关于进一步做好新型冠状病毒感染的肺炎疫情防控工作的通告(藏汉双语)
发布时间:2020年01月27日 消息来源:刚察县新型冠状病毒感染的肺炎疫情处置工作领导小组

关于进一步做好新型冠状病毒感染的肺炎疫情防控工作的通告


1月25日我省启动了重大突发公共卫生事件Ⅰ级响应,按照上级有关工作要求,前期我县已采取“摸排登记和体温随访,暂时停运公交线路,暂停开放所有景区、图书馆、学校体育设施、体育场馆、歌舞厅、网吧、电影院等公共活动场所,关闭活禽、水产交易市场”相关防控措施。根据当前疫情防控严峻形势,为进一步做好新型冠状病毒感染的肺炎疫情防控工作,现通告如下:

一、对所有湖北省或途经湖北省到我县的人员,必须实施不少于14天的居家隔离观察,对擅自离家外出活动的,一经查实,将强制居家隔离观察,同时,欢迎广大群众对湖北省牌照车辆在县内活动情况进行监督,举报电话:各乡(镇)举报电话(名单附后)或110。

二、除在车站、路口等设置检查站外,所有乡(镇)村、社区必须做好应急值守,对外来人员进行信息登记和体温检测,一经发现体温异常者就地收留,并及时协调当地医疗机构进行诊治。

三、自2020年1月26日起,在已暂停开放相关公共场所的基础上,全县所有娱乐场所全部暂停运营,恢复时间另行通知;减少群体聚集性活动,同时,各类餐饮服务机构尽量减少聚餐、聚会活动。

四、寒假期间,县教育局和学校不得以任何理由组织学生集体到校上课、补课或到校自习,不得以任何形式参与、组织学生集体参加各类辅导培训班,未经县教育局批准,各学校一律不得以任何理由组织学生聚集返校或提前返校。

五、所有出租汽车行业的从业驾驶员必须佩戴口罩上岗,每日对运行车辆进行规范消毒。乘客必须佩戴口罩乘车,未佩戴口罩的,驾驶员要予以拒载。对违反上述规定者,一律给予停运处理。

六、商场超市所有员工必须佩戴口罩上岗。要在经营场所入口处设置检查站,对所有顾客佩戴口罩情况进行检查,未佩戴口罩的,一律不允许进入。对违反上述规定的经营场所,予以暂停营业。同时,应缩短营业时间,减少人员聚集。加大消毒灭菌和通风换气频次,对于空间密闭、通风功能差、不具备消毒杀菌条件的,予以暂停营业。

七、本通告自发布之日起,全县各旅行社、酒店对湖北省来刚察的旅客取消行程、退订酒店的,应做好全额退款服务,不再接待湖北旅游团队和散客。

八、广大群众应自觉遵守疫情防控工作要求,不造谣、不信谣、不传谣,尽可能减少出行,取消亲友聚会。要保持良好心态,加强个人防护,出现发热症状的积极配合做好医疗诊治、隔离观察和追踪排查工作,对刻意隐瞒、拒不配合造成后果的将依法追究法律责任。本人及身边亲戚朋友有发热症状的要及时就医,如发现相关疫情线索,请拨打电话:0970-8652474。




刚察县新型冠状病毒感染的肺炎疫情处置工作领导小组

2020年1月26日

 

 

各乡镇、园区监督举报电话

 

哈尔盖镇            8654800

沙柳河镇            8652290

伊克乌兰乡          8652287

泉吉乡              8655225

吉尔孟乡            8652214

热水煤炭产业园区    8932028


རྐང་ཚ་རྫོང་གསར་བྱུང་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་ཐག་གཅོད་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།


གསར་བྱུང་ཏོག་དབྱིབས་ནད་དུག་གློ་ཚད་སྔོན་འགོག་གི་བྱ་བ་སྔར་བས་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྡ་ཁྱབ། 

ཟླ1པའི་ཚེས་25ཉིན་རང་རེའི་ཞིང་ཆེན་གྱིས་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཚབས་ཆེན་སྐོར་གྱི་རིམ་པ་དང་པོའི་འཕྲལ་རྐྱེན་མྱུར་སེལ་གྱི་བྱ་བའི་འགོ་བརྩམས། གོང་རིམ་གྱི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་ནས་། ལས་རིམ་དང་པོར་ང་ཚོའི་རྫོང་གིས“ལྟ་ཞིབ་དང་། ཐོ་འགོད། གཟུགས་པོའི་དྲོད་ཚད་འདྲི་རྩད་བཅས་བྱས་ནས་གནས་སྐབས་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་སྐྱེལ་འདྲེན་བྱེད་མཚམས་བཞག་པ་དང་། མཛེས་ལྗོངས་ཁུལ་དང་། དཔེ་མཛོད་ཁང་། སློབ་གྲྭའི་ལུས་རྩལ་སྒྲིག་བཀོད། ལུས་རྩལ་ཁང་། གླུ་གར་ཁང་། དྲ་ཁང་། གློག་བརྙན་ཁང་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ཚང་མར་གནས་སྐབས་སྒོ་རྒྱག་པ།འདབ་ཆགས་གསོན་པོ་དང་ཆུ་ཐོན་ཉོ་ཚོང་ཁྲོམ་ར་སྒོ་རྒྱག་པའི”འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་པ་རེད། མིག་སྔའི་རིམས་ནད་བྱུང་ཚུལ་ལ་གཞིགས་ནས་ཛ་དྲག་གི་དུས་བབ་སྔོན་འགོག་ཚོད་འཛིན་བྱས་ཏེ་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱི་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ད་ལྟ་བརྡ་ཁྱབ་བཏང་བ་གཤམ་གསལ།

གཅིག ཧུའུ་པེ་ཞིང་ཆེན་དང་ཧུའུ་པེ་ཞིང་ཆེན་བརྒྱུད་དེ་རང་རེའི་རྫོང་དུ་ཡོང་མཁན་མི་སྣ་ཚང་མར། ངེས་པར་དུ་ཉིན14ལས་མི་ཉུང་བའི་ཁྱིམ་སྡོད་ལོགས་སུ་བཞག་ནས་ལྟ་ཞིབ་བྱེད་དགོས། རང་དགར་ཁྱིམ་དང་བྲལ་ནས་ཕྱི་རོལ་ཏུ་བྱེད་སྒོ་སྤེལ་བ་རྩད་ཆོད་མཐའ་གསལ་བྱུང་ཚེ་བཙན་ཤེད་ཀྱིས་ཁྱིམ་སྡོད་ལོགས་སུ་བཞག་ནས་ལྟ་ཞིབ་བྱེད་དུ་འཇུག་པ་དང་ཆབས་ཅིག་རྒྱ་ཆེའི་མང་ཚོགས་ཀྱིས་ཧུའུ་པེ་ཞིང་ཆེན་གྱི་ཨང་རྟགས་བཏགས་པའི་རླངས་འཁོར་རང་རེའི་རྫོང་ནང་དུ་འགྲོ་འོང་བྱེད་པར་ལྟ་སྐུལ་བྱས་ཏེ་ཐེར་འདོན་ཁ་པར་རྒྱག་དགོས། ཤང་(གྲོང་རྡལ)ཁག་གི་ཐེར་འདོན་ཁ་པར་(མིང་ཐོ་མཇུག་ཏུ་བཀོད་པ)ཡང་ན་110ཡིན།

གཉིས། རླངས་འཁོར་ས་ཚིགས་དང་ལམ་ཁར་ཞིབ་བཤེར་ས་ཚིགས་འཛུགས་པ་ཕུད། ཤང་(གྲོང་རྡལ)གྲོང་ཚོ་དང་སྡེ་ཁུལ་ཚང་མས་ངེས་པར་དུ་བཀག་སྡོམ་ལས་རེས་ཡག་པོ་སྲུང་ནས་ཕྱི་ནས་ཐོན་པའི་མིའི་ཆ་འཕྲིན་ཐོ་འགོད་དང་གཟུགས་པོའི་དྲོད་ཚད་བརྟག་དཔྱད་བྱེད་དགོས། གལ་སྲིད་གཟུགས་པོའི་དྲོད་ཚད་རྒྱུན་ལྡན་མིན་པ་ཤེས་རྟོགས་བྱུང་ཚེ་ས་ཆ་དེ་རང་དུ་བཀག་ཉར་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ས་གནས་དེ་གའི་སྨན་བཅོས་ལས་ཁུངས་དང་འབྲེལ་བ་བྱས་ནས་སྨན་བཅོས་བྱེད་དགོས།

གསུམ། 2020ལོའི་ཟླ་1ཚེས་26ཉིན་ནས་བཟུང་གནས་སྐབས་སྒོ་དབྱེ་རྒྱུ་མཚམས་འཇོག་བྱས་པའི་འབྲེལ་ཡོད་སྤྱི་པའི་འདུ་གནས་ཀྱི་རྨང་གཞིའི་ཐོག་རྫོང་ཡོངས་ཀྱི་རོལ་རྩེད་ཁང་ཚང་མ་གནས་སྐབས་འཁོར་སྐྱོད་བྱེད་མཚམས་བཞག་ནས་སླར་གསོ་བྱེད་པའི་དུས་ཚོད་ཟུར་དུ་བརྡ་ཐོ་གཏོང་རྒྱུ་དང་། ཚོགས་སྤྱིའི་གཅིག་སྡུད་རང་བཞིན་གྱི་བྱེད་སྒོ་ཉུང་དུ་བཏང་བ་དང་ཆབས་ཅིག་བཟའ་བཏུང་ཞབས་ཞུའི་ལས་རིགས་ཁག་གིས་གསོལ་སྟོན་དང་འདུ་འཛོམས་བྱེད་སྒོ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།

བཞི།  དགུན་གནང་གི་སྐབས་སུ།  རྫོང་སློབ་གསོ་ཅུ་དང་སློབ་གྲྭས་རྒྱུ་མཚན་གང་རུང་གི་སྒོ་ནས་སློབ་མ་རྩ་འཛུགས་བྱས་ཏེ་མཉམ་དུ་སློབ་གྲྭར་ཡོང་ནས་སློབ་ཁྲིད་དང་གསབ་ཁྲིད་བྱེད་པའམ་ཡང་ན་སློབ་གྲྭར་ཡོང་ནས་རང་སྦྱོང་བྱེད་མི་ཆོག་པ་དང་།  རྣམ་པ་གང་རུང་གི་སྒོ་ནས་སློབ་མ་རྩ་འཛུགས་བྱས་ཏེ་མཉམ་དུ་ཟུར་ཁྲིད་སྦྱོང་བརྡར་འཛིན་གྲྭ་བཙུགས་མི་ཆོག  རྫོང་སློབ་གསོ་ཅུ་ཡི་ཆོག་མཆན་མ་བརྒྱུད་པར་སློབ་གྲྭ་སོ་སོས་རྒྱུ་མཚན་གང་རུང་གི་སྒོ་ནས་སློབ་མ་རྩ་འཛུགས་བྱས་ཏེ་སློབ་གྲྭར་ཕྱིར་ལོག་མི་ཆོག

ལྔ།  གླ་གཏོང་རླངས་འཁོར་ལས་རིགས་ཀྱི་ལས་གཉེར་ཁ་ལོ་བ་ཚང་མས་ངེས་པར་དུ་ཁ་བཏུམ་བརྒྱབ་ནས་ལས་གནས་སུ་བསྐྱོད་དགོས་པ་དང་།  ཉིན་རེར་འཁོར་སྐྱོད་རླངས་འཁོར་ལ་ཚད་ལྡན་གྱི་དུག་སེལ་བྱ་དགོས།   འགྲུལ་པས་ངེས་པར་དུ་ཁ་བཏུམ་བརྒྱབ་ནས་རླངས་འཁོར་ནང་སྡོད་དགོས་པ་དང་ཁ་བཏུམ་མེད་ཚེ་ཁ་ལོ་བས་གཏན་ནས་རླངས་འཁོར་ནང་དུ་སྐྱེལ་འདྲེན་བྱས་མི་ཆོག གོང་གསལ་གཏན་འབེབས་ལ་རྒྱབ་འགལ་བྱས་ན་སྐྱེལ་འདྲེན་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱེད་དགོས།  

དྲུག ཚོང་ར་སྒོ་རྩིས་ཚོང་ཁང་གི་ལས་བཟོ་ཡོངས་ཀྱིས་ངེས་པར་དུ་ཁ་བཏུམ་བརྒྱབ་ནས་ལས་གནས་སུ་ཞུགས་དགོས། གཉེར་སྐྱོང་བྱ་ཡུལ་གྱི་འཛུལ་སྒོར་ཞིབ་བཤེར་ས་ཚུགས་བཙུགས་ནས་སྐུ་མགྲོན་ཚང་མས་ཁ་བཏུམས་བརྒྱབ་ཡོད་མེད་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པ་དང་ཁ་བཏུམས་བརྒྱབ་མེད་ན་འཛུལ་མི་ཆོག གོང་གསལ་གཏན་འབེབས་དང་འགལ་ན་གཉེར་སྐྱོང་བྱེད་ས་དེའི་གཉེར་སྐྱོང་བྱེད་མཚམས་གནས་སྐབས་འཇོག་རྒྱུ། དུས་མཚུངས་སུ། ལས་གཉེར་གྱི་དུས་ཚོད་ཇེ་ཐུང་དུ་བཏང་ནས། མི་སྣ་འདུ་འཛོམས་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས། དུག་སེལ་སྲིན་གསོད་དང་དབུགས་རླུང་རྒྱུག་ཚད་མཐོ་རུ་གཏོང་དགོས། དབུགས་རླུང་རྒྱུག་ནུས་ཞན་པ། དུག་སེལ་ནུས་པ་བཅས་ཀྱི་ཆ་རྐྱེན་མི་འཛོམས་ན་གནས་སྐབས་སུ་ལས་གཉེར་བྱེད་མཚམས་འཇོག་དགོས།

བདུན།  བརྡ་ཐོ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་།  རྫོང་ཡོངས་ཀྱི་ཡུལ་སྐོར་ལས་གཉེར་ཁང་དང་མགྲོན་ཁང་ཁག་གིས་ཧུའུ་པེ་ཞིང་ཆེན་ནས་ཐོན་པའི་འགྲུལ་བ་སྣེ་ལེན་བྱེད་མཚམས་འཇོག་དགོས།  མགྲོན་ཁང་དང་གྲོན་དངུལ་ཕྱིར་སློག་གི་ཞབས་ཞུ་ཡོངས་སུ་ལེགས་པོར་བསྒྲུབ་དགོས་པ་ལས།  ཧུའུ་པེ་ཡི་ཡུལ་སྐོར་ཚོགས་པ་དང་ཡུལ་སྐོར་བ་སྣེ་ལེན་བྱེད་མི་རུང་།

བརྒྱད། རྒྱ་ཆེའི་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱར་རང་རྟོགས་ངང་བརྩི་སྲུང་བྱས་ནས་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱས་ནས་འགྲོ་སྐྱོད་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་གཉེན་ཉེ་དང་གྲོགས་པོ་མཉམ་འཛོམས་བྱས་མི་རུང་།སེམས་ཁམས་བཟང་པོ་ཡོང་རྒྱུ་དང་། རང་སྒེར་གྱིས་རིམས་ནད་འགོག་སྲུང་ལ་ཤུགས་སྣོན་པ། ཚ་བ་རྒྱས་པའི་ནད་རྟགས་བྱུང་ན་སྨན་ཁང་དུ་སོང་ནས་སྨན་བཅོས་དང་། ལོགས་སུ་ལྟ་ཞིབ། རྗེས་འདེད་གྲལ་བཤེར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། བསམ་བཞིན་དུ་སྦ་གསང་བྱེད་པ་དང་སྨན་བཅོས་ལས་ཁུངས་སོགས་ཀྱི་བྱ་བ་ལ་རམ་འདེགས་མ་བྱས་པར་མཇུག་འབྲས་ངན་པ་ཐོན་ཚེ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་འདྲི་གཅོད་བྱེད་རྒྱུ་ཡིན།གལ་ཏེ་འབྲེལ་ཡོད་རིམས་ནད་ཀྱི་ཁུངས་སྣེ་ཤེས་ཚེ་ཁ་པར་རྒྱག་དགོས།


འབྲེལ་གཏུག་ཁ་པར།0970-8652474



རྐང་ཚ་རྫོང་གསར་བྱུང་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་ཐག་གཅོད་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་

2020ལོའི་ཟླ་1ཚེས་26ཉིན།


ཤང་གྲོང་དང་སྡེ་ཁུལ་ཁག་གི་ལྟ་སྐུལ་ཐེར་འདོན་ཁ་པར་ཨང་གྲངས།


དཔལ་དགེ་གྲོང་རྡལ་གྱི་འབྲེལ་གཏུག་ཁ་པར8654800 

འོམ་ཆུ་གྲོང་རྡལ་གྱི་འབྲེལ་གཏུག་ཁ་པར།8652290 

གཡུ་དཀར་འོམ་ལུང་ཤང་གི་འབྲེལ་གཏུག་ཁ་པར8652287 

མཚོ་འཁྱིལ་ཤང་གི་འབྲེལ་གཏུག་ཁ་པར8655225 

སྐྱིད་སྨོན་ཤང་གི་འབྲེལ་གཏུག་ཁ་པར8652214 

ཚེ་ཐར་རྡོ་སོལ་ཐོན་ལས་གླིང་ཁུལ་གྱི་འབྲེལ་གཏུག་ཁ་པར8932028