གསར་འགྱུར་གལ་ཆེན།
གསར་འགྱུར་གལ་ཆེན།
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།
-
ཟླ11ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་འཕྲིན་ཡིག་སྤྲིངས།
-
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
-
ཟླ11ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་ས་ཡོམ་དྲག་པོ་བྱུང་པར་ནེ་པ་ལའི་ཙུང་ཐུང་པའོ་ཏེའར་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
-
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་སྙན་ཞུ་ཁྱབ་བསྒྲགས་བྱས་དོན། 2022ལོར་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་སྡོམ་འབོར་སྒོར་དུང་ཕྱུར་ཁྲི339.5ཟིན་ཡོད།
-
ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པར་ཀྲུང་གོའི་ཚོང་ཟོག་ཆེ་གྲས་ཀྱི་སྟོན་གྲངས102.8%ཟིན་པ་དང་། ཚོང་ཟོག་ཆེ་གྲས་མཁོ་སྤྲོད་འཕར་ཚད་རྒྱུན་མཐུད་ངང་མགྱོགས་སུ་ཕྱིན་ཡོད་པ་རེད།
-
རྒྱལ་ཁབ་སྦྲག་སྲིད་ཅུས་ཚེས5ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། མྱུར་སྐྱེལ་ལས་རིགས་ཀྱིས་ཟླ11པ་ནས་བཟུང་ལས་སྒོ་མང་བའི་དུས་ཚིགས་བསུས་པ་དང་། ཉིན4ནང་མྱུར་སྐྱེལ་བསྡུ་ཚད་དུང་ཕྱུར20ལས་བརྒལ་ཡོད་པ་རེད།
-
བཟོ་འཕྲིན་པུས་བསྟན་དོན། ཉེ་ཆར་རང་རྒྱལ་གྱི་བཟོ་ལས་ཆ་འཕྲིན་བདེ་འཇགས་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་འཕར་བའི་རྣམ་པ་ཐོན་ནས་ཁྲོམ་རའི་འཕར་ཚད21.62%ཟིན་ཡོད།
-
ཚེས5ཉིན། སྐབས་དང་པོའི་རྒྱལ་ཡོངས་སློབ་མའི(གཞོན་ནུ)ལུས་རྩལ་འགྲན་ཚོགས་ཀོང་ཤིས་ནན་ཉིང་དུ་མགོ་ཚུགས་པ་དང་ཁྱོན་སྡོམ་ལུས་རྩལ་པ20360འགྲན་བསྡུར་ནང་ཞུགས་པ་རེད།
-
ཚེས5ཉིན། ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱིས་ནེ་པ་ལའི་ནུབ་རྒྱུད་དུ་ཚེས3ཉིན་ས་ཡོམ་རིམ་པ6.4བྱུང་ནས་ཉུང་མཐར་ཡང་མི158རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད།
སྤྱི་ཚོགས།
-
དེ་རིང་དང་སང་ཉིན་གཉིས་ལ་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་བྱང་ཤར་དང་ཅང་ཧོའེ(江淮)སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད་ཆག་ཚད12~14℃ལ་སླེབས་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་ཆག་ཚད་ཏུའུ16ལས་བརྒལ་རྒྱུ་རེད།
-
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཉིན་ཤས་གོང་བསྟན་དོན། རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་སྐྱོབ་བཅོས་ཀྱི་འཕྲལ་སྡོམ་ཐག་གཅོད་དཔུང་ཁག60བཙུགས་ཡོད།
-
སྡོམ་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ4ཚེས1ཉིན་ནས་ཟླ11ཚེས3ཉིན་བར་ཧའེ་ཁོའུ་འགག་སྒོའི་ལྟ་སྐུལ་དོ་དམ་གྱི“འཕྲལ་མར་ཉོ་སྒྲུབ་བྱེད་པའི(即购即售)”ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར20ལས་བརྒལ་ཡོད་པ་རེད།
-
ཀྲུང་གོའི་ཚོང་ལས་འཕུར་སྐྱོད(商飞)ཀྱིས་ཉིན་ཤས་གོངC929གནམ་གྲུ་ཇུས་འགོད་ཞིབ་ཕྲ་བྱེད་པའི་དུས་མཚམས་སུ་སླེབས་ཡོད་ཅེས་བཤད་པ་རེད།
-
ཚེས5ཉིན། ཡན་ཨན་ནས་ཡུས་ལིན་བར་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱེད་མགོ་བརྩམས། ལེགས་འགྲུབ་བྱུང་རྗེས། ཡན་ཨན་ནས་ཡུས་ལིན་བར་གྱི་འཁོར་སྐྱོད་དུས་ཚོད་ཆུ་ཚོད་གསུམ་ཡས་མས་ནས་ཆུ་ཚོད་གཅིག་ནང་ཚུན་དུ་ཐུང་དུ་འགྲོ་རྒྱུ་རེད།
-
ཁྲེང་ཏུའུ་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ཚོགས་པའི་འཛམ་གླིང་བུམ་པའི་ཚོགས་རྟགས་དང་། བཀྲ་ཤིས་པའི་དངོས་པོ། དེ་བཞིན་བརྗོད་དོན་གཙོ་བོའི་འབོད་ཚིག་བཅས་ཚེས4ཉིན་ཁྱབ་བསྒྲགས་བྱས་པ་རེད།
-
“གཞུང་ཞབས་པས་བུ་མོར་འཆལ་རྩེད་བྱས་པས་སྲིད་འཛིན་བཀག་ཉར་ཉིན9”ཞེས་པ་དྲ་ཐོག་ཏུ་ཁྱབ་ཡོད། ཧི་ནན་བེ་ཧྲི་རྫོང་གིས་ཚེས5ཉིན་བརྡ་ཁྱབ་བཏང་ནས་བརྟག་དཔྱད་ཚོགས་ཆུང་བཙུགས་ཡོད་ཅེས་བཤད་པ་རེད།
-
གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་བརྐོས་རིས་ཁང་ཉིན་ཤས་གོང་སྒོ་ཕྱེ་བ་དང་། “ཆིང་རྒྱལ་རབས་ཀྱི་ཕོ་བྲང་གི་བརྐོས་མའི་རིག་དངོས་འགྲེམས་སྟོན”སྤྱི་དམངས་ལ་སྒོ་མོ་ཕྱེ་ཡོད།
-
མཚོ་སྔོན་པོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས82བར་མང་དུ་ཕྱིན་ཡོད་པ་རེད།
སྲིད་ཇུས།
-
ཨན་ཧུའེ་ཡིས་བྱེད་ཐབས་བཏོན་ནས་གྲོང་ཁྱེར་ཁག་གིས་ཆེད་ཚན་སློབ་ཆེན་ཡན་གྱི་སློབ་ཆེན་མཐར་ཕྱིན་སློབ་མ་དང་། ཕྱི་ནས་ཡོང་བ། དེ་བཞིན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་བཅས་ཀྱིས་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་ཐོག་མ་ཉོ་རྒྱུར་ཁ་གསབ་སྤྲོད་རྒྱུའི་སྐུལ་ལྕག་བྱས་པ་རེད།
-
ཀོང་ཏུང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་དགེ་ཕྲུག་ལམ་ལུགས་ཀྱི་གསོ་སྦྱོང་བྱ་རྒྱུའི་གཏན་འབེབས་བྱས་པའི་ཁེ་ལས་ཀྱིས(拟规定开展学徒制培训)མི་རེར་མཐོ་ཤོས་སྒོར8500ཡི་ཚད་གཞི་ལྟར་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།
-
ཀན་སུའུ་ཡིས་ཇུས་གཞི་པར་འགྲེམས་བྱས་ནས2024ལོའི་ཟླ1ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་མི་རེར་ལོ་རེར་སྒོར115བར་མཐོ་རུ་བཏང་ཡོད།
དེ་རིང་གི་གནམ་གཤིས།
-
ནང་སོག་གི་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་ནུབ་རྒྱུད། ཧོ་པེའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ཀྲེ་ཅང་དབུས་ནུབ་རྒྱུད་དང་། ཅང་ཞིའི་བྱང་ཤར་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཀོང་ཞིའི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད།