刚察县森林草原防火禁火令的通告
发布时间:2022年11月25日 消息来源:县应急局

当前,正值新冠感染疫情防控的关键时期,也是全县森林草原火灾高发时段,为坚决做到新冠感染疫情防控和森林草原防火工作两手抓、两不误,有效预防森林草原火灾的发生。认真贯彻落实习近平总书记关于加强森林草原防灭火工作的重要指示、李克强总理的重要批示和全国及省、州森林草原防灭火工作电视电话会议精神,有效预防和遏制森林草原火灾,保护森林草原资源和人民生命财产安全。根据《中华人民共和国森林法》、《中华人民共和国草原法》、《森林防火条例》和《中华人民共和国草原防火条例》等法律法规及县委、县政府决策部署,为严防森林草原火灾发生,结合刚察县森林草原防火工作实际,现将有关事项通告如下:

一、森林草原防火期:全县行政区域内的所有林区草原自2022915日起至2023615日止为森林草原防火期,所有单位和个人要严格执行野外用火审批制度,严控林区草原生产生活用火,严禁一切野外违规用火行为。

二、在森林草原范围内,严禁下列行为活动:(一)严禁携带火种、火源进入林区草原;(二)严禁在林区草原内烧火取暖、吸烟、烧纸祭祀、煨桑、野炊、乱丢火种、燃放鞭炮和孔明灯等用火行为;(三)严禁其他随意向室外倾倒火星未熄灭的炉灰、炕灰等;(四)严禁机动车司乘人员和乘客向车外抛掷烟头等未熄灭的火源;(五)严禁其他可能引发森林草原火灾的野外用火行为。

三、各乡镇(场)、中心、村两委要切实加强未成年人及五类人群的监管、督促落实监护人责任,防止引发森林草原火灾。

四、各防火成员单位要加大宣传力度,利用电视、广播、短信、微信和宣传标语、宣传材料等形式广泛开展宣传教育,同时深入开展防火知识进村庄、进社区、进校园、进景区、进企业等主题教育,使森林草原防火家喻户晓。

五、森林草原防火期内,各防火成员单位必须实行24小时值班制度,确保政令和火情信息畅通,严格执行火灾日报告零报告制度,对发现火情隐瞒不报、谎报、漏报的行为要依法严肃处理。

六、违反本文通告造成森林草原火灾的将依照《森林防火条例》《草原防火条例》和有关法律法规给予处罚,造成严重后果、构成犯罪的依法追究刑事责任。

七、森林草原火情联系方式:

火警电话:8653119119

刚察县自然资源和林业草原局值班电话:8653026

刚察县应急管理局值班电话:8652178

哈尔盖镇人民政府值班电话:8654800

沙柳河镇人民政府值班电话:8652290

伊克乌兰乡人民政府值班电话:8652287

泉吉乡人民政府值班电话:8655225

吉尔孟乡人民政府值班电话:8652214

热水管委会值班电话:8654362

རྐང་ཚ་རྫོང་ནགས་ཚལ་དང་རྩྭ་ཐང་མེ་འགོག་བཀའ་རྒྱའི་བརྡ་ཁྱབ།

མིག་སྔར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་དང་། རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་འབྱུང་སླ་བའི་དུས་མཚམས་ཤིག་ཏུ་སླེབས་ཡོད་པས། གློ་ཚད་རིམས་ནད་སྔོན་འགོག་དང་རྩྭ་ཐང་གི་མེ་འགོག་བྱ་བར་ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ནས་དལ་འགོར་མི་འབྱུང་བའི་ཆེད་དུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བའི་ཛུབ་སྟོན་གལ་ཆེན་དང་ཙུང་ལིལི་ཁི་ཆིང་གི་མཛུབ་སྟོན་གལ་ཆེན། ད་དུང་རྒྱལ་ཡོངས་དང་ཞིང་ཆེན།ཁུལ་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་སྐོར་ལ་ཤུགས་སྣོན་པ་བཅས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་།ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས།མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་སྐོར་གྱི་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་མེ་འགོག་སྐོར་གྱི་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལདེ་བཞིན་རྫོང་ཨུདང་རྫོང་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ལ་གཞིགས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ནན་མོ་བྱ་ཆེད། རྐང་ཚ་རྫོང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་དོན་དངོས་ལ་ཟུང་དུ་སྦྲེལ་ནས་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཚོད།རྫོང་ཡོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ནགས་ཁུལ་དང་རྩྭ་ཐང་ཚང་མ2022ལོའི་ཟླ9ཚེས15ཉིན་ནས2023ལོའི་ཟླ6ཚེས15ཉིན་བར་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དུས་སུ་སླེབས་ཤིང་།ལས་ཁུངས་དང་མི་སྒེར་ཚང་མས་ཕྱི་རོལ་དུ་མེ་སྤྱོད་ཞིབ་མཆན་འགོད་པའི་ལམ་ལུགས་ལག་ཏུ་བསྟར་ཏེནགས་ཁུལ་དང་རྩྭ་ཐང་གི་ཐོན་སྐྱེད་དང་འཚོ་བའི་མེ་སྤྱོད་ཚོད་འཛིན་བྱས་ནསཕྱི་རོལ་དུ་སྒྲིག་འགལ་ངང་མེ་སྤྱོད་རིགས་གཏན་འགོག་བྱེད་དགོས།

གཉིས། ནགས་ཚལ་དང་རྩྭ་ཐང་གི་ཁྱབ་ཁོངས་ནང་གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ།གཅིགམེ་ཁྱེར་ནས་ནགས་ཁུལ་དང་རྩྭ་ཐང་དུ་གཏན་ནས་འགྲོ་མི་ཆོག གཉིསནགས་ཁུལ་གྱི་རྩྭ་ཐང་ལ་མེ་བཏང་ནས་དྲོད་ལེན་པ་དང་།ཐ་མག་འཐེན་པ།ཤོག་བུ་མེར་བསྲེགས་པ།མཆོད་འབུལ་བྱེད་པ།བསང་འབུལ་བ།སྤྲོ་གསེང་བྱེད་པ།མེ་གང་བྱུང་དུ་གཏོར་བ།ཤོག་སྦག་འགད་པ་བཅས་མེ་སྤྱོད་བྱ་སྤྱོད་གཏན་འགོག་བྱ་རྒྱུ། གསུམདེ་མིན་གང་བྱུང་དུ་ཁང་བའའི་ཕྱི་རོལ་དུ་མེ་སྟག་མ་བསད་པའི་མེ་ཐལ་དང་ཐལ་རྡུལ་སོགས་གཏན་ནས་བསྐྱུར་མི་ཆོག བཞིའཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དང་འགྲུལ་ས་རླངས་འཁོར་གྱི་སྒེའུ་ཁུང་ལས་དུ་བའི་མེ་རོ་འཕེན་མི་ཆོག ལྔནགས་ཚལ་དང་རྩྭ་ཐང་ལས་མེ་སྐྱོན་འབྱུང་སྲིད་པའི་མེ་སྤྱོད་བྱ་སྤྱོད་གཞན་དག་འབྱུང་བར་ནན་འགོག་བྱེད་དགོས།

གསུམ།ཡུལ་ཚོ་དང་གྲོང་རྡལཞིང་རསྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ནར་མ་སོན་པའི་མི་བུ་དང་དེ་བཞིན“མི་ཚོགས་རིགས་ལྔ”ལ་ལྟ་སྐུལ་དོ་དམ་བྱ་བྱ་བར་ཤུགས་བསྣན་ཏེལྟ་སྐྱོང་བའི་འགན་འཁྲི་དོན་ཐོག་ལ་འཁྱོལ་བར་ལྟ་སྐུལ་བྱས་ནས།ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མི་འབྱུང་བ་བྱེད་དགོས།

བཞི།མེ་འགོག་ལས་ཁུངས་ཀྱི་ཁོངས་མིས་དྲིལ་བསྒྲགས་ནུས་ཤུགས་ཆེ་རུ་བཏང་ནསབརྙན་འཕྲིན་དང་རླུང་འཕྲིན།འཕྲིན་ཐུང་།སྐད་འཕྲིན་དང་དྲིལ་བསྒྲགས་སྦྱར་ཡིག དྲིལ་བསྒྲགས་རྒྱུ་ཆ་སོགས་ཀྱི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་བ་དང་ཆབས་ཅིག་ཏུ་གྲོང་ཚོ་དང་སྡེ་ཁུལ།སློབ་གྲྭལྗོངས་ཁུལ།ཁེ་ལས་སོགས་སུ་མེ་འགོག་གི་ཤེས་བྱའི་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་ནསནགས་ཚལ་དང་རྩྭ་ཐང་དུ་མེ་འགོག་གི་འདུ་ཤེས་མཐོར་འདེགས་གཏོང་དགོས།

ལྔ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དུས་སྐབས་སུ།མེ་འགོག་ལས་ཁུངས་ཀྱི་ཁོངས་མིས་ངེས་པར་དུ་ཆུ་ཚོད24རིང་གི་ལས་རེས་ལམ་ལུགས་ལག་ཏུ་བསྟར་ནས།སྲིད་བཀའ་དང་མེ་སྐྱོན་ཆ་འཕྲིན་ཤར་གཏོང་ཐུབ་པར་འགན་ལེན་བགྱིས་ཏེ། མེ་སྐྱོན་གྱི“ཉིན་རེའི་སྙན་ཞུ”དང“བདེ་འཚམས་སྙན་ཞུ”ལམ་ལུགས་ལག་བསྟར་ནན་པོ་བྱས་ནས།མེ་སྐྱོན་ཤེས་རྟོགས་བྱུང་ཚེ་གསང་ནས་སྙན་སེང་མི་ཞུ་བ་དང་སྙན་སེང་རྫུན་མ་ཞུ་བ།སྙན་སེང་ཞུ་རྒྱུ་ལུས་པ་བཅས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས།

དྲུག བརྡ་ཁྱབ་འདི་ལས་འགལ་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཤོར་ཚེནགས་ཚལ་མེ་འགོག་སྐོར་གྱི་སྲོལ་ཡིགདངརྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིགདང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནསཆད་པ་གཅོད་པ་དང་།མཇུག་འབྲས་ཚབས་ཆེན་བཟོས་ནས་བྱས་ཉེས་གསོག་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ།

བདུན། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནས་ཚུལ་ལ་འབྲེལ་གཏུག་བྱེད་ཐབས།

མེ་སྐྱོན་ཉེན་བརྡའི་ཁ་པར།8653119ཡང་ན119

རྐང་ཚ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའི་ལས་རེས་ཁ་པར་ཨང་གྲངས།8653026

རྐང་ཚ་རྫོང་འཕྲལ་བསྟུན་དོ་དམ་ཅུའི་ལས་རེས་ཁ་པར་ཨང་གྲངས།8652178

དཔལ་དགེ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་རེས་ཁ་པར།8654800

འོམ་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་རེས་ཁ་པར།8652290

གཡུ་དཀར་འོམ་ལུང་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ལས་རེས་ཁ་པར་ཨང་གྲངས།8652287

མཚོ་འཁྱིལ་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ལས་རེས་ཁ་པར།8655225

སྐྱིད་སྨོན་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ལས་རེས་ཁ་པར།8652214

ཚེ་ཐར་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་རེས་ཁ་པར།8654362