མཚོ་འཁྱིལ་སློབ་ཆུང་གིས་ཐུན་གཅིག་སྣ་མང་ཁྲིད་ཐབས་མཐོར་འདེགས་གཏོང་བ།
མཚོ་འཁྱིལ་ཡུལ་ཚོ་མི་རིགས་བཅའ་སྡོད་སློབ་ཆུང་སྐད་ཡིག་ཁྲིད་དཔྱོད་ཁང་གི་སློབ་སྐབས་འདིའི་བྱ་བའི་འཆར་གཞི་ལྟར་སྤྱི་ཟླ༤པའི་ཚེས༨ཉིན་བོད་སྐད་ཡིག་དགེ་རྒན་ཡོངས་ཀྱི་སློབ་ཁྲིད་རྩལ་ནུས་མཐོར་འདེགས་དང་སློབ་ཁྲིད་བྱ་བའི་ཉམས་མྱོང་བརྗེ་རེས། སློབ་ཁྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་ཆེད་སྐད་ཡིག་དགེ་རྒན་འགས་ཐུན་གཅིག་སྣ་མང་གི་ཁྲིད་ཐབས་སྤྱད་ནས་ལྟ་སྦྱོང་སློབ་ཁྲིད་བྱེད་པའི་བྱ་འགུལ་སྤེལ་བ་ཡིན།
ཐེངས་འདིའི་བྱ་འགུལ་གྱི་དམིགས་འབེན་གཙོ་བོ་ནི་བོད་སྐད་ཡིག་དགེ་རྒན་དག་གི་སློབ་ཁྲིད་ཀྱི་ནུས་པ་མཐོར་འདེགས་དང་ཡོད་ཚད་སློབ་མའི་འཕེལ་རྒྱས་ལ་དམིགས་པའི་སྒོ་ནས་ནན་ཏན་དང་ཞིབ་ཚགས་ཀྱིས་སློབ་ཁྲིད་ལྟ་སྦྱོང་བྱ་འགུལ་འདི་སྤེལ་ནས་སྙིགས་དོར་བཅུད་ལེན་དང་སློབ་མའི་འཕེལ་རྒྱས་མཐོར་འདེགས་ལ་ཕན་པའི་རྩལ་ནུས་དང་ཐབས་ལམ་གསར་བ་སྡུད་ལེན་བྱེད་དང་།དུས་རྒྱུན་རང་ཉིད་ཀྱི་སློབ་ཁྲིད་བྱ་བའི་གོ་རིམ་ཁྲོད་ཐབས་བཀོད་མ་འདང་ས་དང་ཐུགས་མཉམ་མ་བཞག་པའི་སྐོར་ལ་བཅོས་བསྒྱུར་དང་གཞུག་ཕྱོགས་ཀྱི་བྱ་བར་དོ་སྣང་དང་འཕེལ་རྒྱས་ཡོང་བར་དམིགས་པ་ཡིན་ནོ། །
ཐེངས་འདིའི་སློབ་ཁྲིད་དཔྱད་འཇོག་མ་བྱས་སྔོན་ལ་ཐེངས་འདིར་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཚོར་རང་ཉིད་ཀྱིས་སློབ་ཁྲིད་བྱས་རྗེས་ཀྱི་མྱོང་ཚོར་གླེང་དུ་བཅུག་རྗེས་རིམ་བཞིན་དུ་དགེ་རྒན་ཚོས་རེ་རེ་བཞིན་དཔྱད་འཇོག་བྱས་པ་རེད།
མཇུག་མཐར་སློབ་གཙོ་ཀུན་བཟང་དོན་འགྲུབ་ཀྱིས་ཐེངས་འདིའི་ལྟ་སྦྱོང་སློབ་ཁྲིད་ཁྲོད་དུ་གནས་པའི་དགེ་རྒན་ཚོའི་མི་འདང་ས་ཁ་སྣོན་དང་ལེགས་བཅོས་བྱས་ཏེ་དགེ་རྒན་ཚོའི་སློབ་ཁྲིད་ཐད་ལ་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུའི་རེ་བ་ནན་མོ་བཏོན།
ཡོངས་ཁུངས། མཚོ་འཁྱིལ་ཡུལ་ཚོ་མི་རིགས་བཅའ་སྡོད་སློབ་ཆུང་།