མཁྲིས་རྡོ་བྱུང་ན་སྒོང་སེར་བཟའ་རུང་ངམ།
发布时间:2024年01月17日 消息来源:




图片

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།





图片

སྒོ་ང་དང་མཁྲིས་རྡོ་ཡི་བར་དུ་ཐད་ཀའི་འབྲེལ་བ་གང་ཡང་མེད།སྣོད་མཁྲིས་ཀྱི་ནད་མང་པོ་ཞིག་ནི་ཆོས་ཉིད་མེད་པའི་བཟའ་བཏུང་གི་གོམས་གཤིས་དང་། ཁྲག་ཚིལ་མཐོ་བ་དང་མཁྲིས་རྒྱུ་གཤེར་རྩི་མཐོ་བ་སོགས་ལ་འབྲེལ་བ་ཡོད།སྒོང་སེར་གྱི་ནང་དུ་མཁྲིས་རྒྱུ་གཤེར་རྩི་ལས་གཞན་ད་རུང་ཁམས་ལིན་ཚིལ་ཧ་ཅང་མང་པོ་འདུ་ཞིང་།ཁམས་ལིན་ཚིལ་ནི་མཁྲིས་ཁུ་བརྟན་བརླིང་ཡོང་བར་ཕན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱིར་བཏང་གི་གནས་ཚུལ་འོག ནད་པ་རྣམས་ཀྱིས་ཉིན་རེར་སྒོ་ང་བཙོས་མ་གཅིག་རེ་ཟོས་ན་ལེགས་སོ། །