རྐང་ཚ་རྫོང་གིས“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་དང་ལས་སྒོ་མཉམ་འདྲེས་ངང་འཕེལ་བར་སྐུལ་འདེད་བྱས་པ།
发布时间:2023年10月16日 消息来源:

རྐང་ཚ་རྫོང་གིས“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་དང་ལས་སྒོ་མཉམ་འདྲེས་ངང་འཕེལ་བར་སྐུལ་འདེད་བྱས་པ།


       ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རྒྱལ་ཡོངས་དང་ཞིང་ཆེན་དང་ཁུལ་བཅས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་སྒོས་དོན་འཁྱོལ་དངོས་འབེབས་བྱེད་པ་དང་། “ཁྲིད་ཕྱོགས་བཞི”རྒྱུན་འཁྱོངས་བྱེད་པ། ཏང་འཛུགས་སྐྲུན་དང་ལས་སྒོ་བྱ་བའི་མགོ་རྩོམ་ས་དང་ཟུང་སྦྲེལ་བྱེད་གནས་ཡང་དག་པར་བཙལ་ཏེ། “གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་དང་ལས་སྒོ་མཉམ་འདྲེས་ངང་འཕེལ་བ་དང་ཕྱོགས་གཅིག་ཏུ་ཤུགས་འདོན་པར་སྐུལ་འདེད་བྱས།

གནད་དོན་གྱི་ཁྲིད་ཕྱོགས་ཇེ་དྲག་ཏུ་བཏང་སྟེ། ཏང་འཛུགས་སྐྲུན་གྱི་ཚད་གཞི་ཇེ་མཐོར་བཏང་བ། “གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་པའི་དཔྱད་འཇོག་བསམ་འཆར་ལ་བསྡུར་བ་བྱས་ཏེ། གནད་དོན་ཆེན་པོ་རིགས5ཡི་དོན་ཚན12གསེད་སྒྲིག་བྱས། “གསར་གཉིས”རྩ་འཛུགས་ཀྱི་ཏང་ཡོན་འབྱུང་ཁུངས་གྲལ་བཤེར་སོགས་ཀྱི་ལམ་སྲོལ6བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། ཟོང་འདྲེན་དང་ཕྱིར་འཚོང་། མྱུར་སྐྱེལ་སོགས་གསར་དར་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ལས་རིགས་གསར་འཛུགས་སོགས་ཀྱི་བྱ་བའི་ཐབས་ལམ4བཙལ་ཏེ་རྙེད།

དམིགས་འབེན་གྱི་ཁྲིད་ཕྱོགས་ལག་བསྟར་བྱས་ཏེ། ཏང་འཛུགས་སྐྲུན་བྱ་བའི་རྨང་གཞི་བརྟན་པོར་བཏང་བ། “གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི“གྲལ་བཤེར་དང་འཚམས་འདྲི། བརྟག་ཞིབ་ཆེན་པོའི”འགུལ་སྐྱོད་མགོ་བརྩམས་པ་དང་། ཀྲི་པུའུ“དོན་སྟོང”2མེད་པར་བཏང་སྟེ། མི་སྒེར་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ1བཙུགས་ལ། “བྱ་བ་སྒྲུབ་ཐབས་ཆུང་བ་ལྔ”དང“འབྲེལ་གསུམ་ཁྲིད་གསུམ་འདེགས་གསུམ”གྱི་ཏང་འཛུགས་སྐྲུན་གྱི་ཆས་རྟགས་ནུས་ཤུགས་གང་ཡོད་སྒོས་གསར་སྐྲུན་བྱས་ཏེ། ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ4དང“ཁེ་ལས་ཆུང་ངུ་དང་མི་སྒེར་གྱི་བཟོ་ཚོང་། ཆེད་ལས་ཚོང་ར”ཡི་ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ4བདམས་མངགས་བྱས།

འགན་འཁྲིའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྲུན་བྱ་བའི་གནས་སྟངས་ཇེ་དྲག་ཏུ་བཏང་བ། 《རྐང་ཚ་རྫོང་གིས་དུས་རབས་གསར་པའི་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། “གསར་གཉིས”རྩ་འཛུགས་ཀྱི“མཉམ་འདྲེས་རྣམ་པའི”ཏང་འཛུགས་སྐྲུན་གྱི་ཆགས་སྟངས་གསར་པ་གསར་སྐྲུན་བྱས་ཏེ། ཞང་གྲོང་གི་ཏང་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། རྩ་འཛུགས་ཨུ་ཡོན་བཅས་ཀྱིས“གཅིག་གཏད་གཅིག”གིས་ཞང་དང་གྲོང་རྡལ་གྱི“གསར་གཉིས”རྩ་འཛུགས2འགན་ལེན་བྱས་ཤིང་། སྡེ་ཁུལ4དང“གསར་གཉིས”རྩ་འཛུགས་ཀྱི་ཏང་ཀྲི་པུའུ2ཀྱིས་ཀྲི་པུའུ་ཡི་འགན་འཁུར་པའི་ལས་འགན་བརྗེ་སྤོར་དང་བྱ་བ་མཉམ་སྒྲུབ་བྱེད་མགོ་བརྩམས།

ཕན་འབྲས་ཀྱི་ཁྲིད་ཕྱོགས་ལ་དོ་སྣང་བྱས་ཏེ། ཏང་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་དངོས་འབེབས་བྱས་པ། “ཚལ་ཐོ་འདེམས་པའི་རྣམ་པ”སྤྱད་དེ་གསོ་སྦྱོང་གི་བསླབ་ཚན་ཁྱད་པར་ཡོད་པའི་སྒོ་ནས་སྒྲིག་བཀོད་བྱས་ཏེ། ཁེ་ལས་བདག་པོ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་སྐབས3ཀྱི་མི་ཐེངས110ལྷག་ལ་གསོ་སྦྱོང་སྤེལ་བ་དང་། “དམར་པོའི་གཞིས་ལས”སོགས་བརྗེ་རེས་གསོ་སྦྱོང་སྐབས2ཀྱི་མི་ཐེངས40ལྷག་ལ་གསོ་སྦྱོང་བྱེད་མགོ་བརྩམས། “གསར་གཉིས”རྩ་འཛུགས་སྤྱི་ཚོགས་ཞབས་ཞུ་ཁྲོད་ཧུར་ཐག་གིས་ཞུགས་པར་སྣེ་ཁྲིད་པ་དང་། གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཞབས་ཞུ་བྱ་འགུལ་ཐེངས7ལ་ཞུགས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་རིམ་བསགས་ཀྱིས་མི་ཐེངས80ལྷག་སྡུད་ལེན་བྱས་པར་མ་ཟད། དངུལ་སྒོར་དང་དངོས་ཟོག་སྒོར་ཁྲི3.23ཞལ་འདེབས་སུ་ཕུལ།