མཚོན་ན་དེ་བས་ཀྱང་དར་རླུང་རྣ་བའི་བདུད་རྩིར་གྱུར་བའི་གཏམ་སྙན་ཞིག་ཅིས་ཀྱང་མིན་སྲིད་དམ།微信图片_20170919152029.jpg

   འདི་ནི་རྐང་ཚའི་སྟག་ཤར་ཞིག་གིས་ད་ལོ་སྟེ་2017ལོའི་ཟླ9པའི་ཚེས་17ཉིན་གྱི་ཞོགས་པའི་དུས་ཚོད་7:30སྟེང་རིང་ཚད་སྤྱི་ལེ་42.195ཅན་གྱི་པེ་ཅིན་རྒྱལ་སྤྱིའི་མ་ར་སོན་རྒྱུག་འགྲན་དང་རྒྱལ་ཡོངས་ཀྱི་རྒྱལ་ཁའི་འགྲན་བསྡུར་ཁྲོད་རྒྱལ་སྤྱིའི་ཨང་བཅུ་གཉིས་དང་རྒྱལ་ཡོངས་ཀྱི་ཨང་དང་བོ་ཐོབ་པའི་གཏམ་བཟང་རེད། འདི་ནི་མི་ཚེ་ཧྲིལ་བོར་ཕྱུགས་རྗེས་ནས་ནར་སོན་ཞིང་ཕྱུགས་རྗེས་ནས་རྒས་པའི་བཟའ་ཟླ་ཟུང་གི་མི་ཚེའི་གཟི་བརྗིད་ཅིག་དང་ཁོང་གཉིས་ཀྱི་བུ་པདྨ་ཚེ་རིང་གིས་ལོ་ངོ་དྲུག་གི་ལུས་རྩལ་ལམ་བུའི་སྟེང་གི་གྲུབ་འབྲས་འགངས་ཆེན་ཞིག་དང་མ་འོངས་པར་མུ་མཐུད་དུ་འབད་བརྩོན་བྱ་རྒྱུའི་དམིགས་འབེན་ཞིག་ཀྱང་རེད།微信图片_20170919152156.jpg

ལུས་རྩལ་པ་པདྨ་ཚེ་རིང་ནི་ལོ་རབས་90ནང་རྐང་ཚ་རྫོང་དཔལ་དགེ་ཡུལ་ཚོའི་གཉའ་ཞོལ་མ་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་།  ཆུང་དུས་ནས་རྐང་རྒྱུག་ལུས་རྩལ་ལ་དགའ་ཞིང་ལྡེམ་མྱུར་ཅན་གྱི་གཟུགས་གཞིའི་ཁོའི་དགའ་ཕྱོགས་ལ་ཆ་རྐྱེན་མང་བོ་ཞིག་སྐྲུན་འདུག    པདྨ་ཚེ་རིང་ཁོ་ནི་ས་གནས་ཀྱི་འབྲིང་རིམ་སློབ་མ་ཞིག་ནས་རིམ་བཞིན་རྒྱལ་ཁབ་རིམ་པའི་རྐང་རྒྱུག་ལུས་རྩལ་པ་ཞིག་ཏུ་གྱུར་བ་ཡིན་ལ།  གཤམ་ནས་ང་ཚོས་ཁོའི་ལུས་རྩལ་ལམ་བུའི་སྟེང་གི་གྲུབ་འབྲས་དང་སྙིང་སྟོབས་ལ་རེ་རེར་བཞིན་ལ་ཕྱིར་རྟོགས་ཅིག་བྱ།

1.2010ལོའི་ཟླ་4བར་རྐང་ཚ་རྫོང་གིས་སྤེལ་བའི་ཁུལ་རིམ་པའི་འདེམ་རྒྱུག་འགྲན་བསྡུར་ཁྲོད་རིང་ཚད་སྨི་5000ཅན་གྱི་འགྲན་སྐོར་དུ་ཨང་དང་བོའི་བྱ་དགའ་ཐོབ།

2.2010ལོའི་ཟླ་6པར་མཚོ་བྱང་ཁུལ་གྱིས་སྤེལ་བའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་པའི་འདེམ་རྒྱུག་འགྲན་བསྡུར་ཁྲོད་རིང་ཚད་སྨི་5000ཅན་གྱི་འགྲན་སྐོར་དུ་ཨང་དང་པོའི་བྱ་དགའ་ཐོབ།

3.2010ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་བའི་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་གཟུགས་གཞི་བདེ་འཇུག་འགྲན་ཚོགས་སྟེང་རིང་ཚད་སྨི་3000ཅན་གྱི་འགྲན་སྐོར་དུ་ཨང་དང་བོའི་བྱ་དགའ་ཐོབ་པ་དང་རིང་ཚད་སྨི་5000ཅན་གྱི་འགྲན་སྐོར་དུ་ཡང་བསྐྱར་ཨང་དང་པོའི་བྱ་དགའ་ཐོབ་ལ།   དེ་མིན་སྐབས་དེའི་འགྲན་ཚོགས་ཀྱི་ཀུན་སྤྱོད་དར་སྲོལ་པའི་མཚན་སྙན་ཀྱང་ཐོབ།

4.2012ལོའི་ཟླ3པར་སྐབས་བཅུ་བའི་རྒྱལ་ཡོངས་ཧེ་ཨར་ཟི”(海尔斯)རྟགས་མའི་དཔོང་ཕྱིའི་དམིགས་འགྲན་འགྲན་རྒྱུག་ཁྲོད་རིང་ཚད་སྤྱི་ལེ6ཅན་གྱི་ན་ཆུང་འགྲན་སྐོར་དུ་ཨང་ལྔ་བའི་བྱ་དགའ་ཐོབ།

5.2012ལོའི་ཟླ12པའི་ཚེས5ཉིན་པེ་ཅིན་མ་ར་སོན་རྒྱུག་འགྲན་ཕྱེད་ཀའི་འགྲན་སྡུར་ཁྲོད་ཨང་བདུན་པའི་བྱ་དགའ་ཐོབ།

6.2013ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་དུ་རིང་ཚད་སྨི་10000ཅན་གྱི་སྐྱེས་པའི་འགྲན་སྐོར་ལ་ཞུགས།

7.2014ལོའི་ཟླ་8པར་མཚོ་སྔོན་ཞིང་ཆེན་སྐབས་བཅུ་དྲུག་པའི་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་གཟུགས་གཞི་བདེ་འཇུག་འགྲན་ཚོགས་སྟེང་རིང་ཚད་སྨི་1500ཅན་གྱི་སྐྱེས་པའི་འགྲན་སྐོར་དུ་ཨང་དང་བོའི་བྱ་དགའ་ཐོབ་པ་དང་ཡང་བསྐྱར་སྐབས་དེའི་འགྲན་ཚོགས་ཀྱི་ཀུན་སྤྱོད་དར་སྲོལ་པའི་མཚན་སྙན་ཐོབ།

8.2014ལོར་རྒྱལ་ཡོངས་མཆོང་རྒྱུག་དམིགས་འགྲན་འགྲན་རྒྱུག་གི་འགྲན་སྡུར་སྟེང་རིང་ཚད་སྨི་5000ཅན་གྱི་སྐྱེས་པའི་འགྲན་རྒྱུག་ཁྲོད་ཨང་བཞི་བའི་བྱ་དགའ་ཐོབ།

9. 2015ལོའི་ཟླ7པར་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་ལུས་རྩལ་སློབ་གླིང་ལ་རྒྱུགས་འཕྲོད།

10.2016ལོར་རྒྱལ་ཡོངས་མཆོང་རྒྱུག་གི་བྱ་དགའ་ཆེན་མོའི་འགྲན་བསྡུར་ཐེ་ཡོན་འགྲན་ཚིགསཁྲོད་རིང་ཚད་སྨི་5000ཅན་གྱི་སྐྱེས་པའི་འགྲན་སྐོར་དུ་ཨང་བཞི་བའི་བྱ་དགའ་ཐོབ།

11.2017 ལོར་རྒྱལ་ཡོངས་མཆོང་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར་ཧྲིན་ཀྲིན་འགྲན་ཚིགསསྟེང་རིང་ཚད་སྤྱི་ལེ་10ཅན་གྱི་འགྲན་སྐོར་དུ་ཨང་བཞི་བའི་བྱ་དགའ་ཐོབ།

 

 

 

 

རྩོམ་སྒྲིག་པ། དོན་འགྲུབ་སྒྲོལ་མ།