བསོད་ནམས་ཚེ་རིང་ཀྲུང་དབྱང་མི་རིགས་སློབ་ཆེན་རྩོམ་རིག་སློབ་གླིང་གི་བཅའ་སྡོད་རྩོམ་པ་པོར་གདན་ཞུ་བྱས་པ།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
བསོད་ནམས་ཚེ་རིང་ཀྲུང་དབྱང་མི་རིགས་སློབ་ཆེན་རྩོམ་རིག་སློབ་གླིང་གི་བཅའ་སྡོད་རྩོམ་པ་པོར་གདན་ཞུ་བྱས་པ།
ཟླ11པའི་ཚེས24ཉིན། “རྩོམ་རིག་ཁྲོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ”ཞེས་པའི་མུ་འབྲེལ་འཆད་ཁྲིད་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་རྩོམ་རིག་སློབ་གླིང་གིས་རྩོམ་པ་པོ་བསོད་ནམས་ཚེ་རིང་སློབ་གླིང་གི་བཅའ་སྡོད་རྩོམ་པ་པོར་གདན་ཞུ་བྱེད་པའི་མཛད་སྒོ་པེ་ཅིང་དུ་འཚོགས། སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་མཚོ་བྱང་གི་རྩོམ་པ་པོ་བསོད་ནམས་ཚེ་རིང་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཤིང་། གཟི་བརྗིད་ལྡན་པའི་ངང་ཀྲུང་དབྱང་མི་རིགས་སློབ་ཆེན་རྩོམ་རིག་སློབ་གླིང་གི་བཅའ་སྡོད་རྩོམ་པ་པོར་གདན་ཞུ་བྱས།


བསོད་ནམས་ཚེ་རིང་གིས“ངས་ཅིའི་ཕྱིར་བརྩམས་སྒྲུང་བྲིས་པ་ཡིན”ཞེས་པ་བརྗོད་གཞི་བྱས་ཏེ། རང་ཉིད་འབྲོག་པ་ཞིག་ནས་རྩོམ་འབྲིའི་ལམ་བུར་ཞུགས་པའི་བརྒྱུད་རིམ་ལ་ཕྱིར་འདང་བརྒྱབ་ཅིང་། ཆུང་དུས་ཅིན་ཡུང་དྲག་རྩལ་བརྩམས་སྒྲུང་དང་དམག་མིའི་ཆབ་སྲིད་བརྩམས་སྒྲུང་ལ་བལྟས་པས་བརྩམས་སྒྲུང་ལ་དགའ་བའི་འདུན་པ་སྐྱེས་བྱུང་ལ། རྨོ་བོས་དགོང་མོ་རེ་རེར་བཤད་པའི“གཉིད་ཁའི་གཏམ་རྒྱུད”དང་། སྒྲ་སྡུད་འཕྲུལ་འཁོར་ནང་ཐོས་པའི་ལྷ་སྒྲུང་། རྩྭ་ཐང་གི་ཚོང་ཁང་ལ་ལྟ་ཞིབ་བྱས་པ་སོགས་ཀྱི་ཉམས་མྱོང་གིས་ཁོ་ལ་འཆར་སྣང་སྣ་ཚོགས་སྐྱེས་སུ་བཅུག་ཅིང་བརྩམས་སྒྲུང་གསར་རྩོམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག་སོང་བས། ཁོང་གིས་རང་གི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱས་ནས“རྩོམ་འབྲི”དང“གསར་རྩོམ”གྱི་ཁྱད་པར་རང་བཞིན་གྱི་གོ་བ་བླངས་ཏེ“རྩོམ་འབྲིའི་རྣམ་པ”གཏོད་པའི་གལ་ཆེའི་རང་བཞིན་ནན་བཤད་གནང་ཞིང་། ཚང་མར་རྩོམ་འབྲིའི་ཐད་ནས་བློ་སྒོ་ཆེན་པོ་ཕྱེས།
རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཅིན་ཝུན་ཏུང་གིས་འཆད་ཁྲིད་ལ་དཔྱད་བརྗོད་བྱས་ཤིང་། བསོད་ནམས་ཚེ་རིང་གི་རྩོམ་འབྲིའི་གོ་རིམ་ལ་ཁས་ལེན་གང་ལེགས་གནང་ལ། དགེ་སློབ་རྣམས་ཀྱིས་བསོད་ནམས་ཚེ་རིང་དང་བསམ་བློ་བརྗེ་རེས་གནང་བ་དང་། བསོད་ནམས་ཚེ་རིང་གིས་ཚང་མས་བཏོན་པའི་དྲི་བར་རེ་རེ་བཞིན་ལན་བཏབ།