ཐང་ཞོ་ཅན་གྱིས་རུ་ཁག་ཁྲིད་དེ་རང་རྫོང་གི་ཞིང་ཆེན་ཡོངས་ཀྱི་ཞིང་གྲོང་འཛུགས་སྐྲུན་སྤུས་ཚད་མཐོ་རུ་གཏོང་བའི་སྐུལ་འདེད་ཚོགས་འདུ་དང་འཚོ་བའི་གད་སྙིགས་ལེགས་བཅོས་ཀྱི་ཡུལ་དངོས་ཚོགས་འདུའི་གྲ་སྒྲིག་གི་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་།
ཐང་ཞོ་ཅན་གྱིས་རུ་ཁག་ཁྲིད་དེ་རང་རྫོང་གི་ཞིང་ཆེན་ཡོངས་ཀྱི་ཞིང་གྲོང་འཛུགས་སྐྲུན་སྤུས་ཚད་མཐོ་རུ་གཏོང་བའི་སྐུལ་འདེད་ཚོགས་འདུ་དང་ འཚོ་བའི་གད་སྙིགས་ལེགས་བཅོས་ཀྱི་ཡུལ་དངོས་ཚོགས་འདུའི་གྲ་སྒྲིག་གི་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་།
ཟླ6པའི་ཚེས13ཉིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱི་རིན་པ་གཉིས་པའི་སྐོར་ཞིབ་པ་ཐང་ཞོ་ཅན་གྱིས་རུ་ཁག་ཁྲིད་དེ་རང་རྫོང་གི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་སྐུད་འདེད་ཚོགས་འདུ་དང་འཚོ་བའི་གད་སྙིགས་ལེགས་བཅོས་ཀྱི་ཡུལ་དངོས་ཚོགས་འདུའི་གྲ་སྒྲིག་གི་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་།
ཞིབ་བཤེར་ཚན་ཚུང་གིས་སྔ་རྗེས་སུ་གཡུ་ཞུན་གཞིས་ཁུལ་དང་འཚོ་བའི་གད་སྙིགས་བསྐྱར་བགོས་ལྟེ་གནས། འཚོ་བའི་གད་སྙིགས་གཙང་སེལ་བཟོ་གྲྭ འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ། དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བ་སོགས་ལ་བསྐྱོད་ནས། ཡུལ་དངོས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། སྤྱིའི་གྲ་སྒྲིག་གི་གནས་ཚུལ་དང་། དྲིལ་བསྒྲགས་སྤེལ་ཚུལ། ཚོགས་འདུའི་ལས་དོན་དང་དེ་བཞིན་མཁོ་སྒྲུབ་འགན་ལེན་སོགས་ཀྱི་བྱ་བ་འཕེལ་རྒྱས་སུ་འགྲོ་བའི་གནས་ཚུལ་ལ་གསན།
ཚོགས་འདུའི་ཐོག་ཏུ་རྐང་ཚ་ནི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་སྐུལ་འདེད་ཚོགས་འདུ་དང་འཚོ་བའི་གད་སྙིགས་ལེགས་བཅོས་ཀྱི་ཡུལ་དངོས་ཚོགས་འདུ་བསྡུ་བའི་འགན་སྒྲུབ་མཁན་ཞིག་ཡིན་པས་ཆ་ནས། ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཚད་གཞི། བླང་བྱ་སོགས་མཐོར་འདེགས་སུ་བཏང་སྟེ་ཡུལ་དངོས་ཀྱི་ལས་དོན་ཁག་ལེགས་པོ་བསྒྲུབ་པ་དང་། ཚོགས་འདུ་བདེ་བླག་ངང་འཚོགས་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།
ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། གཅིག བསམ་བློའི་ཐོག་རང་འགུལ་གྱིས་ཧུར་ཐག་གཙིགས་ཆེན་བྱེད་པ་དང་། བྱ་བ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། འཕྲལ་སྒྲུབ་ཀྱི་འདུ་ཤེས་དང་མྱུར་ཚད་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་བཏང་ནས།གནས་བབ་གསལ་རྟོགས་དང་། གནད་དོན་ལ་གཙིགས་ཆེན་བྱེད་པ། བསམ་ཕྱོགས་གསལ་བོ་འདོན་པ།སེམས་ཤུགས་གཅིག་སྒྲིལ་བྱེད་པ་བཅས་ཀྱིས་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་ལས་དོན་ཁག་འགན་སྒྲུབ་ཀྱི་བྱ་བ་ལེགས་འགྲུབ་ཡོང་བར་དགོས།གཉིས།རྩ་འཛུགས་ཞིབ་ཚགས་ལྡན་པ་དང་། གཞོགས་འདེགས་དམ་ཟབ་བྱས་ཏེ་སྐོར་ཞིབ་ལམ་ཐིག་དང་འགྲེལ་བཤད་སྔར་ལས་འཐུས་ཚང་དུ་བཏང་སྟེ་འགྲེམས་བྱང་གི་ནང་དོན་ཕུན་སུམ་ཇེ་ལེགས་སུ་གཏོང་རྒྱུ། སྐོར་ཞིབ་ཚོགས་ཆེན་གྱི་ལམ་ཐིག་གོ་རིམ་ལྡན་པ། དངོས་པོའི་སྤུས་ཀ་ལེགས་པ། ལྟ་གཟིགས་ཚོགས་འདུའི་ཁྱད་ཆོས་དང་ཆུ་ཚད་ལྡན་པར་འགན་ལེན་བྱ་དགོས། གསུམ། ལྟ་གཟིགས་ལམ་ཐིག་དང་ལྟད་གཟིགས་ས་ཚིགས་ཀྱི་ཁོར་ཡུག་གཙང་སྦྲ་ལེགས་བཅོས་གཏོང་བ་དང་བསྟུན་ནས་ཚོགས་ར་བཀོད་སྒྲིག་སོགས་ཀྱི་བྱ་བ་ཤུགས་སྣོན་རྒྱག་དགོས།ལམ་ཐིག་ཀྱི་རྣམ་པ་ལེགས་བཅོས་ཡོང་བར་ཤུགས་ཆེ་རུ་བཏང་སྟེ་ཚོགས་འདུའི་ལས་དོན་གྱི་རྩ་འཛུགས་འགན་ལེན་བྱ་དགོས། གཙོ་གནད་ཁག་དང་གནད་བསྡུས་དུམ་ཚན་ལ་དངོས་སུ་དམ་འཛིན་ལེགས་པོ་ཡོང་བར་བྱས་ཏེ། ཡུལ་དངོས་ཀྱི་ལྟ་གཟིགས་བྱེད་སྒོ་དང་བསྟུན་ནས་ཡུལ་དངོས་ཚོགས་འདུ་ལ་བདེ་འཇགས་དང་གོ་རིམ་ཚང་བར་འགན་ལེན་བྱ་དགོས། བཞི། ཚད་གཞི་ནན་ཏན་དུ་གཏོང་བ་དང་། བྱ་ཐབས་ལ་ཤུགས་ཆེར་བཏང་སྟེ་ཐེངས་འདིའི་ལྟ་གཟིགས་ལམ་ཐིག་དང་ལྟ་གཟིགས་ས་ཚིགས་ཞིབ་བཤེར་མཛུབ་ཁྲིད་ཀྱི་གནས་ཚུལ་ལ་གཞིགས་ནས་མགྱོགས་མྱུར་གྱིས་ཆད་པ་སླར་གསོ་བྱས་ཏེ། ཚད་གཞི་དང་སྤུས་ཚད་མཐོན་པོའི་སྒོ་ནས་ལྟ་གཟིགས་ས་ཚིགས་ཁག་གི་བྱ་བ་གྲ་སྒྲིག་ལེགས་འགྲུབ་ཡོང་བར་བྱ་དགོས།
རྫོང་ཨུ་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷ་དང་། རྫོང་ཨུ་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་འཇམ་དབྱངས་དོན་ལྡན། དེ་བཞིན་རྫོང་འགན་སྒྲུབ་ལས་དོན་སྣེ་ཁྲིད་ཚན་ཚུང་སོ་སོའི་ཚན་གཙོ་དང་ཚོགས་ཞུགས་ལས་ཁུངས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས།