མཛེས་པའི་ཕ་ས་སྐྱིད་སྨོན་ཡུལ་ལྗོངས།
发布时间:2017年11月07日 消息来源:新闻中心


སྐྱིད་སྨོན་ཅོག་ཙེ་རི་བོ།



ཕྱུག་ནོར་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་།



 ཤྭ་ལུང་གདོད་མིའི་བྲག་རིས།

རྣམ་དག་བོད་པའི་འཚོ་བ།

 གྱང་ངོས་ཀྱི་སྐྱེ་ཁམས་ཁོར་ཡུག་མཚོན་པའི་ཚོན་མདོག་གི་རི་མོ།



སྐྱིད་ཆུའི་འགྲམ་གྱི་སྐྱིད་པའི་སྐོར་བྲོ།

རང་བྱུང་བྲག་གི་དུང་དཀར།

བྲག་ངོས་གཟར་བོ་ན་འབབ་པའི་རྦབ་ཆུ།

རྦབ་ཆུའི་དར་གྱི་ཡོལ་བ།

 

སྐྱིད་སྨོན་ཡུལ་ཚོ་ནི་རྐང་ཚ་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་དྲུག་ཅུ་ལྷག་གི་མཚམས་སུ་་སྐྱིད་སྨོན་ཅོག་ཙེ་རི་བོའི་འདབས་རོལ་ན་ཆགས། ཡུལ་ཚོ་དེ་ནི་རྐང་ཚ་རྫོང་གི་ལམ་ཐག་ཆེས་རིང་བའི་ཡུལ་ཚོ་ཡིན་པ་མ་ཟད་རུ་མང་སྡེ་བ་དང་དཔོན་ཚང་གོང་མ་སྡེ་བ། ཕྱུག་ནོར་གོང་མ་སྡེ་བ། ཕྱུག་ནོར་ཞོལ་མ་སྡེ་བ། ཞང་ཡང་སྡེ་བ་བཅས་སྡེ་བ་ལྔ་ཡོད།  ཕྱུགས་རིགས་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་བའི་འབྲོག་སྡེ་ཆེན་མོ་ཞིག་ཀྱང་ཡིན། དེ་མིན་ཀུན་གྱིས་རྐང་ཚའི་ནོར་གནག་གི་ཕ་ས་ཞེས་ཁ་མིན་སེམས་ནས་འབོད་ཀྱིན་ཡོད། གནས་འདིར་གྲོང་རུ་དགོན་གཉིས་ཀྱི་དད་པའི་ཞིང་ས་དང་དགེ་འདུན་མང་པོའི་འདུ་གནས་ཕྱུག་ནོར་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་། རུ་མང་དགོན་བཤད་སྒྲུབ་བཀྲ་ཤིས་དར་རྒྱས་གླིང་དང་དཔོན་ཚང་དགོན་སོགས་བསྟན་པའི་་བསྟི་གནས་གལ་ཆེན་སྣང་། གཞན་ཡུལ་ཚོ་འདི་རུ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་ཤྭ་ལུང་གདོད་མིའི་བྲག་རིས་ངོ་མཚར་ཁྱད་དུ་འཕགས་ལ་འདི་ནི་ཞིང་ཆེན་རིམ་པའི་རིག་གནས་སྲུང་སྐྱོབ་ས་ཁུལ་ཡང་ཡིན། དུང་དཀར་ལུང་བའི་ཕུགས་སུ་དུས་བཞིའི་འཕོ་འགྱུར་ཀློང་ན་མཛེས་སྡུག་གི་ཉམས་ངོམ་ལ་ཡིད་དབང་འཕྲོག་ཐུབ་པའི་རྦབ་ཆུ་དེ་གླང་ཆེན་ཁ་འབབ་ལྟ་བུའི་ལྟད་མོ་ཡོད། ཡུལ་ཚོ་འདིའི་འདུས་སྡོད་གཞིས་ཁུལ་གྱི་གྱང་ངོས་སུ་ས་འདིའི་མི་རིགས་གོམས་སྲོལ་དང་རིག་གནས་མཚོན་པའི་རི་མོ་ཅི་རིགས་བཀོད་ཡོད་པ་དེའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་བ་དང་གནས་འདི་ནི་མ་འོངས་རིག་གནས་ཀྱི་ལམ་ཁ་ཆེན་པོ་ཞིག་ཏུ་སྙེགས་ཐུབ་པར་ཕྱོགས་ཀུན་ནས་མཚོན།

པར་ལེན་པ། མགོན་པོ་དོན་འགྲུབ།

རྩོམ་སྒྲིག་པ། ཚེ་དབང་རིག་འཛིན།