ཞིང་ཆེན་སྨྱན་སྦྱོར་གྱིས་རྐང་ཚར་བལྟ་བའི”རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི “དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་དམངས་འཚོར་ཕན་བདེ་བསྐྲུན་པའི”ཕྲེང་བསྟར་བྱེད་སྒོ་སྤེལ་བ།
发布时间:2023年02月09日 消息来源:

དཔྱིད་གསར་དུས་ཆེན་རིང་ཏང་གི་ཚོགས་ཆེན་ཉི་ཤུ་འི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་དང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྤྲོ་སྣང་འཕེལ་བ། འཆམ་མཐུན་ཡོང་བ། མཛེས་སྡུག་ལྡན་པའི་དུས་ཆེན་གྱི་རིག་གནས་རྣམ་པ་ཞིག་བསྐྲུན་ཆེད། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས“2023ལོའི་དཔྱིད་གསར་དུས་ཆེན་ལདམངས་འཚོར་ཕན་བདེ་བསྐྲུན་པའི”མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

             

རིག་རྩལ་འཁྲབ་སྟོན་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས། སྡེ་བ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རིག་གནས་བྱེད་སྒོར་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས། “དཀྱིལ་སྙིང་གཅིག་དང་རུ་དཔུང་ལྔའི”རིག་གནས་དྲིལ་སྒྲོག་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཞབས་བྲོ་དང་། གླུ་དབྱངས། དམངས་གཞས། རྒྱན་གོས་འགྲེམས་སྟོན། སྐོར་བྲོ་སོགས་རིག་རྩལ་ལེ་ཚན་ལ་བརྟེན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ལ་སྲོལ་རྒྱུན་གྱི་དུས་ཆེན་ཤེས་རྟོགས་འབྱུང་བ་དང་། སྲོལ་རྒྱུན་གྱི་དུས་ཆེན་དང་ལེན་བྱེད་པ སྲོལ་རྒྱུན་གྱི་དུས་ཆེན་ལ་དུངས་ཞེན་ཡོད་པ་བཅས་བྱ་རྒྱུ་ཁྲིད་སྟོན་བྱས་ནས་དཀོན་ལོ་གོང་མ་སྡེ་བའི་ཉམས་འགྱུར་གསར་་དང་རྣམ་པ་གསར་་ཁྱོན་ཡོངས་ནས་མངོན་ཡོད་པ་རེད།

             

ཐོན་རྫས་ལ་བརྟེན་ནས་ཐོན་ཁུངས་སྤུས་ཚད་མངོན་པར་བྱ་དགོས། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་དངོས་སྦྱོང་རྟེན་གཞི་བཙུགས་ནས། དེང་རབས་ཀྱི་ཚན་རྩལ་འདེབས་འཛུགས་དང་གསོ་སྤེལ་རྟེན་གཞི། དཀོན་ལོ་གོང་མ་སྡེ་བའི་མི་རིགས་གྲོང་ཚོ་དང་འཆར་གཞི་ལྟར་འཛུགས་སྐྲུན་བྱས་པའི་ནས་བསྙལ་སྦི་རག་ལས་སྣོན་ཁང་སོགས་ལ་བརྟེན། མར་དང་། རྩམ་པ། སྐམ་ཤ  གཙང་སྣུམ། ཕྱུར་བ། བོད་གོས། མ་ཎི་རྡོ་བརྐོས། ནོར་ཁུ། འོ་རག་སོགས་ཐོན་རྫས་འགྲེམས་སྟོན་བྱས་པ་དང་ས་ཁོངས་རིག་གནས་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲས་སུ་གཏོབར་རྨང་གཞི་བརྟན་པོ་བཏིང་ཡོད།

སྨན་བཅོས་ཞབས་ཞུར་བརྟེན་ནས་བདེ་ཐང་གི་གཞི་ཐིག་བརྟན་པོ་བཟོ་དགོས། སྡེ་བ་རིམ་པའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་རྣམ་པ་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ་བདེ་ཐང་བློ་འདྲི་དང་སྨན་སྟེར་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། མང་ཚོགས་ལ་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་པ། མང་ཚོགས་ཀྱིས་ནད་ཀྱི་ཤེས་བྱ་ཤེས་རྟོགས་དང་ངོས་འཛིན་བྱེད་ཚད་ཇེ་མང་དུ་གཏོང་བ། སྡེ་མིར་བདེ་ཐང་གི་འདུ་ཤེས་འཛུགས་པ་དང་། བདེ་ཐང་གི་བྱ་སྤྱོད་གསོ་སྐྱོང་བྱེད་པ། བདེ་ཐང་གི་བྱང་ཚད་ཇེ་མཐོ་གཏོང་བ་བཅས་་ཁྲིད་སྟོན་བྱེད་དགོས། དེ་དང་ཆབས་ཅིག་ས་གནས་སུ་སྨན་རིན་མི་དགོས་པའི་འོས་འགན་སྨན་བཅོས་བྱས་ནས་རྒྱུན་མཐོང་ནད་དང་གཅོང་ནད་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱ་རྒྱུ།

              

སྲིད་ཇུས་ལ་བརྟེན་ནས་དམངས་ཀྱི་ཆེད་དུ་འདུ་ཤེས་དྲིལ་སྒྲོག་བྱ་དགོས། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོསདང་བདེ་རྩ། དོན་དངོས་དང་མཐུན་ཤོས་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་གཙོ་བོར་བཟུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་སྤྱི་འདོམས་བྱེད་པ། མ་མཐའི་འཚོ་བའི་འགན་ལེན་གྱི་ཞིབ་མཆན་འགོད་པ་དང་དོན་འཁྱོལ་ནན་པོ་བྱེད་པ། སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་ཚད་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། མ་མཐའི་འཚོ་བ་འགན་ལེན་དང་། རྒན་གསོ། སྨན་བཅོས། འཆར་ལྡན་བུ་སྐྱེ། སློབ་གསོ། ལས་ཞུགས་སོགས་ཀྱི་ལས་དོན་མི་སྣས་སྲིད་ཇུས་གསར་་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ་ཉམས་ཞན་ལ་རོགས་སྐྱོར་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཀྱི་ཚད་གཞིཇེ་མཐོ་བཏང་ཡོད།

 

                            རྩོམ་ཁུངས། མཚོ་སྔོན་ལྟ་ཞིབ།

                             སྤེལ་མཁན། རྐང་ཚ་རྫོང་སྲིད་གཞུང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ལྟེ་གནས།