​རྐང་ཚ་རྫོང་ནས“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱེད་སྒོ་སྤེལ།
发布时间:2023年08月18日 消息来源:

རྐང་ཚ་རྫོང་དུ2023ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་གཅིག་བསྡུས་དཔེ་སྟོན་བྱེད་སྒོ་སྤེལ།
ཟླ8པའི་ཚེས15ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གུང་རྐང་ཚ་རྫོང་ཨུ། རྐང་ཚ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པའི2023ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་གཅིག་བསྡུས་དཔེ་སྟོན་བྱེད་སྒོའི་མཛད་སྒོ་རྐང་ཚ་རྫོང་དུ་སྤེལ།
图片

图片
图片
ཀྲུང་དབྱང་དྲིལ་སྒྲོག་པུའི་དྲུང་ཡིག་གཞོན་པ་ཐིང་ཧིན་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དྲིལ་སྒྲོག་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཙུན་ཅན་ལིས། ཀྲུང་དབྱང་དྲིལ་སྒྲོག་པུའུ་དྲིལ་སྒྲོག་སློབ་གསོ་ཅུས་བསམ་བློ་ཆབ་སྲིད་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡིང་ལིའུ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་གི་དཔལ་ཡོན་སྡེ་གྲོང་གསར་འཛུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀོའུ་ཝེ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཞིང་ཆེན་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རིན་ཞུས་ཞིན་ཀིག ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ཀྲང་ཐའོ། ཞིང་ཆེན་ཚན་རྩལ་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའམ་མཚོ་སྔོན་རོགས་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ཀྲོ་བུན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཅན་ཀོ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིས་ཞེ་ཧྥུན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོའུ་ལིས་ཁྲོ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཁྲིན་ཡུན་པང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་དང་དེ་བཞིན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ཁྲིམས་འཛིན་ཐིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ལྷན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས། ཞིང་ཆེན་དུག་འགོག་ཨུ་ལྷན་གཞུང་ལས་ཁང་། ཞིང་ཆེན་མེ་ཟོན་སྤྱི་ཁབ་རུ་ཁག ཞིང་ཆེན་ས་ཡོམ་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་རྣམས་བྱེད་སྒོར་ཞུགས། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་རྫོང་གི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་དང་། རྐང་ཚ་རྫོང་གི་རིམ་པ་སོ་སོའི་ངལ་རྩོལ་དཔེ་བཟང་ཅན་དང་ཀུན་སྤྱོད་དཔེ་བཟང་ཅན་སོགས་སྔོན་ཐོན་དཔེ་མཚོན། ད་དུང་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་ཁྲིད་དེ་བྱེད་སྒོར་ཞུགས།
图片
ཐིང་ཧིན་གྱིས་མཚོ་བྱང་ཁུལ་གྱི“གཞི་རིམ་དུ་སྐྱོད་པ་གསུམ”གྱི་བྱེད་སྒོའི་ཡན་ལག་རུ་ཁག་ཆུང་གྲས་ལ་རུ་དར་སྤྲད་པ་དང་འབྲེལ་བྱེད་སྒོ་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཞུས་ཤིན་ཀེ་དང་ཤ་བོ་སྐྱབས་ཀྱིས་སོ་སོར་ཤིས་ཚིག་ཕུལ་བ་དང་། ཝང་ཡུང་ཁྲང་གིས་གཙོ་སྐྱོང་གནང་། ཀྲུའུ་ཁྲིན་ཆིན་དང་རྐང་ཚ་རྫོང་གི་མང་ཚོགས་ཀྱི་འཐུས་མི་གླིང་དར་གྱིས་གཏམ་བཤད་གནང་།
图片


图片


图片


图片


图片


图片


图片
བྱེད་སྒོའི་ཁྲོད་དུ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་གིས་རྐང་ཚ་རྫོང་ལ་གཞི་རིམ་རིག་གནས་འཛུགས་སྐྱོང་གི་མ་དངུལ་སྒོར་ཁྲི200སྤྲད་པ་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་ལས་གཞི་དང་མ་དངུལ། དངོས་ཟོག་བཅས་ཁྱོན་བསྡོམས་སྒོར་དུང་ཕྱུར3.78སྤྲད། ཀྲུའུ་ཁྲིན་ཆིན་གྱིས་ཐེངས་འདིའི་བྱེད་སྒོའི་ཁྲོད་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱིས་རྐང་ཚའི་རིག་གནས་དར་རྒྱས་གོང་འཕེལ་ལ་ཐུགས་ཁུར་ཟབ་མོ་དང་རེ་བ་ཆེན་པོ་གནང་བ་དང་། རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་འཕེལ་རིམ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ཡོད་པར་བཤད་ལ། རྐང་ཚ་རྫོང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས་ཐུགས་ཁུར་དང་རོགས་སྐྱོར་ལས་གཞི་སོ་སོ་བེད་སྤྱོད་ཡག་པོ་བྱས་ཏེ“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱེད་སྒོར་སྐུལ་འདེད་བཏང་ནས། ཞབས་ཞུའི་ཐོན་ཁུངས་སྔར་ལས་བསྡུ་སྒྲིལ་དང་ཞབས་ཞུའི་ནང་དོན་དང་བྱ་ཐབས་སྤུས་ཚད་ཇེ་ལེགས་སུ་གཏོང་བ། རོང་འབྲོག་མང་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དྲིན་ཚོར་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཁྲོད་ནས་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རྒྱང་སྐྱོད་ཀྱི་ལམ་བུ་ཞིག་ཧུར་ཐག་སྒོས་གཏོད་རྒྱུར་སྐུལ་སློང་བྱས།
图片


图片


图片


图片
བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་དྲིལ་སྒྲོག་དང་རིག་གནས། ཚན་རྩལ། འཕྲོད་བསྟེན། སློབ་གསོ། ཞིང་ལས། ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཁག་བཅུའི་ཆེད་ལས་པ་དང་དང་བླངས་བ་བཅས་ཀྱིས་རྐང་ཚ་རྫོང་གི་ལས་བཟོ་བའི་རིག་གནས་ཐང་ཆེན་དུ་བློ་འདྲི་སྟེགས་བུ་བཙུགས་པ་དང་། དྲིལ་སྒྲོག་དཔྱད་ཡིག་སྟེར་བ་དང་འགྲེམས་པང་འཇོག་པ་སོགས་ཀྱི་རྣམ་པའི་ཁྲོད་གྲ་སྒྲིག་ཞིབ་ཚགས་བྱས་པའི་རིག་རྩལ་འཁྲབ་སྟོན་དང་ཚན་རྩལ་འཕྲོད་བསྟེན་ཞབས་ཞུ་སོགས་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ནས་རྒྱ་ཆེའི་མང་ཚོགས་ལ་རིགས་པའི་གཞུང་ལུགས་དྲིལ་སྒྲོག་དང་རིག་རྩལ་འཁྲབ་སྟོན། ཚན་རིག་ཁྱབ་གདལ་དྲིལ་སྒྲོག ལག་རྩལ་བློ་འདྲི། བདེ་ཐང་འོས་འགན་སྨན་བཅོས་སོགས་ཀྱི་དྲོ་སྐྱིད་ལྡན་པའི་ཞབས་ཞུ་མཁོ་འདོན་བྱས། རྒྱུས་ལོན་པ་ལྟར་ན། ཆེད་མཁས་པ་དང་དང་བླངས་བས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་ནས་ཞིང་ལས་ལག་རྩལ་དང་བདེ་ཐང་། བཅའ་ཁྲིམས། དུག་འགོག་ཐད་ཀྱི་ཤེས་བྱ་སོགས་ཞིང་ས་དང་ཕྱུགས་ར། རོང་འབྲོག་མང་ཚོགས་ལ་ངོ་སྤྲོད་གནང་།
图片


图片
གོམ་སྟབས་རྗེས་མར། རྐང་ཚ་རྫོང་གིས་ཐེངས་འདིའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས“གཞི་རིམ་དུ་སྐྱོད་པ་གསུམ”གྱི་དཔེ་སྟོན་བྱེད་སྒོ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་རྒྱུར་དམིགས་ནས། རྒྱ་ཆེའི་གྲོང་གསེབ་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་རྒྱུ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་བྱེད་སྒོ་སྤེལ་ནས། མང་ཚོགས་ལ་བྱམས་བརྩེ་དང་དམངས་ལ་ཕན་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། ཞིང་བའི་རིག་གནས་དང་འཚོ་བ་ཕུན་སུམ་ཇེ་ལེགས་སུ་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་གསུམ”གྱི་བྱེད་སྒོའི་ཆས་རྟགས་ཀྱི་ཕན་ནུས་དང་དཔེ་སྟོན། སྣེ་ཁྲིད། སྐུལ་ལྕག་བཅས་ཀྱི་ནུས་ཤུགས་སྔོག་འདོན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྐང་ཚའི་ལེའུ་གཏོད་རྒྱུར་སྲ་བརྟན་གྱི་བསམ་བློའི་འགན་ལེན་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་མཁོ་འདོན་བྱ་རྒྱུ་རེད།

图片


ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། རྩོམསྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།


责  编:项吉当知

监  制:杨本才让 

总监制:刘增奎

  载:今日藏乡

发布人:罗军