སུན་ཅན་ཏིག་སྐྱིད་སྨོན་ཡུལ་ཚོ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་རུ་ཕེབས་ཏེ་ཧྲན་ཏུང་རོགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་གནང་།
སུན་ཅན་ཏིག་སྐྱིད་སྨོན་ཡུལ་ཚོ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་རུ་ཕེབས་ཏེ་
ཧྲན་ཏུང་རོགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་གནང་།
རྩོམ་ཁུངས། རྐང་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་།
ཡིག་བསྒྱུར། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
ཟླ5ཚེས11ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་སུན་ཅན་ཏིག་གིས་རུ་སྣེ་ཁྲིད་དེ་སྐྱིད་སྨོན་ཡུལ་ཚོ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་རུ་ཕེབས་ཏེ་ཧྲན་ཏུང་རོགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་བྱ་བར་བརྟག་ཞིབ་གནང་།
བརྟག་ཞིབ་སྐབས་སུ། སུན་ཅན་ཏིག་གིས་རྣམ་གྲངས་འཛུགས་སྐྲུན་ས་གནས་འདེམས་པ་དང་། དུས་འགོའི་ཞིབ་འཇུག་བྱེད་པ། ཁོར་ཡུག་དཔྱད་དཔོག་གི་འགྲོ་ལུགས་བསྒྲུབ་པ་སོགས་ཀྱི་ཐད་ཡུལ་ཚོའི་འགན་འཛིན་པ་དང་དཔྱད་མོལ་གཏིང་ཟབ་བྱས་ཏེ། གོམ་སྟབས་རྗེས་མར་རྣམ་གྲངས་འཛུགས་སྐྲུན་གྱི་གཙོ་གནད་བྱ་བའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་རེད།
སུན་ཅན་ཏིག་གིས་བསྟན་དོན། ཡུལ་ཚོ་དང་གྲོང་རྡལ་ཏང་ཨུའི་སྲིད་གཞུང་གིས་མ་འོངས་པ་དང་དོན་དངོས་གཞི་མཐུན་པར་གཞིགས་ཏེ། ཁྱོན་ཡོངས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་འདེམས་པར་ཚན་རིག་རང་བཞིན་དང་ལག་བསྟར་བྱེད་ཐུབ་པའི་རང་བཞིན་ལ་བསམ་གཞིག་གང་ལེགས་བཏང་ནས་འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། རང་རྫོང་གིས་རྣམ་གྲངས་ལག་བསྟར་བྱེད་ཡུན་ཐུང་བའི་གནད་དོན་ངེས་པར་དུ་ཁྱད་དུ་བསད་དེ། གོམ་གང་མདུན་སྤོས་ཀྱིས་དུས་ཚོད་ཀྱི་འདུ་ཤེས་དང་དུས་ཚིགས་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། རྣམ་གྲངས་ཀྱི་དུས་འགོའི་བྱ་བ་དོན་དངོས་ཀྱི་གནས་བབ་ཐོག་འཇོག་པ་དང་། དུས་ཚོད་དང་ནུས་ཤུགས་གཅིག་བསྡུས་ཀྱིས་ཚོད་འཛིན་ཐེབས་པའི་གནད་དོན་དངོས་ཀྱི་ཐོག་སྤྱད་ནས། ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཀྱི་དུས་འགོའི་བྱ་བར་ཞིབ་ཚགས་ལྡན་ལ་དམ་འཛིན་ཡོད་པ། ཕན་འབྲས་ཐོན་པ་བཅས་བྱས་ཏེ། རྣམ་གྲངས་སྔ་མོ་ནས་འགོ་ཚུགས་པ་དང་། སྔ་མོ་ནས་མཇུག་འགྲིལ་བ། སྔ་མོ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་ཞེས་གསུངས།
དེ་དང་ཆབས་ཅིག ཞིང་འབྲོག་མང་ཚོགས་ཀྱིས་མཉམ་དུ། རྣམ་གྲངས་འཕེལ་རིམ་ལ་ལྟ་སྐུལ་བྱེད་དགོས་པར་སྐུལ་འདེབས་བཏང་ནས། རྣམ་གྲངས་ཀྱི་ལས་ཆོད་ཆེ་རུ་འགྲོ་བ་དང་སྤུས་ཚད་མཐོ་རུ་གཏོང་བར་འགན་ལེན་བྱེད་དགོས།