刚察县公安局通告
བརྡ་སྦྱོར།
མིག་སྔར། རང་རྫོང་གི་ཡུལ་སྐོར་དུས་ཚིགས་དང་བསྟུན་ནས་མགྲོན་པོ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། མགྲོན་ཁང་རེ་འགའ་ཡིས་་འོས་འཚམས་མིན་པའི་ཚོང་ལས་གཉེར་སྟངས་ཅུང་ཙམ་མངོན་གསལ་དུ་གྲུབ་འདུག མགྲོན་ཁང་འགའ་རེ་ཡིས་མིང་ཐོ་ཐོ་འགོད་དང་དངོས་གྲངས་ཐོ་འགོད་སོགས་འབྲེལ་ཡོད་གཏན་ཁེལ་ལག་བསྟར་བྱས་པ་མི་བཟང་པ་མ་ཟད། མེ་འགོག་ཡོ་བྱད་ཀྱི་སྤྱོད་ཡུན་དུས་ཚིགས་བདའ་ནས་ནུས་བ་མི་ཐོན་པས་མེ་འགོག་བདེ་སྲུང་ལ་ཉེན་ཁ་བཟོས་ཡོད་པ་དང་། ཡང་མགྲོན་བདག་རེ་འགའ་ཡིས་ཚོང་གཉེར་ས་ཁོངས་ལས་བརྒལ་ཏེ་འོས་འཚམས་མིན་པའི་འགྲན་རྩོད་དམ་མགྲོན་འབོད་བྱས་ནས་མཁར་གྲོང་སྣང་བརྙན་དང་ཚོང་རའི་སྒྲིག་ལམ་ལ་གཏོར་བརླགས་དང་ཤུགས་རྐྱེན་ངན་པ་བཟོས་འདུག དེ་ལས་ཀྱང་མགྲོན་ཁང་འགའ་རེ་ལ་ཚོང་གཉེར་ཡི་གེ་སོགས་འབྲེལ་ཡོད་དཔང་ཡིག་མེད་པར་ཚོང་ལས་གཉེར་བ་སོགས་ཚབས་ཆེན་པོས་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་དང་འགལ་འདུག་པས། གཤམ་གྱི་བརྡ་སྦྱོར་འདི་ལ་དོ་སྣང་བྱེད་རོགས།
གཅིག བརྡ་སྦྱོར་བཏང་བའི་ཉིན་མོ་ནས་བཟུང་། ཚོང་གཉེར་ཡི་གེ་བླངས་མེད་པ་དང་ཚོང་གཉེར་ཡི་གེའི་འགྲོ་ལུགས་སྒྲུབ་བཞིན་པའི་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་། ཡུལ་སྐོར་མགྲོན་ཁང་། གནས་སྡོད་མགྲོན་ཁང་གང་ཡིན་ཡང་ཁྲིམས་འགལ་གྱི་ཚོང་གཉེར་བྱ་སྤྱོད་འཚམས་འཇོགས་དགོས་པ་མ་ཟད། སྒོ་བྱང་སོགས་རང་འགུལ་གྱིས་དོར་དགོས།
གཉིས། ཚོང་གཉེར་ས་ཁོངས་ལས་བརྒལ་ཏེ་མགྲོན་འབོད་གཏན་ནས་བྱེད་མི་ཆོག་པ་དང་། ཁྲིམས་འགལ་གྱི་ཚོང་གཉེར་བྱ་སྤྱོད་འཚམས་འཇོགས་དགོས།
གསུམ། ཚོང་གཉེར་ཡི་གེ་བླངས་མེད་པ་རྣམས་ཀྱིས་ཉིན་བདུན་གྱི་རིང་ལ་ཚོང་གཉེར་ཡི་གེ་བླངས་ཏེ། ཁྲིམས་མཐུན་གྱིས་ཚོང་གཉེར་བྱེད་དགོས། གལ་ཏེ་སྔར་བཞིན་ཁྲིམས་འགལ་གྱིས་ཚོང་གཉེར་བྱས་ཚེ། དམིགས་གསལ་ཅི་ཡང་མེད་པར། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་ངེས།
བཞི། ཁྲིམས་འགལ་གྱིས་ཚོང་ལས་གཉེར་བ་གཏན་འགོག་བྱས་ཡོད། ཚོང་གཉེར་ཡི་གེ་མེད་པ་དག་གིས་འབྲེལ་ཡོད་ལས་ཁུངས་དག་ལ་མཉམ་འབྲེལ་བྱས་ནས་ཁྲིམས་མཐུན་ངང་ཚོང་ལས་གཉེར་དགོས།
ལྔ། ཚོང་གཉེར་ཡི་གེ་མེད་པར་ཁྲིམས་འགལ་གྱིས་མགྲོན་ཁང་གཉེར་མཁན་དག་ལ། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས>>དང་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས།>> <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ངོ་རྒོལ་བཅའ་ཁྲིམས།>> <<དམིགས་གསལ་ལས་རིགས་དོ་དམ་སྲོལ་ཡིག>> <<མེ་འགོག་བཅའ་ཁྲིམས>>སོགས་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་ཁྲིམས་ཚན་ལྟར་ཐག་གཅོད་བྱ་རྒྱུ།
རྐང་ཚ་རྫོང་སྤྱི་བདེ་ཅུའུ
སྤྱི་ལོ་2017ལོའི་ཟླ་7ཚེས་7ཉིན་ལ
通 告
目前,正值我县旅游旺季,游客日渐增多,旅馆住宿行业的不规范经营的行为有所突显。部分旅馆住宿业不能严格落实实名验证、实数登记等相关规定,消防设施老旧失效,治安、消防隐患突出;部分业主公然在经营场所之外招揽拉客或不正当价格竞争,严重影响了城镇形象,扰乱了市场秩序;尤其是部分旅馆住宿行业在没有办理相关证件的情况下无证经营,严重违反相关法律、法规。为此,作如下通告:
一、自通告下发之日,没有办理或正在办理旅馆住宿业相关营业手续的宾馆、家庭旅馆、旅社、驿站等一律自行停止违法经营行为,自行拆除外观标识。
二、严禁在经营场所之外招揽拉客,立即停止非法经营的行为。
三、无证经营者七日内到相关部门办理登记手续,合法经营。对不办证仍非法经营的,一经查获,不讲客观原因,依法从重、从严处罚。
四、严禁无证经营,对无证者相关部门联合执法,依法取缔。
五、对于无证、违法经营的宾馆业,将依据《中华人民共和国刑法》、《中华人民共和国治安管理处罚法》、《中华人民共和国反恐怖主义法》、《特种行业管理条例》、《消防法》等相关法律进行查处打击。
刚察县公安局
二〇一七年七月七日