སྲོལ་རྒྱུན་རིག་གནས་ཀྱི་བཅུད་མ་ཉམས་པའི་མཚོ་གསར་སྡེ་བ།
发布时间:2017年11月03日 消息来源:新闻中心

རྩྭ་སྟེང་ན་འཕྱོ་བའི་གཏམ་གྱི་མཆོད་པ།

 


གར་གྱི་སྟངས་སྟབས།

 



རྒྱུད་སྐུད་ལ་རྒྱུས་པའི་དབྱངས་ཀྱི་མཆོད་པ།

 



ཕ་ཁྱིམ་དྲོན་མོའི་སྦྲང་དཀར་རྩམ་པ།

 



སྟག་ཤར་བའི་དཔུང་རྩལ་ངོམས་པའི་འཚོ་བའི་བྲིས་རིས།

 



གཡག་རོག་གི་ཟེ་བས་བཏེགས་པའི་འཁོར་བའི་གཏམ་རྒྱུད།

 



གྱི་ལིང་གི་རྨིག་སྒྲར་འཁོར་བའི་གཞོན་པའི་ཉམས་སྣང་།

 





དྲན་རྟེན་ཨ་ལོང་མ།

  མཚོ་གསར་སྡེ་བ་ནི་སྤྱི་ལོ་1958ལོར་མདའ་བཞི་རྫོང་གི་དཀར་ཐང་མར་ཁུའི་མཚོ་མོ་ནས་སླེབས་པའི་ད་སྐབས་ཀྱི་རྐང་ཚའི་ཚོ་བ་ཞིག་ཡིན་ལ། སྡེ་བ་འདིས་མི་རིགས་མཐུན་སྒྲིལ་དང་ཕྱུགས་ལས་ཐོན་སྐྱེད། འཛུགས་བསྐྲུན་གསར་གཏོད་སོགས་ཕྱོགས་གང་ཐད་ནས་འབད་པ་ལྷོད་མེད་བྱས་ཏེ་མ་འོངས་འཕེལ་རྒྱས་ཀྱི་རྟེན་གཞི་ཡག་པོ་བསྐྲུན་ཡོད་ལ། ལྷག་པར་དུ2017ལོའི་ཟླ11པའི་ཚེས2ཉིན། དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་ཆེད། བོད་ཀྱི་སྲོལ་རྒྱུན་རིག་གནས་སྟེ་གཡག་ལ་ཁལ་བཀལ་བ་དང་རྩམ་པ་འཐག་པ། རྟ་ལ་སྒ་བསྟད་པ། ཤོམ་འགྱིང་སོགས་གཞིར་བཟུང་སྟེ་ཞབས་བྲོ་དང་དང་རྡུང་ལེན་སོགས་ལྟད་མོ་གྱ་ནོམ་པ་བདག་གཞི་མགྲོན་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བཤམས།  འདི་ལས་དུས་རབས་གསར་བའི་གོམ་ཁ་ལས་འཕོས་པའི་དེ་རིང་གི་འཕེལ་རྒྱས་མཚོན་ལ། མ་འོངས་སྲོལ་རྒྱུན་རིག་གནས་ལ་ཡིད་ཀྱི་གཏིང་དང་སེམས་ཀྱི་ཟབ་ས་ནས་རྒྱུན་སྐྱོང་སྤེལ་གསུམ་བྱ་རྒྱུ་དང་དུས་ཀྱི་འཕོ་འགྱུར་ཀློང་ནས་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་བརྟན་པོར་སྲུང་དེ་ཡུལ་རྐང་ཚའི་ཆབ་དཔལ་རིག་གསུམ་གྱི་ལམ་ཁ་སྔར་ལས་ཡངས་བའི་འདུན་མ་མཚོན།

རྩོམ་སྒྲིག་པ། མགོན་པོ་དོན་འགྲུབ། ཚེ་དབང་རིག་འཛིན། ཚེ་རིང་སྒྲོལ་མ།