2020年刚察县“庆五一”促消费活动公告
发布时间:2020年04月27日 消息来源:  刚察县工业商务和信息化局

为积极应对新冠疫情不利因素,提振市场消费信心,培育壮大消费新增长点,促进全县消费持续稳步回升。根据县人民政府安排,县工业商务和信息化局在全县商贸领域开展“庆五一”促消费专项活动,现将有关事宜公告如下。 

一、活动目的 

通过开展“庆五一”促消费活动,刺激市场消费,拉动县域内需,实现全县经济持续健康发展。

二、活动时间

2020年4月28日—2020年5月15日

三、活动对象

全县广大干部群众

四、参加活动商家

县海滨购物中心、县多惠家超市、县佳乐福超市、县永海家电城(海尔专卖店)、县华鼎商贸有限公司

 五、活动方式

“庆五一”促消费活动期间,广大干部群众凭消费券到参与活动的商家购买食品、电器等日常生活用品,即可抵扣一定比例的消费额。

六、活动规则

(一)2020年4月28日上午10:00,在海滨购物中心门口举行“庆五一”促消费专项活动启动仪式。现场发放一部分消费券,先到先得,领完为止。其余消费券通过县直各单位、各部门及各社区发放到广大干部居民手中。

(二)消费券不兑现、不找零,可累计使用,抵扣消费额的10%。

(三)消费券须在有效期内使用,逾期作废,不予补偿。

(四)消费券加盖公章有效,最终解释权归刚察县工业商务和信息化局所有。

(五)参加启动仪式和进店购物的广大干部群众请自行配戴口罩,各参加活动商家做好店内消杀防疫工作。

 

 

 

            刚察县工业商务和信息化局

                  2020年4月27日

རྐང་ཚ་རྫོང་གིས2020 ལོའི “ལྔ་གཅིགདུས་སུ་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་བའི་ཐད་ཀྱི་སྤྱི་བསྒྲགས།

པྲོག་དབྱིབས་ནད་དུག་གི་ཤུགས་རྐྱེན་ལྡོག་ཐབས་དང་། ཚོང་རའི་འཛད་སྤྱོད་སེམས་ཤུགས་མཐོར་འདེགས་ཡོང་བ། འཛད་སྤྱོད་འཕར་སྣོན་ཚད་ཇེ་མཐོར་གཏོང་བ། རྫོང་ཡོངས་ཀྱི་འཛད་སྤྱོད་གནས་བབ་མུ་མཐུད་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར། རྫོང་བཟོ་ལས་ཚོང་དོན་ཆ་འཕྲིན་ཅུས་རྫོང་ཡོངས་ཀྱི་ཉོ་ཚོང་ཁྱབ་ཁོངས་སུལྔ་གཅིགའཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། འབྲེལ་ཡོད་གནས་ཚུལ་སྤྱི་བསྒྲགས་སྤེལ་བ་གཤམ་གསལ་ལྟར།

གཅིག བྱེད་སྒོའི་དམིགས་ཡུལ།

ལྔ་གཅིགའཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་བ་བརྒྱུད་དེ། ཚོང་རའི་འཛད་སྤྱོད་ལ་མཐུན་རྐྱེན་སྦྱོར་བ་དང་། རྫོང་ཁོངས་ཀྱི་ནང་མཁོ་རྒྱ་སྐྱེད་ཡོང་བ། རྫོང་ཡོངས་སུ་དཔལ་འབྱོར་མུ་མཐུད་ནས་བདེ་བླག་ངང་འཕེལ་རྒྱས་ཡོང་བ་བཅས་ཀྱི་ཐབས་ལ་དམིགས་པ་ཡིན།

གཉིས། བྱེད་སྒོ་སྤེལ་བའི་དུས།

2020ལོའི་ཟླ4བའི་ཚེས28ཉིན་ནས2020ལོའི་ཟླ5བའི་ཚེས15བར་ཡིན།

གསུམ། བྱེད་སྒོ་སྤེལ་ཡུལ།

རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས།

བཞི། བྱེད་སྒོར་ཞུགས་པའི་ཚོང་ཁང་།

རྫོང་མཚོ་འགྲམ་ཉོ་བསྒྲུབ་ལྟེ་གནས། ཀུན་ཕན་སྒོ་རྩིས་ཚོང་ར། ཡང་རྩེ་ཚོང་ར། ཡོང་ཧེ་གློག་ཆས་ཚོང་ར། ཧེ་ཨེར་ཆེད་འཚོང་ཁང་།ཡང་རྩེ་ཚོང་ཁྲོམ་བཅས་ཡིན།

ལྔ། བྱེད་སྒོའི་རྣམ་པ།

ལྔ་གཅིགའཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་བའི་སྐབས་སུ། རྒྱ་ཆེའི་ལས་བྱེད་མང་ཚོགས་ནས་ཐེངས་འདིའི་འཛད་སྤྱོད་བྱང་བུ་ཁྱེར་ནས་གཏན་འཁེལ་ཚོང་ཁང་གི་ཟས་རིགས་དང་གློག་ཆས་སོགས་ཉེར་མཁོའི་ཅ་ལག་ཉོས་ན་གཏན་འཁེལ་ནང་བཞིན་རིན་གོང་མར་བཅག་ནས་བཙོང་རྒྱུ་ཡིན།

དྲུག བྱེད་སྒོའི་སྒྲིག་སྲོལ།

གཅིག 2020ལོའི་ཟླ4བའི་ཚེས28ཉིན་གྱི་ཞོགས་པའི་ཆུ་ཚོད10:00སྟེང་མཚོ་འགྲམ་ཉོ་བསྒྲུབ་ལྟེ་གནས་ཀྱི་མདུན་སྒོརལྔ་གཅིགའཛད་སྤྱོད་སྐུལ་སྤེལ་བྱེད་སྒོའི་དབུ་འབྱེད་མཛད་སྒོ་བསྡུ་རྒྱུ་ཡིན་པ་དང་། ཡུལ་དངོས་སུ་འཛད་སྤྱོད་བྱང་བུ་སྐོར་ཞིག་རྒྱ་ཆེའི་མང་ཚོགས་ཁྲོད་དགྲམ་རྒྱུ་ཡིན། གཞན་པའི་བྱང་བུ་དག་རྫོང་གཏོགས་ལས་ཁུངས་སོ་སོ་དང་གཞིས་ཁུལ་བརྒྱུད་ནས་རྒྱ་ཆེའི་ལས་བྱེད་པ་དག་ལ་སྤྲོད་རྒྱུ་ཡིན།

གཉིས།འཛད་སྤྱོད་བྱང་བུ་སྒོར་མོར་མི་བརྗེ་བ་དང་སིལ་སྒོར་ཕྱིར་མི་བསློག་པ་མ་ཟད། སྤྱི་སྡོམ་གྱིས་བེད་སྤྱོད་གཏོང་མི་ཆོག འཛད་སྤྱོད་གོང་ཐང10%ཡིན།

གསུམ།འཛད་སྤྱོད་བྱང་བུ་གཏན་འཁེལ་གྱི་དུས་ཡུན་ནང་བེད་སྤྱོད་བཏང་ཚར་དགོས།

བཞི།འཛད་སྤྱོད་བྱང་བུར་ཐམ་ག་བརྒྱབ་རྗེས་ད་གཟོད་སྤྱོད་གོ་ཆོད་པ་ཡིན། མཐའ་མའི་འགྲེལ་བརྗོད་བྱེད་དབང་རྫོང་བཟོ་ལས་ཚོང་དོན་ཆ་འཕྲིན་ཅུ་ལ་ཡོད་པ་ཡིན།

ལྔ།མཛད་སྒོར་ཞུགས་མཁན་ནམ་དངོས་ཟོང་ཉོ་མཁན་ཚང་མས་ཁ་ཐུམ་རྒྱག་དགོས་པ་དང་། བྱེད་སྒོར་ཞུགས་པའི་ཚོང་བདག་གིས་ཚོང་ཁང་གི་རིམས་འགོག་ལས་དོན་ལེགས་པོར་བསྒྲུབ་དགོས།


 

 

                                རྐང་ཚ་རྫོང་བཟོ་ལས་ཚོང་དོན་ཆ་འཕྲིན་ཅུ་ནས།

                                     2020ལོའི་ཟླ4བའི་ཚེས27ཉིན།