网站无障碍
关于全面推广饮用低氟边销茶的通告
发布时间:2026年04月22日 消息来源:

青市监通〔2026〕4号

 

为有效控制饮茶型地氟病风险,保障全省广大人民群众身体健康,根据《中华人民共和国食品安全法》《中华人民共和国标准化法》《青海省地方病防治条例》等相关法律法规的规定,结合我省饮茶型地氟病监测和边销茶消费实际,决定在全省范围内推广饮用低氟边销茶。现将有关事项通告如下:

一、本通告所称边销茶,是指以黑毛茶、老青茶、红茶末、绿茶为主要原料,经过发酵、蒸制、加压或者压碎、炒制,专门销往边疆少数民族地区的紧压茶,包括青砖茶、黑砖茶、康砖茶、茯砖茶、沱茶等品种;低氟边销茶应符合《砖茶含氟量》(GB19965-2005)规定的每公斤砖茶允许含氟量不超过300mg的标准。

二、经营者必须依法取得《营业执照》《食品经营许可证》或备案等合法有效的资质后,方可从事边销茶经营活动;经营行为应当严格遵守相关法律法规和标准,从严筛选供应商且从正规渠道采购低氟边销茶。

三、经营者应主动承担社会责任,不采购、不销售来源不明或含氟量超标的边销茶,鼓励在经营场所显著位置明示边销茶含氟量指标;主动向消费者宣传健康饮用低氟边销茶的知识,引导消费者选购低氟边销茶。

四、广大消费者应增强健康意识,自觉选购低氟边销茶。购买时注意查看产品包装标识,选择正规渠道销售的低氟边销茶;积极参与社会监督,发现边销茶违法违规生产经营行为,及时向当地市场监管等部门反映或拨打12315投诉举报电话,共同维护健康安全的边销茶市场消费环境。

五、市场监管、民族宗教、卫生健康、供销联社等部门应按照各自职能加强对边销茶的监督管理,在市场监管、健康宣教、产销对接等方面协同发力,共同推进低氟边销茶的普及推广工作。

特此通告。

 

青海省市场监督管理局

青海省民族宗教事务委员会

青海省卫生健康委员会

青海省供销合作社联合社

 

 2026年4月10日

 

 

 

 

 

ཁྱོན་ཡོངས་ནས་ཧྥུལ་ཉུང་མཐའ་འཚོང་ཇ་ཁྱབ་གདལ་གཏོང་བའི་སྐོར་གྱི་བརྡ་ཁྱབ།

མཚོ་སྔོན་ཁྲོམ་ར་རྟོག་དམ2026ཨང4པ།

ཇའི་རིགས་ཀྱིས་བསྐྱེད་པའི་ས་གནས་རང་བཞིན་གྱི་ཧྥུལ་ནད་ཉེན་ཁ་ཚོད་འཛིན་ནུས་ལྡན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ལ་འགན་ལེན་བྱ་ཆེད། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས»དང«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་ལྡན་ཅན་བཅའ་ཁིམས»«མཚོ་སྔོན་ཞིང་ཆེན་གྱི་ས་གནས་ནད་འགོག་བཅོས་སྲོལ་ཡིག»སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས། རང་རེའི་ཞིང་ཆེན་གྱི་ཇའི་རིགས་ཀྱིས་བསྐྱེད་པའི་ས་གནས་རང་བཞིན་གྱི་ཧྥུལ་ནད་རྟོག་འཇལ་དང་མཐའ་འཚོང་ཇ་འཛད་སྐྱོད་བྱས་པའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། ཞིང་ཆེན་ཡོངས་སུ་ཧྥུལ་ཉུང་མཐའ་འཚོང་ཇ་ཁྱབ་གདལ་གཏོང་རྒྱུ་གཏན་འབེབས་བྱས། ད་ལྟ་འབྲེལ་ཡོད་དོན་བྱ་བརྡ་ཁྱབ་གཏོང་བ་གཤམ་གསལ་ལྟར།

དང་པོ། བརྡ་ཁྱབ་འདིར་བརྗོད་པའི་མཐའ་འཚོང་ཇ་ཞེས་པ་ནི་ཇ་སྤུ་ནག་དང་ཇ་སྔོན་རྙིང་པ། ཇ་དམར་ཕྱེ་མ། ཇ་ལྗང་བཅས་རྒྱུ་ཆ་གཙོ་བོ་བྱས་ཏེ་སྐྱུར་བསྙལ་དང་རླངས་བཙོས། གནོན་བཅག་གམ་ཡང་ན་གནོན་འཐག བརྔོ་བ་སོགས་བྱས་ནས། ཆེད་དུ་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་འཚོང་བའི་ཇ་ལེབ་ལ་ཟེར། དེར་ཇ་བག་སྔོན་པོ་དང་། ཇ་བག་ནག་པོ། ཁམས་ཐོན་ཇ་བག  ཧྥུའུ་ཇ་བག  ཐུའོ་ཇ་བག་སོགས་འདུས། ཧྥུལ་ཉུང་མཐའ་འཚོང་ཇ་ནི«ཇ་བག་གི་ཧྥུལ་འདུས་ཚད» (GB19965-2005) ནང་གཏན་འབེབས་བྱས་པའི་ཇ་བག་སྤྱི་རྒྱ་རེར་ཧྥུལ་འདུས་ཚད300mgལས་མི་བརྒལ་བའི་ཚད་གཞི་དང་མཐུན་དགོས།

གཉིས་པ། ཚོང་གཉེར་མཁན་གྱིས་ངེས་པར་དུ་ཁྲིམས་ལྟར«ལས་གཉེར་ལག་ཁྱེར»དང«ཟས་རིགས་ཚོང་གཉེར་ཆོག་འཐུས་ལག་ཁྱེར»ཡང་ན་ཐོ་འགོད་སྙན་སེང་བྱས་པ་སོགས་ཁྲིམས་མཐུན་ནུས་ལྡན་གྱི་ཐོབ་ཐང་བླངས་རྗེས་གཞི་ནས་མཐའ་འཚོང་ཇ་ཚོང་གཉེར་བྱ་ཆོག ཚོང་གཉེར་བྱ་སྤྱོད་ཐད་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། མཁོ་སྤྲོད་ཚོང་པ་གདམ་གསེས་ནན་མོ་བྱེད་དགོས་པ་མ་ཟད་ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་དེ་ཧྥུལ་ཉུང་མཐའ་འཚོང་ཇ་ཉོ་སྒྲུབ་བྱ་དགོས།

གསུམ་པ། གཉེར་ཚོང་མཁན་གྱིས་རང་རྟོགས་སྒོས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས། ཡོང་ཁུངས་གསལ་པོ་མིན་པའམ་ཡང་ན་ཧྥུལ་འདུས་ཚད་ཚད་ལས་བརྒལ་བའི་མཐའ་འཚོང་ཇ་མི་ཉོ་བ་དང་མི་འཚོང་བ་བྱ་དགོས་པ་དང་། གཉེར་ཚོང་བྱ་ཡུལ་དུ་མངོན་གསལ་གྱི་གནས་སུ་མཐའ་འཚོང་ཇ་ཡི་ཧྥུལ་འདུས་ཚད་ཀྱི་དམིགས་ཚད་གསལ་བོ་སྟོན་པར་སྐུལ་མ་བྱེད་དགོས། རང་རྟོགས་སྒོས་འཛད་སྤྱོད་པར་བདེ་ཐང་ངང་ཧྥུལ་འདུས་ཚད་ཉུང་བའི་མཐའ་འཚོང་ཇ་འཐུང་བའི་ཤེས་བྱ་དྲིལ་སྒྲོག་བྱས་ནས། འཛད་སྤྱོད་པར་ཧྥུལ་འདུས་ཚད་ཉུང་བའི་མཐའ་འཚོང་ཇ་འདེམ་ཉོ་བྱ་བར་ཁྲིད་སྟོན་བྱ་དགོས།

བཞི་པ། རྒྱ་ཆེའི་འཛད་སྤྱོད་པས་བདེ་ཐང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། རང་རྟོགས་སྒོས་ཧྥུལ་འདུས་ཚད་ཉུང་བའི་མཐའ་འཚོང་ཇ་འདེམ་ཉོ་བྱ་དགོས། ཉོ་སྒྲུབ་བྱེད་སྐབས་ཐོན་རྫས་ཀྱི་ཐུམ་སྒྲིལ་མཚོན་རྟགས་ལ་བལྟ་བར་དོ་སྣང་བྱེད་དགོས་པ་དང་། ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་ཕྱིར་འཚོང་བྱེད་པའི་ཧྥུལ་འདུས་ཚད་ཉུང་བའི་མཐའ་འཚོང་ཇ་འདེམ་དགོས། སྤྱི་ཚོགས་ཀྱི་ལྟ་སྐུལ་ནང་ཧུར་ཐག་གིས་ཞུགས་ནས་ཁྲིམས་འགལ་སྒྲིག་འགལ་ངང་མཐའ་འཚོང་ཇ་གཉེར་འཚོང་བྱེད་པ་ཤེས་ཚེ། དུས་ཐོག་ཏུ་ས་གནས་དེའི་ཁྲོམ་ར་རྟོག་དམ་སོགས་སྡེ་ཁག་ལ་ཞུ་བའམ་ཡང་ན12315ལ་ཞུ་གཏུག་ཁ་པརབཏང་ནས། སྐྱོན་བྲལ་དང་བདེ་འཇགས་ཀྱི་མཐའ་འཚོང་ཇའི་ཁྲོམ་རའི་འཛད་སྤྱོད་ཁོར་ཡུག་མཉམ་དུ་སྲུང་སྐྱོང་བྱ་དགོས།

ལྔ་པ། ཁྲོམ་ར་རྟོག་དམ་དང་མི་རིགས་ཆོས་ལུགས། འཕྲོད་བསྟེན་བདེ་ཐང་། མཁོ་ཚོང་མཉམ་འབྲེལ་ཁང་སོགས་སྡེ་ཁག་ཁག་གིས་རང་གི་འགན་ནུས་གཞིར་བཟུང་ནས། མཐའ་འཚོང་ཇ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས་པ་དང་། ཁྲོམ་ར་རྟོག་དམ་དང་བདེ་ཐང་དྲིལ་སྒྲོག་སློབ་གསོ། ཐོན་ཚོང་སྦྲེལ་མཐུད་སོགས་ཀྱི་ཐད་ལ་མཉམ་དུ་ཤུགས་བཏོན་ཏེ། ཧྥུལ་འདུས་ཚད་ཉུང་བའི་མཐའ་འཚོང་ཇ་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། 

ཆེད་དུ་བརྡ་ཁྱབ་འདི་བཏང་བ་ཡིན།

མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། 

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། 

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། 

མཚོ་སྔོན་ཞིང་ཆེན་མཁོ་འཚོང་མཉམ་ལས་མཉམ་འབྲེལ་ཁང་།

                                                          2026ལོའི་ཟླ4པའི་ཚེས10ཉིན།