གཅིག བྱ་ཤ་དང་ཏིལ་འབྲུ་མཉམ་དུ་ཟ་རྒྱུ་མེད། ཏིལ་འབྲུས་མཆིན་པ་དང་མཁལ་མ་གསོ་ཐུབ་ལ། ཁྲག་སྐྱེས་ཤིང་། རྒྱུ་ལམ་གཤོང་བ་དང་། དབུ་སྐྲ་ནག་ཅིང་སྣུམ་པོར་གཏོང་ཐུབ་ཀྱི་ཡོད། འོན་ཀྱང་ཏིལ་འབྲུ་དང་བྱ་ཤ་མཉམ་དུ་ཟས་ན། ཟས་དུག་ཕོག་པར་མ་ཟད། སྐབས་རེ་ཚབས་ཆེ་བའི་དུས་སྲོག་ལའང་ཉེན་ཁ་བཟོ་སྲིད།
གཉིས། ཁ་ལག་ནང་སྒོག་ཙོང་མཉམ་དུ་རྒྱག་རྒྱུ་མེད། སྒོག་ཙོང་མཉམ་དུ་ཟས་ན་རྒྱུ་ལམ་ལ་གནོད་ཀྱི་ཡོད། ལྷག་པར་ཕོ་རྒྱུར་གཉན་ཚད་ཡོད་མཁན་གྱིས་སྒོག་པ་དང་ཙོང་ཆེན་གཉིས་ཀ་བརྒྱབས་པའི་ཚལ་བཟས་ཚེ། ལམ་སེང་གྲོད་པ་ན་བ་དང་བཤལ་བ་སོགས་བྱེད་སྲིད།
གསུམ། ལ་ཕུག་དཀར་པོ་དང་མོག་རོ་མཉམ་དུ་ཟ་རྒྱུ་མེད། ལ་ཕུག་ལ་ཚ་འཇོམས་དུག་སེལ་དང་ཕོ་བ་གསོ་ཞིང་། དང་ག་ཕྱེ་བ། ལུད་པ་འགོག་པ། སྐོམ་པ་སེལ་ཞིང་བཙོག་པ་གཤོང་བའི་ནུས་པ་མཆིས་ཀྱང་། མོག་རོ་དང་མཉམ་དུ་གཡོས་སྦྱོར་བྱས་ཚེ། གཟུགས་པོར་གནོད་པའི་རྒྱུར་འགྱུར་གྱི་ཡོད། དེར་བརྟེན། འདི་གཉིས་མཉམ་དུ་བཟས་ཚེ། པགས་པའི་གཉན་ཚད་ཕོག་གི་ཡོད།
ལྔ། ཉ་ཅི་ཡུད་དང་ཏུང་ཀྭ་མཉམ་དུ་ཟ་རྒྱུ་མེད། ཉ་ཅི་ཡུད་ཀྱི་རང་བཞིན་འཇམ་ལ་དེར་ཕོ་བ་གསོ་བ་དང་སྐྲངས་པོ་འཇོམས་པ། དུག་སེལ་ཐུབ་པ་སོགས་ཀྱི་ནུས་པ་ལྡན་ཡོད་མོད། འོན་ཀྱང་གལ་ཏེ་ཏུང་ཀྭ་དང་མཉམ་དུ་ཟས་ན། གཟུགས་པོའི་ཆུ་འཐེན་གྱི་ཡོད་པས། ཁྲག་ཤེད་དམའ་བ་དང་ལྷག་དོན་གཟུགས་པོ་སྐྱོ་བའི་མིས་ཟ་རྒྱུ་མེད།