ཟླ10ཚེས27ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་གནས་ཚུལ་སྤེལ་བ་ལྟར་ན།ཅང་སུའུ་དབྱང་ཀྲོའུ་རུ་འཚོགས་པའི་ཨེ་ཤེ་ཡ་ཤར་མའིU20མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་བསྡུར་སྐབས་དང་པོའི་ཐོག་མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་དང་པོའི་ལུས་རྩལ་པ་ཕུར་བུ་ཚེ་བརྟན་ལ་སྨི5000ཡི་ཨང་དང་པོ་ཐོབ་པ་རེད།
2023ལོའི་ཨེ་ཤེ་ཡ་ཤར་མའིU20མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་བསྡུར་སྐབས་དང་པོ་ཟླ10ཚེས26ནས27ཉིན་བར་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ་དང་།སྐབས་འདིའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་བསྡུར་ནང་འགྲན་བསྡུར་རྣམ་གྲངས30བཀོད་སྒྲིག་བྱས་ཏེ་ཨེ་ཤེ་ཡ་ཤར་མའི་རྒྱལ་ཁབ་དང་ས་ཁུལ7གྱི་ལུས་རྩལ་པ146འགྲན་བསྡུར་ནང་ཞུགས།ཞིང་ཆེན་ལུས་རྩལ་བཟོ་ལས་རུ་ཆེན་དང་པོའི་ལུས་རྩལ་པ་ཕུར་བ་ཚེ་བརྟན་གྱིས་སྐར་མ14དང་སྐར་ཆ45ཆ་ཤས73གྱི་གྲུབ་འབྲས་ཡིས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད།
ཕུར་བུ་ཚེ་བརྟན་ནི2004ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་སྐྱེས་ཤིང་།2020ལོར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་བང་རྒྱུག་རུ་ཁག་ནང་ཞུགས་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་ཡིན། ཁོང་གིས་སྔ་གཞུག་ཏུ་རྒྱལ་ཡོངས་ལུས་རྩལ་འགྲན་སྡུར་ཆེ་མ་ཆུང་གསུམ་དུ་གཡུར་དུ་ཟ་བའི་གྲུབ་འབྲས་མང་པོ་བླངས་མྱོང་།