རྐང་ཚ་རྫོང་གིས་སྨན་བཅོས་འགན་བཅོལ་བྱ་བར་སྐུལ་འདེད་བཏང་པ།
发布时间:2023年10月01日
消息来源:
རྐང་ཚ་རྫོང་གིས་ཤུགས་སྣོན་གསུམ་རྒྱུན་བསྐྱངས་ཏེ་སྨན་བཅོས་འགན་བཅོལ་བྱ་བར་སྐུལ་འདེད་བཏང་པ།
ད་ལོ་ནས་བཟུང་། རྐང་ཚ་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་ཀྱི་གནད་དོན་ལ་རྐང་བཙུགས་ཏེ། མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་སྒོས་ཡུལ་ཚོ་དང་གྲོང་རྡལ་སྡོད་དམངས་ཀྱི་ནད་གཞི་ལྕི་བའི་འགན་བཅོལ་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་སྡོད་དམངས་ཀྱི་འགན་བཅོལ་སྒྲུབ་གཉེར་ཞབས་ཞུར་ཤུགས་སྣོན་པ། སྨན་བཅོས་འགན་བཅོལ་གྱི་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུ་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བ། དམངས་འཚོ་འགན་ལེན་གྱི་མཐའ་ཚད་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་སྨན་བཅོས་ལ་སེམས་ཁྲལ་བྱེད་ཚད་ཇེ་དམའ་རུ་གཏོང་ཅི་ཐུབ་བྱས་ཡོད།

སྲིད་ཇུས་དོན་འཁྱོལ་བྱེད་པར་ཤུགས་བསྣན་ཏེ། འགན་སྲུང་གནད་དུ་འཁེལ་བར་ཁག་ཐེག་བྱས།
2023ལོར་སྡོད་དམངས་ཀྱི་ནད་གཞི་ལྕི་བའི་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་སྒོར་ཁྲི1.2ཟིན་པ་དང་འགྲོ་སོང་རྩིས་ཞུའི་བསྡུར་གྲངས་བརྒྱ་ཆའི80ལས་འགྱུར་ལྡོག་བྱུང་མེད། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ་དང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། བསྐྱར་ཕོངས་མི་འབོར་བཅས་ཀྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་བརྒྱ་ཆའི50དམའ་རུ་གཏོང་རྒྱུ་དང་ སྒོར་ཁྲི0.6ཟིན་རྒྱུ། རྩིས་ཞུའི་བསྡུར་གྲངས་བརྒྱ་ཆའི5ཇེ་མཐོ་རུ་གཏོང་རྒྱུ་བཅས་ཀྱི་གཟིགས་སྐྱོང་འགན་ལེན་བྱས་པར་མ་ཟད། ཚད་གཞི་མ་བཟོས་པར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ནད་གཞི་ལྕི་བའི་འགན་བཅོལ་གྱི་རྩིས་ཞུ་ལ་དངོས་ཕན་ཐོབ་པར་བྱས་ཡོད་ཅིང་། ཟླ8པའི་བར་རྫོང་ཡོངས་ཀྱི་ནད་གཞི་ལྕི་བའི་འགན་བཅོལ་ཐོབ་ཐང་མི་གྲངས763དང་ནད་གཞི་ལྕི་བའི་འགན་བཅོལ་ཐེབས་རྩ་སྒོར་ཁྲི198.8སྤྲད་པ་རེད།
གཞི་གྲངས་ཞིབ་བཤེར་ལ་ཤུགས་བསྣན་ཏེ། ལག་བསྟར་གནད་དུ་འཁེལ་བར་ཁག་ཐེག་བྱས།
༼ཟླ་རེར་ཞིབ་བཤེར་དང་སྐུལ་འདེད་དོན་འཁྱོལ་བྱེད་པ༽བཅས་ཀྱི་བྱ་བའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ་ཟླ་རེར་ཡུལ་ཚོ་དང་གྲོང་རྡལ་སྡོད་དམངས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་སྒོ་བསྟེན་སྨན་ཁང་དང་སྨན་ཁང་དུ་ཞག་སྡོད་བྱས་པའི་འགྲོ་སོང་རྩིས་ཞུའི་ཆ་འཕྲིན་ལ་ཞིབ་བཤེར་བྱས་ཏེ་རིམ་རྩིས་བྱས་ན་སྨན་རིན་སྒོར6000ཡན་གྱི་རོགས་སྐྱོར་བྱ་ཡུལ་གྱི་མིང་ཐོ་དུས་ཐོག་ཏུ་རྐང་ཚ་རྫོང་དམངས་སྲིད་ཅུས་དང་། ཡུལ་ཚོ༼གྲོང་རྡལ༽ཁག་དང་གཞིས་ཁུལ་ཁག་ལ་བསྐྱལ་ནས་ཡུལ་ཚོ་དང་གྲོང་རྡལ། གཞིས་ཁུལ་བཅས་ཀྱིས་རོགས་སྐྱོབ་བྱ་ཡུལ་གྱི་མིང་ཐོར་དཔྱད་བཤེར་བྱེད་པ་དང་རེ་ཞུ་བདག་སྤྲོད། ཆ་འཕྲིན་ཞིབ་དཔྱད། ཐོབ་ཐང་གཏན་འཁེལ་བྱ་དགོས། ཟླ8པའི་བར་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སྡོད་དམངས་ཀྱི་ནད་གཞི་ལྕི་བའི་རིགས་དང་ཆེས་ལྕི་བའི་རིགས་ཀྱི་ནད་པ28གདམ་གསེས་བྱས་པ་དང་། སྨན་བཅོས་ཀྱི་སྤྱིའི་འགྲོ་གྲོན་སྒོར་ཁྲི48.82བཏང་ལ། ཐེབས་རྩ་སྒོར་ཁྲི28.26བཏང་། འགྲོ་སོང་རྩིས་ཞུའི་བསྡུར་གྲངས་བརྒྱ་ཆའི58ཡིན།

སྲིད་ཇུས་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་ཏེ། ལོངས་སྤྱོད་གནད་དུ་འཁེལ་བར་ཁག་ཐེག་བྱས།
ཚན་ཆུང་བསྐོ་འཐེན་བྱས་ཏེ་སྐོར་སྐྱོད་སྒྲོག་འགྲེལ་དང་། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་ནས་དྲིལ་སྒྲོག་བྱེད་པ། དྲིལ་སྒྲོག་ཤོག་བུ་པར་འགྲེམས་བྱེད་པ། ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་རྒྱག་པ། ལས་སྒྲུབ་སྐར་ཁུང་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཡུལ་ཚོ༼སྡེ་བ༽དང་གྲོང་རྡལ་དུ་བསྐྱོད་དེ་ནད་གཞི་ལྕི་བའི་རིགས་དང་ཆེས་ལྕི་བའི་རིགས་ཀྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱ་བ་སྤེལ་བ་དང་། སྲིད་ཇུས་ལེགས་སྒྲིག་བྱས་ཚུལ་ལ་འགྲེལ་བཤད་ཞིབ་ཕྲ་དང་ལག་བསྟར་དུས་ཚོད། རེ་ཞུ་བྱེད་སྟངས་སོགས་གཙོ་གནད་ནང་དོན་འགྲེལ་བཤད་ཞིབ་ཕྲ་བྱེད་པ་དང་ཆབས་ཅིག་སྐད་འཕྲིན་སྤྱི་སྟེགས་སོགས་དྲ་རྒྱའི་སྨྱན་སྦྱོར་གྱི་ཆ་འཕྲིན་སྟེགས་བུས་བརྙན་ཐུང་དྲིལ་སྒྲོག་དང་སྒྲུབ་གཉེར་གྱི་ཞབས་ཞུའི་ཕྱོགས་སྟོན་བྱས་ཏེ་ཕྱོགས་ཡོངས་དང་རིམ་པ་མང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་སྲིད་ཇུས་དྲིལ་སྒྲོག་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་འགན་བཅོལ་ཤེས་བྱ་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ཡོད། ཟླ8པའི་བར། སྲིད་ཇུས་སྒྲོག་འགྲེལ་ཐེངས12བྱས་པ་དང་དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་ཡིག་རིགས4500ལྷག་ཙམ་སྤྲད་པས་མང་ཚོགས1000ལྷག་ཙམ་ལ་ཕན་ཐོགས་ཡོད།
ཡོང་ཁུངས། གངས་ལྗོངས་འཕྲིན་གསར།
来源:今日藏乡
རྩོམ་སྒྲིག་འགན་ཁུར་བ། གནམ་ཐར་སྐྱིད།
责编:南太吉
ལྟ་སྐུལ་བ། ཚེ་བྱམས་རྒྱལ།
监制:才新木加
སྤྱིའི་ལྟ་སྐུལ་བ། ཉིས་ལིན་ཆིས།
总监制:聂连其