རྐང་ཚ་རྫོང་གིས་གནས་སྐོར་ཞབས་ཞུའི་ཐད་བློ་བདེའི་བྱེད་ཐབས་ཁག་བཅུ་བཏོན་འདུག
རྐང་ཚ་རྫོང་གིས་གནས་སྐོར་ཞབས་ཞུའི་ཐད་བློ་བདེའི་བྱེད་ཐབས་ཁག་བཅུ་བཏོན་འདུག
སྒྲིག་སྒྱུར། ཚེ་གཟུངས་་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྐང་ཚ་རྫོང་གི་རྫོང་ཁོངས་ཀྱི་མཛེས་ལྗོངས་ཁུལ་དང་། མགྲོན་ཁང་། བཟའ་བཏུང་། སྣེ་ལེན་ས་ཚིགས་བཅས་ཚང་མར་གཟའ་འཁོར་རེར་ཞབས་ཞུ་བའི་སྣེ་ལེན་གུས་ལུགས་སྐོར་གྱི་གསོ་སྦྱོང་སྤེལ་རྒྱུ་ཡིན་པ་དང་། གནས་སྐོར་བར་ཚུལ་མཐུན་དང་། སྤྲོ་སེམས། ཚད་ལྡན། འཐུས་ཚང་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་འབྲེལ་གཤམ་གྱི“རྩ་ཆག་བདུན་དང་། ཆག་ཡང་གཅིག གོང་སྙོམས་གཉིས”སོགས་བློ་བདེའི་ཞབས་ཞུ་ཁག་བཅུ་ལག་བསྟར་བྱེད་རྒྱུ་རེད།
གཅིག རླངས་འཁོར་འཇོག་རིན་མི་དགོས་པའི་ཞབས་ཞུ། རྫོང་ཁོངས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ས་ཚང་མར་མངོན་གསལ་གྱི་ཁྲིད་སྟོན་བྱང་བུ་བཙུགས་ནས་ལོ་ཧྲིལ་པོར་གནས་སྐོར་བར་རིན་དངུལ་མི་ལེན་པར་རླངས་འཁོར་འཇོག་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད། དེའི་ཁྱབ་ཁོངས་སུ་ཏང་སྲིད་ལས་ཁུངས་དང་ཁེ་ལས། བྱ་ལས་སྡེ་ཁག་གི་རླངས་འཁོར་འཇོག་སའང་འདུ།
གཉིས། རིན་མེད་གསང་སྤྱོད་ཀྱི་ཞབས་ཞུ། རྫོང་ཁོངས་ཀྱི་སྤྱི་པའི་གསང་སྤྱོད་ཁང་ཚང་མར་མངོན་གསལ་གྱི་ཁྲིད་སྟོན་བྱང་བུ་བཙུགས་ནས། ལོ་ཧྲིལ་པོར་གནས་སྐོར་བར་རིན་དངུལ་མི་ལེན་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད། དེའི་ཁྲོད་དུ་རྫོང་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས། བྱ་ལས་སྡེ་ཁག་གི་གསང་སྤྱོད་ཁང་ཡང་འདུ་བ་རེད།
གསུམ། རིན་མེད་དབྱང་དབུགས་མཁོ་འདོན་གྱི་ཞབས་ཞུ། རྫོང་ཁོངས་ཀྱི་སྐར་མ་རིམ་པའི་མགྲོན་ཁང་ཚང་མས་དབྱང་དབུགས་མཁོ་འདོན་གྱི་ཞབས་ཞུ་རིམ་བཞིན་ཇེ་མང་དུ་གཏང་པ་དང་། གནས་སྐོར་བར་རིན་མེད་ངང་བེད་སྤྱོད་བྱེད་དུ་འཇུག་རྒྱུ་མ་ཟད། གསར་དུ་བཙུགས་པའི་སྐར་མ་རིམ་པའི་མགྲོན་ཁང་ཚང་མར་དབྱང་དབུགས་མཁོ་འདོན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་རྒྱུ།
བཞི། རིན་མེད་མཁོ་བསྟུན་སྨན་རྫས། རྫོང་ཁོངས་ཀྱི་མཛེས་ལྗོངས་ཁུལ་དང་། སྤྱི་པའི་གསང་སྤྱོད་ཁང་། གྲོང་གསེབ་ཀྱི་གནས་སྐོར་སྣེ་ལེན་ཞུ་ས། དམངས་སྲོལ་མགྲོན་ཁང་། སྐར་མ་རིམ་པའི་མགྲོན་ཁང་བཅས་ཀྱིས་གནས་སྐོར་བར་རིན་མེད་ཀྱི་རྫ་དུག་སྨན་རྫས་དང་། མཁོ་བསྟུན་སྨན་རྫས། འཐུང་ཆུ་ཚ་པོ་དང་གནས་སྐོར་འདྲི་རྩད་བཅས་མཁོ་འདོན་བྱེད་རྒྱུ།
ལྔ། རིན་མེད་གློག་གསོག་ཞབས་ཞུ། ཟླ6ཚེས1ཉིན་ནས་བཟུང་རྐང་ཚ་རྫོང་མཚོ་སྔོན་པོ་ཁྱད་ལྡན་ཐོན་རྫས་མྱོང་རོལ་ལྟེ་གནས་ཀྱི་རླངས་འཁོར་འཇོག་ས(BIPV)ནས་གློག་ནུས་རླངས་འཁོར་ལ་རིན་མེད་གློག་གསོག་གི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད།
དྲུག རིན་མེད་སྒོ་འཛིན་གྱི་ཞབས་ཞུ། པེ་ཅིང་དང་། ཧྲང་ཧེ། ཐེན་ཅིན། ཀྲེ་ཅང་། ཅང་སུའུ། ཧྲན་ཏུང་བཅས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བཅས་ཀྱི་ལས་བྱེད་ལས་བཟོ་བ་དང་། སྐྱེ་ཁུངས་མཚོ་བྱང་ནས་ཡིན་པའི་གནས་སྐོར་བས་ལག་ཁྱེར་གོ་ཆོད་ལ་བརྟེན་ནས་རིན་མེད་ངང4Aརིམ་པའི་ལྗོངས་ཁུལ་ཏེ་ཙོང་ཉའི་གཞིས་ཁྱིམ(འབྲེལ་ཡོད་མྱོང་རོལ་ཞབས་ཞུ་ལ་མ་གནས་འགྲོ་གྲོན་ལས་བསྡུ་རྒྱུ་མིན)ནང་སོང་ཆོག སྤ་སེ་ཉོས་ཏེ་ཙོང་ཉའི་གཞིས་ཁྱིམ་དུ་འགྲོ་བའི་གནས་སྐོར་བས་སྤ་སེ་ལ་བརྟེན་ནས་རིན་མེད་ངང་ཚེ་ཐར་གཏོང་བའི་བྱེད་སྒོ་ཐེངས་གཅིག་དང་། ཁྱད་ལྡན་བོད་ཟས་གཅིག(འོ་ཇ་དཀར་ཡོལ་གང་དང་རྩམ་པ་ཆང་བུ་གཅིག)སྒུལ་ཤུགས་མེད་པའི་སྒྲིག་བཀོད་ཀྱི་རོལ་རྩེད་


བརྒྱད། སྒོ་འཛིན་གྱི་རིན་གོང་ཕྱེད་ཀའི་ཞབས་ཞུ། དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་དང་། སྨན་པའི་ཐོབ་ཐང་ལག་ཁྱེར། ནད་གཡོག་གི་ཐོབ་ཐང་ལག་ཁྱེར་བཅས་ཡོད་པའི་དགེ་རྒན་དང་དེ་བཞིན་སྨན་དོན་མི་སྣ་ཚང་མས་རྫོང་ཁོངས་ཀྱི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ཕྱེད་ཀ་གཅོག་པའི་ཞབས་ཞུ་ལོངས་སུ་སྤྱད་ཆོག གཞན་པའི་སྲིད་ཇུས་རང་བཞིན་གྱི་འཕྲི་གཅོག་བཏང་ཡོད་པར་(དཔེར་ན་དམག་མི་དང་། རུ་འཁྱུར་དམག་མི། རྒན་རྒོན། བྱིས་པ་སོགས)དེ་བཞིན་ལག་བསྟར་བྱེད་རྒྱུ།

དགུ། ཟ་ཁང་གི་ཟས་རིན་གཅོག་པའི་ཞབས་ཞུ། བོད་གྲོང་གི་མིང་གྲགས་ལྡན་པའི་ཟ་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། མིང་གྲགས་ལྡན་པའི་ཟ་ཁང་དུ་བདམས་ཐོན་བྱུང་བའི་ཟ་ཁང་གི་ཁྱད་ལྡན་བཟའ་བཅའ་གོང་སྙོམས་ཕྱིར་ཚོང་བྱེད་པ་ལག་བསྟར་བྱེད་རྒྱུ། དེའི་ཁྲོད་དུ། ལུག་ཤ་རྒྱ་མ་རེར་སྒོར68ལས་མི་མཐོ་བ་དང་། སྐམས་ཤ་རྒྱ་མ་རེར་སྒོར78ལས་མི་མཐོ་བ་མ་ཟད་སྤུས་ཚད་འགན་ལེན་བྱེད་རྒྱུ། གལ་ཏེ་གནས་སྐོར་བས་ཞུ་གཏུག་བྱས་པ་དང་བརྟག་དཔྱད་བྱས་པ་བརྒྱུད་དོན་དངོས་ཡིན་ན། གནས་སྐོར་བར་ལྡབ་ལྔའི་སྐྱིན་ཚབ་འཇལ་དགོས་པ་དང་། ཁྲིམས་སྲོལ་ལྟར་འབྲེལ་ཡོད་ཚོང་ཁང་གི་སྒོ་བྱང་ལེན་པ་དང་ཆད་པ་གཅོད་རྒྱུ།

བཅུ། བློ་བདེའི་རིན་གོང་ཞབས་ཞུ། རྫོང་ཁོངས་ཀྱི་མཛེས་ལྗོངས་ཁུལ་ཚང་མའི་རིན་གོང་བློ་བདེ་ཡིན་པ་དང་། རིན་གོང་མཐོན་པོ་མི་ལེན་པའི་ཁས་ལེན་བྱེད་པ། གལ་ཏེ་རིན་གོང་མཐོན་པོ་ལེན་པའི་སྣང་ཚུལ་བྱུང་ན། འབྲེལ་ཡོད་གཏན་འབེབས་ལྟར་ཚོང་ཁང་དེར་དངོས་རྫས་རིན་གོང་གི་ལྡབ་ལྔའི་ཆད་པ་གཅོད་རྒྱུ།
