ཀྲུང་གོ●མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རྩེ་གྲ་བའི་འགྲན་སྡུར་སྐབས་བརྒྱད་པ་རྐང་ཚ་རྫོང་དུ་འཚོགས།
发布时间:2023年07月04日
消息来源:
ཀྲུང་གོ●མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རྩེ་གྲ་བའི་འགྲན་སྡུར་སྐབས་བརྒྱད་པ་རྐང་ཚ་རྫོང་དུ་འཚོགས།
སྒྲིག་སྒྱུར། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས1ཉིན། ཀྲུང་གོ་མདའ་འཕེན་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་། ཞིང་ཆེན་ལུས་རྩལ་ཅུ་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན།མཚོ་བྱང་ཁུལ་སྲིད་གཞུང་། ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། རྐང་ཚ་རྫོང་སྲིད་གཞུང་དང་ཞིང་ཆེན་ལུས་རྩལ་འགྲན་སྡུར་དོ་དམ་ལྟེ་གནས། ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་བའི“དྲིན་ཚོར་དང་མཐུན་སྒྲིལ། ཡར་བརྩོན”བཅས་བརྗོད་དོན་ཡིན་པའི་ཀྲུང་གོ●མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རྩེ་གྲ་བའི་འགྲན་སྡུར་སྐབས་བརྒྱད་པ་རྐང་ཚ་རྫོང་དུ་འཚོགས་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཞིང་ཆེན་ལུས་རྩལ་ཅུ་ཡི་ཅུ་ཀྲང་ཝང་ཞ། ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ།ཝང་ཡུང་ཁྲང་། སུའུ་བདུན་ཅུ། ཞོ་རོས་ཞིན་བཅས་མཛད་སྒོར་ཕེབས།






རྒྱུས་ལོན་པ་ལྟར་ན། རྐང་ཚ་རྫོང་གི་མི་རིགས་ལུས་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ལས་ཀྱང་མདའ་འཕེན་ལུས་རྩལ་ལ་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་པོ་ཡོད་པས་ས་གནས་དེ་གའི་མང་ཚོགས་ལ་མེད་དུ་མི་རུང་བའི་ལུས་རྩལ་རོལ་རྩེད་རྣམ་གྲངས་ཤིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། མངའ་ཁོངས་ཀྱི་མི་རིགས་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པ། མང་ཚོགས་ཀྱི་རིག་གནས་ལུས་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྫོང་ཡོངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ལོ་ལྟར་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་ཆེ་ཆུང་སྣ་ཚོགས་སྤེལ་བས་མདའ་འཕེན་ལུས་རྩལ་དེ་རིགས་སོ་སོའི་མང་ཚོགས་ཕན་ཚུན་འགྲོ་འོང་བརྗེ་རེས། མཉམ་འདྲེས་བྱེད་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཛེས་ཤོས་ཤིག་ཏུ་གྱུར་ཡོད།



