སྔོ་ལྗང་གི་རྩྭ་ཐང་།
发布时间:2023年10月30日 消息来源:

སྔོ་ལྗང་གི་རྩྭ་ཐང་།

    ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྐང་ཚ་རྫོང་ནི་བྱང་དུ་མདོ་ལ་རིང་མོར་རྒྱབ་བརྟེན་ཅིང་། ལྷོ་རུ་མཚོ་སྔོན་པོར་འདབས་འབྲེལ། ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་སྨི3300ཡན་ཡིན། རང་བྱུང་རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི1035.96ཡོད་ལ། བེད་སྤྱོད་རུང་བའི་རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི956.86ཡོད་པས། རྩྭ་ཆུ་ཤིན་ཏུ་འཛོམས་པོ་ཡོད། རང་བྱུང་རྩྭ་སའི་ཕྱུགས་ལས་གཉེར་སྟངས་གཙོ་བོར་འཛིན་ལ། རང་རྒྱལ་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ལྗང་མདོག་ཞིང་ལས་ཀྱི་རྒྱུན་འཕེལ་རུང་བའི་ཚོད་ལྟ་དཔེ་སྟོན་ཁུལ་ཡིན། ཕྱུགས་རིགས་སྣ་ཚོགས་ཀྱི་ཁ་གྲངས་ཁྲི102ལོངས་པ་ཡོད། མཚོ་སྔོན་པོ་རྐང་ཚའི་ནོར་གནག་དང་རྐང་ཚའི་བོད་ལུག་གཉིས་ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ལས་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོབ་ཐོན་རྫས་དང་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཐོ་འགོད་བྱས་པའི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཐོབ་ཡོད།
ནོར་གནག་ལ་མཐོ་སྒང་གི་གྲུ་གཟིངས་ཞེས་པའི་མཚན་སྙན་ཐོབ་ཡོད་ལ། མཚོ་སྔོན་གྱི་མཐོ་སྒང་རྩྭ་ཐང་ལ་དམིགས་བསལ་དུ་མངའ་བའི་ཕྱུགས་རིགས་ཤིག་ཡིན། གཙོ་བོ་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྐང་ཚ་རྩྭ་ཐང་དུ་ཁྱབ་ཡོད། ནོར་གནག་གི་ལུས་ཡོངས་ལ་གཅེས་ནོར་གྱིས་ཁེངས་ཤིང་། བོད་རིགས་མི་དམངས་ཀྱི་ལྟོ་གོས་འགྲོ་འདུག་དང་རྨོ་འདེབས་སོགས་གང་ལའང་ནོར་གནག་ནི་མེད་དུ་མི་རུང་།

图片

རྐང་ཚའི་བོད་ལུག་ནི་མཐོ་སྒང་གི་ལུག་ལ་གཏོགས་ཤིང་། རང་རྒྱལ་གྱི་ཆེས་གདོད་མའི་ལུག་རིགས་ཤིག་ཡིན། གནམ་གཤིས་སྡུག་པོ་དང་འགྱུར་ལྡོག་ཆེ་བའི་གྲང་ངར་གྱི་ཁོར་ཡུག་ཏུ་འཚོ་ཐུབ། རང་བྱུང་གི་འཚོ་སྟངས་ལྟར་ཉིན་མོ་རི་ལ་རྩྭ་ཆུ་བསྟེན་ཅིང་ནུབ་མོ་ར་ནང་དུ་འཇུག་པ་ཡིན་པས། ལུས་སྟོབས་བཟང་ཞིང་བཟོད་བསྲན་ཆེ་ལ་རིམས་འགོག་ནུས་པ་བཟང་བའི་ཁྱད་ཆོས་ལྡན། ཤ་ལའང་འཚོ་བཅུད་ཕུན་སུམ་ཚོགས་པ་ལྡན།

རྐང་ཚ་རྩྭ་ཐང་དུ་དབྱར་རྩྭ་དགུན་འབུ་དང་ཤ་མོ། གྲོ་མ། བྱ་རྒོད་སུག་པ་སོགས་ཕུན་སུམ་ཚོགས་པ་ཐོན་གྱིན་ཡོད་ལ། དེ་དག་ནི་མཛའ་གྲོགས་ཉེ་དུ་བར་འབུལ་རུང་བའི་སྐྱེས་མཆོག་འབའ་ཞིག་ཡིན།