རྐང་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་མཉམ་དུ་སློབ་སྦྱོང་དང་དུས་ཆེན་རྗེས་ཀྱི“སེམས་སྡུད”ཚོགས་འདུ་འཚོགས་པ།
ཟླ2པའི་ཚེས6ཉིན་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་མཉམ་དུ་སློབ་སྦྱོང་དང་དུས་ཆེན་རྗེས་ཀྱི“སེམས་སྡུད”ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས། ཚོགས་འདུའི་ཐོག་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་རྫོང་ཨུའི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་དཔྱིད་གསར་དུས་ཆེན་རྗེས་ཀྱི“སེམས་སྡུད”ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་དང་འབྲེལ་ཡོད་ནང་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་འབྲེལ་ནས་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ལ་ཕྱོགས་སྡོམ་བྱས་ནས་མིག་སྔའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་རེ་ཞུ་བྱས་དོན།ལོ་གསར་པའི་ནང་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་བསམ་བློའི་འཁྱེར་ཕྱོགས་དང་རྣམ་པ་གསར་པའི་ཐོག་ལས་ཀ་མགྱོགས་མྱུར་ངང་ལེགས་སྒྲིག་ཡག་པོ་བྱས་ཏེ་སྔ་མོ་ནས“སེམས་ནང་དུ་སྡུད་པ་དང”ལོ་གསར་པར“སྙིང་ཕུར་རྡེབ་པ”བྱས་ཏེ། རང་འགུལ་རང་མདུན་དང་སྔ་མོ་ནས་དུས་ཚོད་དམ་འཛིན་བྱེད་པ། དམིགས་ཚད་གསར་པ་འཛུགས་པ་དང་སྒུལ་ཤུགས་གསར་པ་སྣོན་པ་བཅས་བྱས་ནས། 2023ལོའི་ལས་དོན་ཁག་འཆར་འགོད་དང་། བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ནས་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་དམིགས་ཚད་གསར་བ་དང་། བསམ་ཕྱོགས་གསལ་བོ་བྱེད་པ། ནུས་ཤུགས་ཡོད་རྒུ་སྒོས་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་པ་བྱེད་དགོས།
གཅིག་ནི་བྱ་བར་བློ་ཤུགས་སྒྲིམ་དགོས། སྙིང་རུས་ཆེར་བསྐྱེད་དང་ཧུར་བརྩོན་གྱིས་ལས་སྒྲུབ་བྱེད་པ་དང་། ངར་ཤུགས་བརྟན་པོ་དང་། སྙིང་རུས་ཆེན་པོ། “སྤོབས་པ་ཆེན་པོའི་མདུན་སྐྱོདཔ་དང་། ཞུམ་པ་མེད་པའི་འབད་བརྩོན་བྱེད་པ”བཅས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ་ལས་ཀའི་ཐད་ཀྱི“རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས”དར་སྤེལ་བྱ་དགོས། མུ་མཐུད་དུ་ལས་དོན་ཁག་དམ་འཛིན་དང་རྒྱུན་འཁྱོངས་བྱས་ཏེ་དམིགས་ཚད་མ་འགྲུབ་པར་ལས་མཚམས་གཏན་ནས་མི་འཇོག་པ་བྱེད་དགོས། གཟབ་ནན་བྱེད་ཕོད་པ་དང་། ལས་ཀ་དོན་འཁྱོལ་བྱེད་པའི་གནད་འགག་ཁག་ཏན་ཏིག་ནན་མོ་བྱས་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉིས་ནི་གོམ་པ་བརྟན་པོ་སྤོ་དགོས། “གོམ་པ་བརྟན་པོ་སྤོ་བ་དང་། གོམ་པ་ཆེན་པོ་སྤོ་བ། སྔ་མོ་ནས་གོམ་པ་སྤོ་བ། གོམ་པ་མཐོན་པོར་སྤོ་བ”བཅས་བྱེད་ཐུབ་པར་བྱེད་དགོས། བདེན་འཚོལ་དངོས་གཉེར་དང་། ཏན་ཏན་ཏིག་ཏིག་གིས“ངས་མང་ཚོགས་ཀྱི་དོན་དུ་དངོས་དོན་སྒྲུབ་པ”སོགས་ཀྱི་གཙོ་གནད་ལས་དོན་ཧུར་ཐག་གིས་ལེགས་པར་སྤེལ་བས་ཕན་འབྲས་བཟང་བོ་ཐོབ་ཡོད། བསམ་གཞི་ཆེན་པོ་དང་། བྱེད་ཕྱོགས་ཆེན་པོ། བྱེད་ཐབས་ཆེན་པོ། བྱ་སྤྱོད་ཆེན་པོ་བཅས་ཡོད་དགོས་པ་དང་། གྲུབ་འབྲས་ཆེན་པོ་ཐོབ་དགོས་ཤིང་། ལས་ཀ་བྱེད་དུས་གྲུབ་འབྲས་ཐོབ་ཐུབ་པ་དང་ངེས་པར་དུ་བསྒྲུབ་དགོས་པའི་ལས་ཀ་དག་རྣམ་སྔ་ཙམ་ནས་བསྒྲུབ་དགོས། རང་བཞིན་གྱི་ལས་ཀ་རྣམས་སྔ་ཙམ་ནས་བསྒྲུབ་དགོས་ལ། དེ་བཞིན་དུ་མངོན་གསལ་ཅན་གྱི་ལས་ཀ་རྣམས་སྔ་ཙམ་ནས་དམ་འཛིན་བྱ་དགོས། མཐོ་སར་འགྲེང་བ་དང་། མཐོ་ས་ནས་ལས་ཀ་སྒྲུབ་པ། སྤུས་ཚད་མཐོ་བ་ཡོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ལས་དོན་ཁག་ལ་རྒྱང་རིང་ནས་བལྟ་བ་དང་། བསམ་བློ་གཏིང་ཟབ་གཏོང་བ། ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱེད་དགོས། གསུམ་ནི་དོན་འཁྱོལ་དམ་འཛིན་ལེགས་པོ་བྱ་དགོས། ཚན་ཁག་ཁག་གིས་རང་ངོས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་དུས་ཆེན་སྔོན་ལ་སྒྲུབ་ཚར་མེད་པའི་ལས་དོན་རྣམས་གང་མགྱོགས་སྒོས་ལེགས་སྒྲུབ་བྱས་ནས་མགོ་མཇུག་ཆ་ཚང་བ་བྱེད་དགོས། ལོ་ཧྲིལ་བོའི་ལས་འགན་ཐད་བྱེད་ཐབས་ཞིབ་ཕྲ་སྤྱད་དེ་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས་པ་དང་། གཏན་འབེབས་བྱས་ཟིན་པའི་བྱེད་ཐབས་ལ་ཡང་བསྐྱར་ཞིབ་འཇུག་དང་། ཡང་བསྐྱར་གཏན་འཁེལ། བྱེད་ཐབས་བདེན་པ་ཡིན་མིན་ལ་དང་ལག་སྟར་བྱེད་ཐུབ་མིན་བཅས་ལ་བལྟ་དགོས། བྱེད་ཐབས་གཏན་འབེབས་བྱས་མེད་པའི་དམིགས་འབེན་དང་ལས་འགན་ལ་གང་མགྱོགས་ཀྱིས་ལག་ལེན་དོན་འཁྱོལ་བྱ་ཐུབ་པའི་བྱེད་ཐབས་འདོན་དགོས།
ལོ་གསར་པའི་ནང་། རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གིས་བློ་བརྟན་འགྱུར་མེད་ཀྱིས། དངོས་འཛིན་དངོས་སྒྲུབ་དང་གསལ་འབྱེད་ཡར་བརྩོན།ཧུར་བརྩོན་རྒྱལ་སྐྱོང་བཅས་བྱས་ཏེ་ལོ་ཧྲིལ་བོའི་ལས་དོན་ཁག་གི་འོས་འགན་ཡོངས་འགྲུབ་བྱེད་པ་དང་ཧུར་ཐག་གིས་ལས་ཀའི་རྣམ་པ་གསར་བ་བསྐྲུན་དགོས།
རྩོམ་ཁུངས། རྐང་ཚའི་སྲིད་དོན།
སྤེལ་མཁན། རྐང་ཚ་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ལྟེ་གནས།