དྲ་རྒྱའི་སྤྱོད་ངན་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ།
2023ལོའི་དྲ་རྒྱའི་སྤྱོད་ངན་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་ཀྱི་སྤྱིའི་བཀོད་སྒྲིག་ལྟར་ན། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་ཐག་བཅད་པའི་ཉིན་ནས་བཟུང་། རྒྱལ་ཡོངས་ཁྱབ་ཁོངས་སུ་དུས་ཡུན་ཟླ1གི་ནང་དྲ་རྒྱའི་སྤྱོད་ངན་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་སྤེལ་མགོ་བརྩམ་རྒྱུ་ཡིན་ལ། ད་ལྟ་འབྲེལ་ཡོད་དོན་དག་བརྡ་ཐོ་བཏང་བ་གཤམ་གསལ་ལྟར།

དང་པོ། བྱ་བའི་དམིགས་འབེན་ཁ་གསལ་བཟོ་རྒྱུ།
དྲ་རྒྱའི་སྟེང་སྤྱོད་ངན་འབྱུང་སླ་བའི་གཙོ་གནད་དག་གཅིག་བསྡུས་བྱས་ཏེ། བསམ་ངན་གྱིས་གཞན་ལ་སྡིགས་དམོད་དང་འཕྱ་སྨོད་བྱེད་པ། ཚོགས་སྤྱིའི་འགལ་ཟླར་ལངས་པ། ཐལ་དྲགས་པའི་བསམ་ཚུལ་འདོན་པ་སོགས་ཀྱི་གནད་དོན་འབུར་ཐོན་ཅན་ཁག་ཅིག་ལ་མཐའ་གཅིག་ཏུ་ཆད་གཅོད་ནན་མོ་བྱ་རྒྱུ་དང་། ཚོགས་པ་དང་དྲ་ལམ་སྟེགས་བུ་སོགས་སུ་དྲ་རྒྱའི་སྤྱོད་ངན་འབྱུང་བར་བཀག་འགོག་ནུས་ལྡན་བྱས་ཏེ། ཆེད་དོན་བཅོས་སྒྲིག་ལ་བརྟེན་ནས་དྲ་ཚིགས་དང་སྟེགས་བུའི་འགན་འཁྲི་གཙོ་བོ་སྔར་བས་ཇེ་བརྟན་དུ་གཏོང་བ། གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ནས་དྲ་རྒྱའི་སྤྱོད་ངན་ལ་དོགས་ཟོན་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེའི་དྲ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ནས་དྲ་རྒྱའི་ཁོར་ཡུག་ལེགས་པོར་སྲུང་སྐྱོབ་བྱ་རྒྱུ་རེད།
གཉིས་པ། གནད་དོན་འབུར་ཐོན་རིགས7བཅོས་སྐྱོང་བྱ་རྒྱུ།
ཆེད་དོན་འགུལ་སྐྱོད་ཀྱིས་སྤྱི་ཚོགས་ཀྱི་འབྲེལ་བ་དང་བརྙན་ཐུང་། ཐད་གཏོང་སོགས་གཙོ་གནད་ལས་སྟེགས་ཀྱི་རིགས་ལ་དམིགས་ནས་གཤམ་གསལ་ཕྱོགས་བདུན་གྱི་གནད་དོན་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏང་རྒྱུ་རེད།
1.ཆེད་དུWTOདང་གླེང་གཞི། ཚོགས་པ་སོགས་བཙུགས་ནས་རང་མིང་མི་འགོད་པའི་རྩོམ་ཡིག་དང་སྟོང་གཏམ་སོགས་ཀྱི་རྣམ་པར་བརྟེན་ནས་དམིགས་བཙུགས་ཚོགས་པའམ་མི་སྒེར་ལ་འཕྱ་སྨོད་དང་སྡིགས་དམོད་བྱེད་པ། བསམ་ངན་གྱིས་ངན་སྨྲས་དང་ཐེར་འདོན་བྱེད་པའི་མིང་ཐོག་ནས་མི་གཞན་གྱི་རུས་མིང་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས། ཁ་པར་ཨང་གྲངས། ཁྱིམ་ཚང་གི་སྡོད་གནས། ལས་ཁུངས། མི་སྒེར་གྱི་འདྲ་པར་དང་སྤྱི་ཚོགས་འབྲེལ་བ་སོགས་མི་སྒེར་གྱི་གསང་བའི་ཆ་འཕྲིན་ཡོངས་བསྒྲགས་ལ་བརྟེན་ནས་དྲ་དམངས་ཚོས་སྡིགས་དམོད་བྱེད་པར་ངན་སྐུལ་བྱེད་པ།
2.གློ་བུར་བྱུང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་དོ་བདག་པར་དཀྲོག་གཏམ་བཟོས་པའམ་དོན་དངོས་དང་མི་མཐུན་པའི་པར་རིས་དང་བརྙན་རིས་དྲས་སྦྱོར་ལས་སྣོན་ལ་བརྟེན་ནས་དྲ་དམངས་ཀྱིས་དོ་བདག་པར་ཕར་རྒོལ་བྱེད་པར་འཇམ་ཁྲིད་བྱེད་པ། གླེང་མང་བའི་དོན་རྐྱེན་གྱི་དོ་བདག་པའི་གཟུགས་བརྙན་ལ་བརྟེན་ནས་འདྲ་རིས་བཟོ་བ་དང་། AIམཉེན་ཆས་སྤྱད་དེ་འདོད་སྲེད་དང་ཁྲག་དྲི་བྲོ་བའི་འཇིགས་སྐུལ་སོགས་ཀྱི་པར་རིས་རྫུན་མས་དཀྲོག་གཏམ་བཟོ་བའམ་ངན་སྨྲས་བྱེད་པ།
3.སྤྱི་ཚོགས་ཀྱི་དོན་རྐྱེན་ངན་པ་རེ་འགའ་དང་། ལྡོག་ཕྱོགས་ཀྱི་མི་སྣའི་ལས་རིགས་དང་ས་ཁོངས་སོགས་ཀྱི་ཁྱད་ཆོས་དང་འབྲེལ་ནས། དམིགས་བསལ་ཚོགས་སྤྱི་ལ་མི་ལེགས་པའི་མིང་དང་ལྡོག་ཕྱོགས་ཀྱི་རྟགས་བརྒྱབ་སྟེ་མཚན་བྱང་འགེལ་བ། རིམ་གྲས་འགལ་ཟླར་གྱུར་པ་དང་ས་ཁོངས་བར་མཐོང་ཆུང་བྱེད་པའི་གཏམ་བརྗོད་སྤེལ་ནས་སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཏུ་གཏོང་བ།
4.དྲ་དཔོན་ཚོས་ཐད་གཏོང་ལ་ལྟ་མཁན་ཇེ་མང་དུ་གཏོང་ཆེདPKལ་བརྟེན་ནས་ཆང་འཐུང་བའམ་སྐྱུག་བྲོ་བའི་བྱ་སྤྱོད་སྤེལ་བ་དང་། གཞན་གྱིས་ཐད་གཏོང་བྱེད་པའི་བརྒྱུད་རིམ་ཁྲོད། དཔྱད་བརྗོད་དང་སྦྲེལ་མཐུད་སོགས་ཀྱི་བྱེད་ནུས་ལ་བརྟེན་ནས་མི་ལུས་ལ་རྒོལ་བ་དང་། ཐ་ན་རང་སྲོག་གཅོད་པའམ་དབང་པོ་སྐྱོན་ཅན་དུ་གཏོང་བ་སོགས་ཀྱི་བྱ་སྤྱོད་ཐལ་ཆེ་བར་ངན་སྐུལ་བྱས་ཏེ། རྡུང་རེས་རྒྱག་པ་སོགས་དྲག་ཤུགས་དང་འཁྲུག་རྩོད་ཀྱི་འཁྲབ་གཞུང་བཟོས་ནས་དྲ་དམངས་འགུག་པ་དང་སྤྱི་པའི་སྒྲིག་ལམ་དཀྲུགས་པ།
5.དོན་དག་བསྒྲུབ་པ་སོགས་ཀྱི་མིང་ཐོག་ནས་རིན་དོད་ཡོད་པའི་སྒོ་ནས་ཞབས་ཕྱི་མཁོ་སྤྲོད་བྱས་ཏེ། དམིགས་བཙུགས་རྩིས་ཐོའི་ཨང་གྲངས་ལ་ཡི་གེ་བསྐུར་ནས་དམའ་འབེབས་བྱེད་པ་དང་། མི་མང་དང་ཚོགས་པ་རྩ་འཛུགས་བྱས་ནས་བསམ་ངན་གྱིས་མི་གཞན་ཐེར་འདོན་བྱེད་པ།
6.ཡི་གེ་དང་སྒྲ་སྦྱོར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བསམ་ངན་གྱིས་ཐ་ཤལ་དང་མི་ལེགས་པའི་སྐད་ཆ་རྫུན་བཟོ་བྱས་ཏེ་དྲ་རྒྱའི་ཁོར་ཡུག་ལ་གཏོར་བརླག་བཟོ་བ་དང་། སྐད་ཆ་མི་ལེགས་པ་བཤད་དེ་འགལ་ཟླ་སློང་བ།
7.རྣ་བར་གཟན་པའི་ཡིག་བྱང་རྫུན་བཟོ་བྱས་ནས་བསམ་ངན་གྱིས་དགེ་སློབ་བར་གྱི་འགལ་བ་འུད་སྒྲོག་བྱས་ཏེ་འགལ་ཟླ་སློང་བ་དང་། ནར་མ་སོན་པའི་མིའི་རྒྱུད་ལ་ལྟ་ཚུལ་དང་ཁ་ཕྱོགས་མི་ལེགས་པ་ཆགས་སུ་བཅུག་ནས་བསམ་ངན་ཁོག་བཅངས་ཀྱིས་ཞེ་འཁོན་དང་འཁང་ར་བྱེད་པའི་བསམ་ཚུལ་འུད་སྒྲོག་བྱས་ཏེ་འགལ་ཟླར་གྱུར་པའི་གཏམ་བརྗོད་སྤེལ་བ།
ཆེད་དོན་འགུལ་སྐྱོད་སྤེལ་བའི་རིང་རྡུང་རྡེག་ཚ་ནན་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་འགལ་ཚབས་ཆེན་དང་ཤུགས་རྐྱེན་ངན་པའི་རྩིས་ཐོའི་ཨང་གྲངས་དང་ཚོགས་པ་ཁག་ཅིག་གཅིག་བསྡུས་ཀྱིས་སྒོ་རྒྱག་རྒྱུ་དང་། གནད་དོན་འབུར་ཐོན་ཡིན་པའི་བྱེད་ནུས་ཁག་ཅིག་མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ། འགན་འཁྲི་སྒྲུབ་ཤུགས་མི་འདང་བའི་དྲ་ཚིགས་དང་སྟེགས་བུ་ཁག་ཅིག་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་རེད།
1.ཉེན་ཁ་ཆེ་བའི་རྩིས་ཐོའི་ཨང་གྲངས་དང་ཚོགས་པ་སོགས་གཙོར་བཟུང་ནས་ཞིབ་བཤེར་གཏིང་ཟབ་བྱས་ཏེ། རྩ་འཛུགས་ཡོད་པའི་སྒོ་ནསPKདྲག་པོ་བྱེད་པ་དང་ཐད་གཏོང་བྱེད་པའི་རྩིས་ཁྲ་གཙོ་བོར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དང་། སྦྱར་ཡིག་ཏང་གི་ནང་དོན་ཡིན་ཡང་བསམ་བཞིན་དྲ་ལམ་དུ་ངན་སྐུལ་བྱེད་པའི་སྒེར་གྱི་སྨྱན་སྦྱོར་སོགས་གཅིག་བསྡུས་ཀྱིས་སྒོ་རྒྱག་རྒྱུ།
2.ཐད་གཏོང་གིPKསོགས་ཀྱི་བྱེད་ནུས་གཙོ་བོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་རྒྱའི་མི་ལེགས་པའི་ནང་དོན་མཐའ་གཅིག་ཏུ་གཙང་བཤེར་དང་ཐག་གཅོད་བྱ་རྒྱུ་དང་། Pརིས་དབྱིབས་དང་བརྙན་རིས་སྒྲིག་སྦྱོར། AIའདྲེས་སྦྱོར་སོགས་ཀྱི་བྱེད་ནུས་ལ་ཞིབ་བཤེར་དང་དོ་དམ་བྱས་ཏེ། ངན་སྨྲས་དང་འཕྱ་སྨོད་སོགས་ཀྱི་ནང་དོན་ཡོད་པའི་རྣམ་འགྱུར་བརྙན་རིས་སོགས་གཙང་བཤེར་བྱ་རྒྱུ།
3.དྲ་ཚིགས་ཀྱི་སྟེགས་བུར་བསྒྲགས་ཡིག་དང་གླེང་གཞི། འོས་སྦྱོར། དཔྱད་གཏམ། སྒེར་གྱི་ཆ་འཕྲིན་སོགས་བྱེད་ནུས་དོ་དམ་ལ་ཤུགས་བསྣན་ཏེ། བསྒྲགས་ཡིག་དང་འོས་སྦྱོར་སོགས་ཀྱི་ནང་དུ་ངན་སྐུལ་དང་མི་ལེགས་པའི་ནང་དོན་ཁྱབ་སྤེལ་བྱེད་པ་ནན་འགོག་བྱ་རྒྱུ་དང་། གནད་དོན་ཡོད་པའི་དྲ་ཚིགས་དངAPPསོགས་ལ་ཁྲིམས་ལྟར་དུས་བཅད་ལྟར་ལེགས་བཅོས་དང་དངུལ་ཆད་གཅོད་པའམ་གནས་སྐབས་སུ་འབྲེལ་ཡོད་བྱེད་ནུས་སྤེལ་མཚམས་འཇོག་པ་སོགས་ཆད་གཅོད་ཀྱི་བྱེད་ཐབས་སྤྱད་རྒྱུ།
བཞི། བྱ་བའི་བླང་བྱ་ཞིབ་ཕྲ་བཟོ་བ།
1.ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་། གནས་ཚུལ་ལ་གཞིགས་ནས་རྩ་འཛུགས་ཀྱིས་དྲ་ཚིགས་བཅོས་སྐྱོང་གི་ཕན་འབྲས་ལ་དཔྱད་དཔོག་བྱ་རྒྱུ་དང་། དག་ཐེར་ཡོ་བསྲང་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏང་དགོས།
2.ཁོངས་གཏོགས་ཁུལ་གྱི་དྲ་ཚིགས་སྟེགས་བུར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པའི་གནད་དོན་ལ་མཛུབ་སྟོན་དང་། གཙོ་གནད་བྱེད་ནུས་སོགས་ལ་གཅིག་བསྡུས་ཀྱིས་རང་བཤེར་རང་བཅོས་གཏིང་ཟབ་བྱེད་པ་དང་། ནང་དོན་ཐད་ཀྱི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཆེད་དོན་འགུལ་སྐྱོད་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས།
3.ཆེད་དོན་འགུལ་སྐྱོད་སྤེལ་མགོ་ཚུགས་པ་ནས་བཟུང་དུས་རིམ་རང་བཞིན་གྱི་འཕེལ་རིམ་ཡོངས་བསྒྲགས་བྱ་རྒྱུ་དང་། གཙོ་གནད་སྟེགས་བུས་གཟའ་འཁོར་རེར་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱས་ནས་སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། དྲ་དམངས་ཐེར་འདོན་གོང་ཞུའི་ནང་ཧུར་ཐག་གིས་ཞུགས་རྒྱུར་སྐུལ་མ་བཏང་ནས་མཉམ་དུ་དྲ་རྒྱའི་སྤྱོད་ངན་བཀག་འགོག་བྱ་དགོས།
ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གི་དྲུང་ཡིག་ཅུའུ་ནས།
2023ལོའི་ཟླ11པའི་ཚེས10ཉིན།