དཔལ་དགེ་སྙན་ངག་གྲོང་ཚོ།
发布时间:2023年11月07日
消息来源:
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།


དཔལ་དགེ་ནས་སྐར་ཚོགས་བཀྲ་བའི་མཁའ་དབྱིངས་སུ་བལྟས་པ།
ཞི་ཁྲོན།
ཁྱོད་ཀྱིས་ནམ་ཡང་དཔོག་ཐབས་བྲལ་བས་།ལྟད་མོ་བ་ཞིག་གི་ཟོལ་གྱིས་།ལྐོག་གྱུར་གྱི་སྟོབས་ཤུགས་དེས་རྒྱང་རིང་ནས་བརྡ་གཏོང་བར་སྒུག་པ་ལས་ཐབས་ཅི།

དཔལ་དགེ་རྩྭ་ཐང་རས་གདན་ས་ལ་བཏིངས་འདྲ། གཉན་ཆེན་ཞལ་དཀར་དབུ་ལ་ཕྱིང་ཞྭ་མནབས་འདྲ། སྔོན་མོ་མཚོ་ཆེན་གཡུ་ཡི་མེ་ལོང་འདྲ་བ། མཚོ་བོད་ལྕགས་ལམ་སྦྲུལ་ནག་ས་ལ་འཁྱུག་འདྲ། གནས་འདི་ནི་ཁུ་ནུ་རིག་གནས་ཀྱི་འབྱུང་ཁུངས་ཡིན་ལ། རྣལ་འབྱོར་པ་ཤར་སྐལ་ལྡན་རྒྱ་མཚོ་དང་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་སོགས་ཀྱི་སྒྲུབ་གནས་ཡིན། དེ་མིན་སྙན་ངག་པ་ཚོའི་ལམ་གྱི་སྡོད་གནས་དང་སྐྱེ་འགྲོ་མང་པོའི་ཚོར་རྟོག་དགུང་ལ་འགྱུ་ས་ཡིན། པེ་ཅིང་སློབ་ཆེན་གྱི་སྙན་ངག་པ་གྲགས་ཅན་གསུམ་དུ་གྲགས་པའི་ཁྲོད་ཀྱི་སྙན་ངག་པ་ཞི་ཁྲོན་གྱི“དཔལ་དགེ་ནས་སྐར་ཚོགས་བཀྲ་བའི་མཁའ་དབྱིངས་ལ་བལྟས་པ”ཞེས་པའི་སྙན་ངག་དེ་ཡང་འདི་ནས་བྲིས། དཔལ་དགེ་སྙན་ངག་གླིང་ནས་ཁྱོད་ཀྱིས་ལོ་ངོ་སྟོང་ཕྲག་རིང་དཔལ་དགེ་རྩྭ་ཐང་ལ་ཡིད་དབང་ཤོར་བའི་སྙན་ཚིག་གྲགས་ཅན་མང་པོ་བཀླགས་ནས། ལོ་ངོ་སྟོང་ཕྲག་གི་སེམས་འགྱུ་མང་པོ་མྱོང་ཐུབ།
དཔལ་དགེ་རྩྭ་ཐང་ནི་དགོ་དམར་གྱི་བསྟི་གནས་ཡངས་ཤོས་དེ་ཡིན་པས། “དགོ་བའི་གྲོང་ཚོ”རུ་གྲགས་ལ། སྐྱེ་ཁམས་ཀྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ས་དང་ཚན་རིག་ཤེས་བྱའི་སློབ་གསོ་དང་ཞིབ་འཇུག་གི་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན།