རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“མ་ཡུམ་དུས་ཆེན”ལ་འཚམས་འདྲི་བྱ་བའི་བྱེད་སྒོ་སྤེལ།
发布时间:2023年05月16日 消息来源:

          རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“མ་ཡུམ་དུས་ཆེན”ལ་འཚམས་འདྲི་བྱ་བའི་བྱེད་སྒོ་སྤེལ།


                   ཡོང་ཁུངས།  རྐང་ཚའི་སྲིད་དོན། ཡིག་སྒྱུར།   མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


ཟླ5བའི་ཚེས11ཉིན་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་སྟེ་མ་ཡུམ་ལ་བསྟོད་བསྔགས་འབུལ་རྒྱུའི་སྙིང་སྟོབས་དང་བུད་མེད་ལ་གཅེས་སྐྱོང་།དྲིན་ལན་འཇལ་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་ཞིག་སྐྲུན་ཆེད།རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཟླ་ལྔ་བར་མ་ཡུམ་ལ་དྲིན་ལན་འཇལ”ཞེས་པའི༢༠༢༣ལོའི་མ་ཡུམ་དུས་ཆེན་ལ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ཡུལ་ཚོ་དང་གྲོང་རྡལ་ལྔ་ཡི་ནད་གཞི་ལྕི་མོ་ཕོགཡོད་པ་དང་དཀའ་ངལ་ལ་འཕྲད་ཡོད་པ།དབང་བོ་སྐྱོན་ཅན་དུ་གྱུར་བའི་མ་ཡུམ་བཅས་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུས་པ་རེད།   

འཚམས་འདྲིའི་ཁྲོད་ནས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་སྒྲུབ་མི་སྣས་འཚམས་འདྲི་དང་ཁ་སེམས་གཉིས་མེད་ཀྱི་གླེང་མོལ་བྱས་ཏེ་ཁོ་ཚོའི་ལུས་ཁམས་ཀྱི་གནས་ཚུལ་དང་།ཁྱིམ་ཚང་གི་འཚོ་བ།དཔལ་འབྱོར་གྱི་ཡོང་ཁུངས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་སྒོར ༣༦༠༠ཅན་གྱི་རིན་ཐང་ལྡན་པའི་བལ་གདན་ཞིག་གནང

                

ཁོ་ཚོས་སྤྲོ་སྣང་ལྡན་པའི་རྣམ་འགྱུར་ཐོག་ནས་འཚོ་བར་ཁ་ཕྱོགས་པ་དང་།དཀའ་ཁག་ལས་ཐར་བའི་ཡིད་ཆེས་ལ་སྤོབ་པ་བཅངས་ནས་འཆམ་མཐུན་གྱི་དུས་ཆེན་ཞིག་རོལ་ཐུབ་པའི་སྨོན་འདུན་ཞུས་པ་རེད

    

འཚམས་འདྲི་བྱེད་སྒོ་ལས་མ་ཡུམ་རྣམས་ལ་འཚོ་བའི་ཐད་ཀྱི་རྒྱབ་སྐྱོར་དང་བསམ་བློའི་ཐད་ཀྱི་སེམས་གསོ་གནང་བར་མ་ཟད།སྤྱི་ཚོགས་ཡོངས་ཀྱིས་མ་ཡུམ་ལ་བརྩི་འཇོག་དང་། དྲིན་གཟོ། སྲི་ཞུ་བྱེད་པ་བཅས་དུས་རབས་གསར་བའི་དཔལ་ཡོན་གྱི་ལུགས་སྲོལ་ཡག་པོ་ཞིག་བསྐྲུན་ཡོད་ལ།རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕུལ་བྱུང་མ་ཡུམ་དང་ལོ་ལོན་རྒ་རྒས་ཚོགས་སྤྱིར་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་བྱས་ཏེ་དུས་སྟོན་འདྲ་མིན་དང་ཟུང་དུ་འབྲེལ་ནས་འཚམས་འདྲི་དང་རོགས་སྐྱོར་གྱི་བྱེད་སྒོ་ཧུར་ཐག་གིས་སྤེལ།ནུས་ཤུགས་ཡོད་རྒུས་མ་བུའི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་ཕན་བདེ་དོན་གཉེར་བྱེད་པ། མ་བུའི་བྱ་ཞག་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།