མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པ།  
发布时间:2023年07月10日 消息来源:

             མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པ།  



 

        ཡིག་སྒྱུར། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  ཡོང་ཁུངས། ཟི་ལིང་དགོང་རེའི་ཚགས་པར།


 དེ་རིང་གི་མཚོ་སྐོར་འགྲན་བསྡུར།

འགྲན་ཐེངས་གཉིས་པ།   མདོ་བ  - ཁྲི་ཀ

འགྲན་བསྡུར་ལམ་ཐག    སྤྱི་ལེ132ལྷག་ཙམ།  

འགོ་རྩོམ་པའི་ས་ཚིགས།   རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི།  

མཇུག་སྒྲིལ་བའི་ས་ཚིགས།  ཁྲི་ཀ་རྫོང་ཆུ་འགག་ལམ་ཆེན་ཧུང་ཐུའུ་གུང་གསེང་མགྲོན་ཁང་གི་སྒོ་འགྲམ།  

ལམ་ཐིག  G213- མདོ་བ་ལྷོའི་སྲང་ལམ། - ཁུ་ནུའི་ལམ་ཆེན-ཞིན་ཧྭ་མཉམ་འབྲེལ་རྒྱལ་སྤྱིའི་ཡུལ་སྐོར་མཁར་གྲོང།-ཁུ་ནུའི་ནུབ་ལམ-རེབ་གོང་ལམ-S104ཉིང་ཀུའེ་མྱུར་བགྲོད་གཞུང་ལམ-G227-ཙོང་ཁ་ལབ་ཙེ-ཁྲི་ཀའི་རྨ་ཆུ་ཟམ་ཆེན-ཧོ་ཀོན་ལམ་ཆེན་བཅས་བརྒྱུད་དགོས།

འགྲན་ཐེངས་དེའི་ལྟ་ས་ཆེ་ཤོས་ནི་སྐབས་འདིའི་འགྲན་བསྡུར་གྱི་ས་བབ་མཐོ་ཚད་སྨི4000ཙམ་ཡོད་པའིHརིམ་པའི་གྱེན་རྒྱུག་ས་ཚིགས་ཀྱི་རྒྱལ་ཁ་སུས་ལེན་ཐུབ་པ་དེ་ཡིན་ལ།  ཤར་ལམ་གཙོ་བོ་དེ་མཚོ་སྔོན་ཐེན་ཡོ་ཏིག་རྐང་འཁོར་རུ་ཁག་གིས་འགྲན་ཐེངས་དང་པོ་སོར་འཇོག་བྱས་པའི་གནས་ཚུལ་འོག ནུས་ཤུགས་ཡོད་རྒུས་ས་བབ་མཐོ་བ་དང་། རྙོག་འཛིང་ཆེ་བའི་གནམ་གཤིས་ཀྱི་ཁོར་ཡུག་ལ་གདོང་གཏོད་རྒྱུ་དེ་ཡིན།  

                  སང་ཉིན་གྱི་མཚོ་སྐོར་འགྲན་བསྡུར།  

འགྲན་ཐེངས་གསུམ་པ།  ཁྲི་ཀ - ཧོར་གྲོང་།  

འགྲན་བསྡུར་ལམ་ཐག   སྤྱི་ལེ132ལྷག་ཙམ།  

འགོ་རྩོམ་པའི་ས་ཚིགས།   ཁྲི་ཀ་རྫོང་ཆུ་འགག་ལམ་ཆེན་རྫོང་སྲིད་གཞུང་སྒོ་འགྲམ།  

མཇུག་སྒྲིལ་བའི་ས་ཚིགས།  ཧོར་གྲོང་རྫོང་དར་རྒྱས་ལམ་ཆེན་ལྷོ་བའི་ལམ་མདོ།

ལམ་ཐིག ཆུ་འགག་ལམ་ཆེན-G227-སྟོང་དཔོན-S305ཀྲ་ཧ་གཞུང་ལམ-ཀྲ་པཱ་གྲོང་རྡལ-S202-དམར་གཙང-G109-S102ཧོར་གྲོང་བྱང་ལམ་ནས་ཟི་ལིང་དཔན་ཁྲིན་གཞུང་ལམ-ཧུང་ཡ་ཙི་ཁུགས -བོ་ཧྲི་གྲོང་རྡལ་-དན་མ་གྲོང་རྡལ-པན་ཡན་ལམ-དར་རྒྱས་ལམ་ཆེན་བཅས་རེད།