དབུལ་ཁྱིམ་ལ་བརྩེ་སེམས་བཅངས།།མི་སེམས་ལ་དྲོད་ཁོལ་སྦྱིན།།
དབུལ་ཁྱིམ་ལ་བརྩེ་སེམས་བཅངས།།མི་སེམས་ལ་དྲོད་ཁོལ་སྦྱིན།།
ཅིས་ཧྲི་ཝེ་གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་གོང་མ་སྡེ་བར་བསྐྱོད་དེ་དབུལ་ཐར་ཁྱིམ་ཚང་ལ་འཚམས་འདྲི་བྱས།
གཙོ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྫོང་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་ཆེར་བསྐྱེད་པར་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས།དབུལ་ཐར་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་དང་ཁོང་དུ་ཆུད་དགོས། ཟླ10བའི་ཚེས16ཉིན་རྫོང་ཨུའི་རྒྱུན་ཨུ།རྫོང་དཔོན་གཞོན་པ་ཅིས་ཧྲི་ཝེས་གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་གོང་མ་སྡེ་བའི་དབུལ་ཐར་ཁྱིམ་ཚང་དང་ཇོ་སྐོར་བྱིས་གཉོར་ཁང་དུ་སོང་ནས་འཚམས་འདྲི་གནང་བ་མ་ཟད།དབུལ་ཐར་ཁྱིམ་ཚང་དང་སློབ་མར་ཕྱེ་དང་འབྲས།བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་དང་སིལ་ཟས་ལེགས་སྐྱེས་སྤྲད་དེ་མང་ཚོགས་ལ་ཐུགས་ཁུར་གནང་ཞིང་དྲོད་ཁོལ་སྦྱིན།
“ཁྱིམ་ཚང་གི་ཡོང་འབབ་ཅི་འདྲ་ཡིན་པ”དང“ད་ལོའི་ནོར་ལུག་གི་གནས་ཚུལ་ཅི་འདྲ་ཡིན་པ”“འཚོ་བའི་ཐད་ད་དུང་དཀའ་ངལ་ཅི་ཞིག་ཡོད་པ”“ད་ལོ་རང་རྫོང་གི་ནོར་ལུག་ཕྱིར་འཚོང་གི་རོགས་སྐྱོར་སྲིད་ཇུས་ནི་ཅི་འདྲ་ཡིན་པ”ཞེས་འཚམས་འདྲི་བྱེད་པའི་བརྒྱུད་རིམ་ནང་ཅིས་ཧྲི་ཝེས་དབུལ་ཐར་མང་ཚོགས་ལ་བྱམས་བརྩེའི་ངང་གླེང་མོལ་དང་བདེ་སྡུག་འདྲི་བ་མ་ཟད།དབུལ་ཐར་ཁྱིམ་ཚང་གི་ཉེ་ལམ་གནས་ཚུལ་དང་འཚོ་བའི་གནས་ཚུལ།ཡོང་སྒོའི་ཡོང་ཁུངས།སྲིད་ཇུས་ལོངས་སྤྱོད་དེ་བཞིན་དཀའ་ངལ་གང་ཞིག་ཡོད་པ་སོགས་ཀྱི་གནད་དོན་འདྲི་རྟོག་ཞིབ་མོ་གནང་ཞིང་།སྲིད་ཇུས་སྒྲོག་པ་དང་འཚོ་བ་གླེང་བ།སྨོན་འདུན་ཞུ་བ།བློ་ཐབས་འདོན་པ།ཐབས་བཀོད་འཐེན་པ་བཅས་བྱས་ནས།ཁོང་ཚོའི་བསམ་འཆར་ཉན་ཏེ་ཁོང་ཚོས་སྲིད་ཇུས་ཀྱི་རོགས་སྐྱོར་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་སྔར་ལས་སྐྱིད་པའི་འཚོ་བ་རོལ་རྒྱུའི་རེ་བ་ཡོད་ལ། དེ་དང་ཆབས་ཅིག་མཉམ་དུ་སོང་བའི་སྡེ་སྡོད་ཏང་ཡོན་ལས་བྱེད་པས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་སྟེ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་ཁོང་ཚོའི་འཚོ་བར་དོ་ཁུར་ཟབ་མོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་དུ་གཏོང་དགོས་ཞེས་བཤད།
“ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ”ཞེས་པའི་སྐད་ཆ་ཚིག་གཅིག་གིས་ལྷག་བསམ་ཟོལ་མེད་ངང་བཀའ་དྲིན་ཞུས་པ་དེའི་ཐོག་ནས་ཞིང་འབྲོག་མང་ཚོགས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བར་ཁས་ལེན་དང་རྒྱབ་སྐྱོར་གནང་བ་མཚོན་ཡོད། ད་ཐེངས་ཀྱི་འཚམས་འདྲི་ལས་ཞིང་འབྲོག་མང་ཚོགས་ཚོར་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་ཐུབ་པ་མ་ཟད།དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་འཕེལ་ཡོད།