2023年海北州职业技术学校春季招生正在进行
发布时间:2023年01月31日 消息来源:


2023年海北州职业技术学校
春季招生正在进行


招生专业: 

1.中医药类 :藏医医疗与藏药   护理(与青海卫生职业技术学院联办大专)  康复技术(与青海卫生职业技术学院联办大专)

2.传统工艺类 :唐卡  绘画  石雕  刺绣  服装设计与加工

3.汽车制造类:汽车运用与维修  新能源汽车装调与检测

4.电子商务类:电子商务

5.旅游类:旅游服务与管理

高星级饭店运营与管理

6.畜牧业类:畜禽生产技术(畜牧兽医)


优惠政策:

1.在校学习期间,免收学费、教材费、住宿费、取暖费。

2.在校学习期间,所有专业的学生前两年可享受共计4000元的国家资助。

3.所有专业学生在我校毕业后可获得由青海省教育厅验印的全日制普通中专毕业证书。

4.所有专业学生在我校三年学习期间(藏医医疗与藏药专业学生毕业后)可通过国家职业资格考试、职业技能鉴定考试或“1+X”证书制度,获得相关专业资格证书。

5.在校学习第三年可参加高职院校进行的提前单招录取考试,还可参加普通高考。 

6.我校联办专业大专原则上只录取本校学生,不足部分考虑其他学校学生。学习期间按相关院校报批的收费标准收取相关费用。毕业后颁发全日制普通大专毕业证。


招生范围:

应往届初高中毕业生,城乡劳动者,退役军人,下岗职工,返乡农民工及有学习职业技能意愿的自主创业者和其他人员等,生源地和户籍不限。


报名截止时间:

2023年1月1日-2023年3月31日


1






མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་2023ལོའི་དཔྱིད་དུས་སློབ་མ་བསྡུ་བཞིན་ཡོད།


གཅིག  སློབ་བསྡུ་ཆེད་ལས།

1.ཀྲུང་ལུགས་གསོ་རིག་གི་རིགས། བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན། ནད་ཞབས(མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་དུ་ཆེད་ཚན་སློབ་ཆེན་གཉེར་བཞིན་ཡོད།) ཁམས་གསོ(མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་དུ་ཆེད་ཚན་སློབ་ཆེན་གཉེར་བཞིན་ཡོད།)

2.སྲོལ་རྒྱུན་བཟོ་རྩལ་གྱི་རིགས། ཐང་ག་དང་རི་མོ་འབྲི་བ། རྡོ་བརྐོས། འཚེམ་དྲུབ། གྱོན་ཆས་ཇུས་འགོད་དང་ལས་སྣོན།

3.རླངས་འཁོར་བཟོ་སྐྲུན་གྱི་རིགས། རླངས་འཁོར་བཀོལ་སྤྱོད་དང་ཉམས་གསོ། ནུས་ཁུངས་གསར་པའི་རླངས་འཁོར་སྒྲིག་སྦྱོར་དང་ཞིབ་དཔྱད་ཚད་ལེན།

4.གློག་རྡུལ་ཚོང་དོན་གྱི་རིགས། གློག་རྡུལ་ཚོང་དོན།

5.གནས་སྐོར་གྱི་རིགས། གནས་སྐོར་ཞབས་ཞུ་དང་དོ་དམ། སྐར་རིམ་མཐོ་བའི་མགྲོན་ཁང་གཉེར་སྐྱོང་དང་དོ་དམ།

6.ཕྱུགས་ལས་ཀྱི་རིགས། སྒོ་ཟོག་ཁྱིམ་བྱ་ཐོན་སྐྱེད་ལག་རྩལ།(ཕྱུགས་ལས་སྨན་བཅོས།)


གཉིས། གཟིགས་སྐྱོང་སྲིད་ཇུས།

1.སློབ་གྲྭར་སློབ་སྦྱོང་བྱེད་རིང་སློབ་ཡོན་དང་། སློབ་དེབ་ཀྱི་འགྲོ་གྲོན། ཉལ་ཁང་གི་འགྲོ་གྲོན། དྲོད་རླངས་ཀྱི་འགྲོ་གྲོན་བཅས་བསྡུ་བཞིན་མེད།

2.སློབ་གྲྭར་ཆེད་ལས་ལ་སློབ་སྦྱོང་བྱེད་པའི་སློབ་མ་ཚང་མས་ལོ་སྔོན་མ་གཉིས་ལ་རྒྱལ་ཁབ་རོགས་སྐྱོར་གྱི་སྒོར་བསྡོམས་པས4000ལོངས་སྤྱོད་བྱེད་ཆོག

3.ཆེད་ལས་ལ་སློབ་སྦྱོང་བྱེད་པའི་སློབ་མ་ཚང་མ་རང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཞིབ་བཤེར་བྱས་ནས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་ལག་ཁྱེར་ལེན་ཐུབ།

4.ཆེད་ལས་ལ་སློབ་སྦྱོང་བྱེད་པའི་སློབ་མ་ཚང་མས་རང་སློབ་གྲྭ་ནས་ལོ་གསུམ་རིང་གི་སློབ་སྦྱོང་བྱེད་པའི་དུས་ཡུན་ནང་(བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན་ཆེད་ལས་སློབ་མ་སློབ་མཐར་ཕྱིན་རྗེས)རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་རྒྱུགས་ལེན་དང་། ལས་རིགས་རྩལ་ནུས་གསལ་འབྱེད་རྒྱུགས་ལེན། “1+X”ལག་ཁྱེར་ལམ་ལུགས་བཅས་བརྒྱུད་ཟིན་པ་ཡིན་ན། དེ་འབྲེལ་གྱི་ཆེད་ལས་ཐོབ་ཐང་ལག་ཁྱེར་ཐོབ་ཆོག

5.སློབ་གྲྭ་ནས་སློབ་སྦྱོང་བྱེད་པའི་ལོ་གསུམ་པར་མཐོ་རིམ་ལས་རིགས་སློབ་གླིང་གིས་སྔོན་ལ་སློབ་བསྡུའི་ཡིག་རྒྱུགས་ལེན་པའི་ནང་ཞུགས་ཆོག་པ་མ་ཟད། ད་དུང་མཐོ་རྒྱུགས་དཀྱུས་མའི་ནང་དུའང་ཞུགས་ཆོག

6.རང་སློབ་གྲྭས་མཉམ་འབྲེལ་ཐོག་བཙུགས་པའི་ཆེད་སྦྱོང་སློབ་གྲྭ་ཆེན་མོར་རྩ་དོན་ཐོག་སློབ་གྲྭ་དེ་གའི་སློབ་མ་ཁོ་ན་བསྡུ་དགོས་ཤིང་། མི་འདང་བའི་ཆ་ཤས་དེ་སློབ་གྲྭ་གཞན་དག་གི་སློབ་མ་བསྡུ་རྒྱུ་ཡིན། སློབ་སྦྱོང་བྱེད་པའི་དུས་ཡུན་ནང་འབྲེལ་ཡོད་སློབ་ཆེན་དང་སློབ་གླིང་གིས་ཆོག་མཆན་སྤྲད་པའི་གྲོན་བསྡུའི་ཚད་གཞི་ལྟར་འབྲེལ་ཡོད་གྲོན་དངུལ་བསྡུ་རྒྱུ་ཡིན། སློབ་མཐར་ཕྱིན་རྗེས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་གི་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་མཐར་ཕྱིན་ལག་ཁྱེར་སྤྲོད་བཞིན་ཡོད།


གསུམ། སློབ་མ་བསྡུ་བའི་ཁྱབ་ཁོངས། 

སྔོན་ཆད་དང་ད་ལོ་དམའ་འབྲིང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ལས་བྲལ་ལས་བཟོ་བ། ཕྱིར་ཕ་ཡུལ་དུ་ལོག་པའི་ཞིང་བ་དང་ལས་རིགས་རྩལ་ནུས་སློབ་སྦྱོང་བྱེད་འདོད་ཡོད་པའི་རང་བརྟེན་བྱ་གཞག་གཏོད་མཁན་དང་མི་སྣ་གཞན་དག་སོགས་ཚུད་ཡོད། སློབ་མའི་ཁྱིམ་ཐོའི་ས་གནས་ལ་ཚད་བཀག་མེད།


མིང་ཐོ་འགོད་པའི་དུས་ཚོད། 

2023ལོའི་ཟླ1ཚེས1ཉིན་ནས2023ལོའི་ཟླ3ཚེས31ཉིན་བར་ཡིན།