དགོ་དམར།
发布时间:2023年10月27日
消息来源:
དགོ་དམར།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
དགོ་དམར་ནི་རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་རྨིག་ཐོགས་སྲོག་ཆགས་དཀོན་པོ་ཞིག་ཡིན་ལ། མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་དང་བྱེ་ཐང་དུ་ཁྱབ་ཡོད། མིག་སྔར་དགོ་དམར་གྱི་རིགས་ཁྱུ་ཆེ་ཤོས་དེ་ཡང་དཔལ་དགེ་རྩྭ་ཐང་དུ་འཚོ། 1989ལོར་རང་རྒྱལ་གྱིས་དགོ་དམར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་སུ་བཀོད་ཅིང་། 1996ལོར། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས“འཛམ་གླིང་གི་འཇིག་ཉེན་ཤིན་ཏུ་ཆེ་བའི་དངོས་རིགས”སུ་བདམས། དུས་མཚུངས་སུ《གོ་ལ་ཡོངས་ཀྱི་དགོ་གཙོད་སྲུང་སྐྱོབ་འཆར་གཞིར》བཀོད་པའི་འཇིག་ཉེན་ཆེ་བའི་དགོ་རིགས་ལས་ཨང་རིམ་དང་པོར་གྱུར། དེ་ལ“རྩྭ་ཐང་དུ་མཆོང་རྒྱུག་བྱེད་པའི་དོམ་ཁྲ”ཡི་མཚན་སྙན་ཡང་ཐོབ།