ཁྲུང་ཁྲུང་སྐེ་ནག་ལྷུན་གྲུབ་རྫོང་དུ་དགུན་སྐྱེལ་དུ་སླེབས་འདུག
发布时间:2023年12月07日 消息来源:

ཁྲུང་ཁྲུང་སྐེ་ནག་ལྷུན་གྲུབ་རྫོང་དུ་དགུན་སྐྱེལ་དུ་སླེབས་འདུག


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ།  

图片

   ཉེ་ཆར། ཁྲུང་ཁྲུང་སྐེ་ནག་མང་པོ་ཞིག་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་དགུན་སྐྱེལ་དུ་སླེབས་ཡོད། ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་སྲོག་ཆགས་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས། ལོ་རེའི་ཟླ11པའི་སྔ་རྗེས་ནས་ཕྱི་ལོའི་ཟླ3པའི་ཟླ་མཇུག་བར་ལྷུན་གྲུབ་རྫོང་དུ་དགུན་སྐྱེལ་དུ་ཡོང་བའི་དུས་བྱ་ཇེ་མང་དུ་འགྲོ་བཞིན་ཡོད།

图片

   ལྷུན་གྲུབ་རྫོང་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རོང་ས་ཁྲུང་ཁྲུང་སྐེ་ནག་གནས་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་གནམ་གཤིས་འཚམ་པོ་ཡོད་པས་གནས་དེ་གར་ཁྲུང་ཁྲུང་སྐེ་ནག་དགུན་སྐྱེལ་བྱེད་སའི་ལྷ་ཡུལ་ལྟ་བུར་གྱུར་ཡོད། 

   ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱེད་ཆེད། ལྷུན་གྲུབ་རྫོང་གིས་བྱ་ཐབས་རབ་དང་རིམ་པ་བཏོན་ནས་དུས་བཀག་ལྟར་གཟན་ཆས་འཇོག་ས་མང་པོ་ཆེད་དུ་བཙུགས་པ་དང་། ནས་དང་གྲོ་སོགས་ཁྲུང་ཁྲུང་སྐེ་ནག་ལ་མཁོ་བའི་གཟན་ཆས་གཏོར་མཁན་ཆེད་མངགས་བཀོད་སྒྲིག་བྱས་པ་དང་། སྐོར་སྲུང་རུ་ཁག་བཙུགས་ནས་ཆུ་ཚོད24རིང་སྐོར་སྲུང་ལམ་ལུགས་ལག་བསྟར་ནན་པོར་བྱས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་ནས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཡག་པོར་བྱས་པ་རེད།

图片

图片

图片

图片