藏汉双语|“རང་སྨྱན་སྦྱོར”ལ་ཀྲུང་དབྱང་ནས་བཅོས་སྒྲིག་ནན་མོ་བྱ་རྒྱུ་རེད།
ཉེ་ཆར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་བརྡ་སྦྱོར་སྤེལ་ནས། 2023ལོའི“དྭངས་གསལ”གྱི་ཆེད་དོན་འགུལ་སྐྱོད་རབས་དང་རིམ་པའི་འཆར་གཞི་གཞིར་བཟུང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་དུས་ཡུན་ཟླ་བ་གཉིས་ཀྱི་རིང“དྭངས་གསལ‘རང་སྨྱན་སྦྱོར’གྱི་ཟང་ཟིང་སྣང་ཚུལ་ལ་བཅོས་སྒྲིག་ནན་མོ་བྱེད་པའི”ཆེད་དོན་འགུལ་སྐྱོད་སྤེལ་ནས། འབྲེལ་ལམ་དང་བརྙན་ཐུང་། དྲ་རྒྱའི་ཐད་གཏོང་སོགས་གཙོ་གནད་སྟེགས་བུ་དམིགས་ནས། “རང་སྨྱན་སྦྱོར”གྱིས་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྤེལ་བ། རྫུན་བཟོ་དང་གཡོ་རྫུས། སྒྲིག་འགལ་ཁེ་གཉེར་སོགས་མངོན་གསལ་དོད་པའི་གནད་དོན་ལ་ཁ་གཏད་དེ། རྡུང་རྡེག་མཐའ་གཅིག་ཏུ་བྱེད་པ་དང་ཐག་གཅོད་ནན་མོ་བྱས་ནས་དྲ་རྒྱའི་བར་སྟོང་གཙང་མ་ཞིག་གཏོད་རྒྱུ་ཡིན་པ་བསྟན་ཡོད།
བརྡ་ཐོའི་ནང་ཆེད་དོན་འགུལ་སྐྱོད་ཀྱི་ལས་འགན་གཙོ་བོ་ནི། “རང་སྨྱན་སྦྱོར”གྱིས་དཀྲོག་གཏམ་གྱི་ཆ་འཕྲིན་དང་ཆ་འཕྲིན་རྫུས་མ་སོགས་བརྒྱུད་སྤེལ་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་དང་། གཞུང་ཕྱོགས་ལས་ཁུངས་དང་། གསར་འགྱུར་སྨྱན་སྦྱོར། དམིགས་བཙུགས་མི་སྣ་བཅས་ལ་གཡོ་རྫུས་བྱེད་མཁན“རང་སྨྱན་སྦྱོར”རྩ་མེད་དུ་གཏོང་བ། “རང་སྨྱན་སྦྱོར”གྱི་སྒྲིག་འགལ་ཁེ་གཉེར་གྱི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བཅས་བྱ་རྒྱུ་ཡིན་པ་རེད།
དེའི་ཁྲོད“རང་སྨྱན་སྦྱོར”གྱིས་གནོད་ཡོད་ཆ་འཕྲིན་བཟོ་བར་རྡུང་རྡེག་གཏོང་རྒྱུ་ཡིན་ཞིང་། གཙོ་བོ་ནི་སྤྱི་པའི་སྲིད་ཇུས་དང་། སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ། གེགས་བར་ལས་འཛོལ་ཚབས་ཆེན། སྤྱི་ཚོགས་ཀྱི་གླེང་མང་བའི་དོན་རྐྱེན་སོགས་ལ་བརྟེན་ནས་ལུང་ཚིག་ལོག་འདྲེན་གྱིས་འཁྱོག་བཤད་གསེད་བཀྲོལ་དང་། ཡིན་མིན་གོ་ལྡོག་བྱས་ནས་དམའ་འབེབས་གཏོང་བ། གནས་ཚུལ་འུད་སྒྲོག་གིས་འགལ་ཟླ་བཟོ་བ་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གི་གཟུགས་བརྙན་ལ་གནོད་འཚེ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་ཆ་འཕྲིན་རིགས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་པ་རེད།
བརྡ་ཐོ་གཞིར་བཟུང་། ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་གྱིས་དྲ་ཚུགས་ཀྱི་ལས་སྟེགས་ལ་རང་བཤེར་རང་བཅོས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། ཡ་མེད་སྒྲིག་འགལ་དང་སློབ་གསོ་ཐེངས་མང་བརྒྱབ་ཀྱང་ཡོ་བསྲང་མི་བྱེད་པའི“རང་སྨྱན་སྦྱོར”ལ་ཆད་པ་ནན་པོ་དང་ཆད་པ་ལྕི་པོ་གཅོད་རྒྱུ་དང་། དོ་དམ་ཡག་པོ་མི་བྱེད་པ་དང་རྒྱ་ཡན་དུ་ཤོར་བའི་དྲ་ཚུགས་ཀྱི་ལས་སྟེགས་ལ་ཁྲིམས་ལྟར་དུས་བཀག་ནང་དག་ཐེར་དང་། དངུལ་ཆད་གཅོད་པ། འབྲེལ་ཡོད་ཀྱི་བྱེད་ནུས་གནས་སྐབས་མཚམས་འཇོག་བྱེད་པ། ལས་མཚམས་འཇོག་པ་སོགས་ཀྱི་ཆད་པ་བཅད་ནས“རང་སྨྱན་སྦྱོར”དང་དྲ་ཚུགས་ཀྱི་ལས་སྟེགས་ལ་རང་ངོས་དོ་དམ་ཡག་པོ་བྱེད་དགོས་པའི་ཉེན་བརྡ་གཏོང་རྒྱུ་ཡིན་པ་རེད།
中央网信办开展“清朗·从严整治‘自媒体’乱象”专项行动
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་འཕྲིན་སྟེགས། རྩོམ་སྒྲིག་འགན་ཁུར་བ། ཚེ་བརྟན་ལྷ་མོ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
来源:人民日报