མཚོ་སྔོན་གྱིས་རང་བྱུང་ཁམས་ཀྱི་ཉིང་བཅུད་འཛོམས་པའི་མཛེས་སྡུག་གཞིས་ཁྱིམ་བསྐྲུན་པ།
发布时间:2024年01月30日 消息来源:

མཚོ་སྔོན་གྱིས་རང་བྱུང་ཁམས་ཀྱི་ཉིང་བཅུད་འཛོམས་པའི་མཛེས་སྡུག་གཞིས་ཁྱིམ་བསྐྲུན་པ།

图片

མཚོ་སྔོན་ནི“སའི་གོ་ལའི་སྣེ་གསུམ་པར”གནས་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས“གཙང་གསུམ་གྱི་འབྱུང་ཡུལ”ཡིན་པས།“ཀྲུང་ཧྭའི་ཆུ་ལྕོག”ཅེས་པའི་མཚན་སྙན་ཐོབ་ཡོད། དྭངས་གཙང་གི་ས་གཞི་འདིའི་སྟེང་དུ། མཚེའུ་ནི་མེ་ལོང་དང་འདྲ་ཞིང་། གཙང་པོ་ཤང་ཤང་བཞུར་བཞིན་སྐྱེ་ཁམས་མ་ལག་གི་ཚེ་སྲོག་འབྱུང་ཁུངས་གྲུབ་ཡོད།

图片
མདོ་ལ་རིང་མོ་དང་གཉན་ཆེན་ཐང་ལྷའི་རི་རྒྱུད་ལེ་བར་སྟོང་ཕྲག་བར་དུ་བསྲིངས་ཡོད་པ་དང་། མཐོ་སྒང་གི་རྩྭ་ཐང་ནི་ལྗང་མདོག་གི་ས་གདན་ཞིག་དང་འདྲ་ལ། ནོར་ལུག་གི་ཁྱུ་ཚོགས་ལ་ལུང་ཀུན་ཏུ་སོས་དལ་བག་ཕེབས་ངང་རྒྱུ་བཞིན་ཡོད་པས། མཚོ་སྔོན་གྱི་རི་ལུང་རེ་རེ་ནི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་རེ་རེ་ཡིན། མཚོ་སྔོན་གྱི་དགེ་མཚན་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་འཕེལ་རྒྱས་གཏོང་རི་བའི་ཐོན་ལས་ནི་ཡུལ་སྐོར་ཡིན། ད་སྐབས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་མཐོང་སྣེའི་འོག་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་མཉམ་དུ་འབད་བརྩོན་བྱས་ཏེ། དེ་སྔའི་ཡུལ་སྐོར་གྱི་ལམ་ཐག་རིང་ཞིང་དུས་ཡུན་ཐུང་བ་དང་དུས་ཚིགས་རང་བཞིན་ཆེ་ཆེར་ལྡན་པའི་ཡུལ་སྐོར་གྱི་དཀའ་ངལ་རིམ་གྱིས་སེལ་བཞིན་ཡོད།
མཚོ་སྔོན་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་། དངོས་རིགས་སྣ་མང་རང་བཞིན། གཞི་རྒྱུ་སྣ་མང་རང་བཞིན། རྒྱུད་འཛིན་སྣ་མང་རང་བཞིན་བཅས་གཅིག་བསྡུས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ། མཐོ་གྲང་ས་ཁུལ་གྱི་སྐྱེ་དངོས་དང་རང་བྱུང་སྐྱེ་དངོས་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཀྱང་ཡིན། གཙོད་དང་གསའ། སྦྲེ་བཅས་གནས་འདིར་སྐྱེ་འཕེལ་དང་འཚོ་གནས་བྱེད་པ་དང་། རྩི་ཤིང་དཀོན་གྲས་མང་པོ་འདི་གར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས། མཚོ་བོད་མཐོ་སྒང་གི་རང་བྱུང་གཞིས་ཁྱིམ་གྱིས་མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་ལ་བརྟེན་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་རང་བྱུང་ཁམས་ཀྱི་གཏོང་ཕོད་དང་བརྗིད་ཉམས་མངོན་གྱིན་ཡོད།
图片
གྲོང་ཁྱེར་གྱི་སྔོ་ལྗང་ཁུལ་དང་བརླན་ས་འཛུགས་སྐྲུན་བྱས་པ་དེས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བཏང་བ་དང་། གཞིས་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་ཕྱིན་པ་དང་། ཞིང་སའི་སྐྱེ་ཁམས་འཛུགས་སྐྲུན་གྱིས་ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས། ས་རྒྱུ་དང་ཆུའི་ཐོན་ཁུངས་སྲུང་སྐྱོབ་ནུས་ལྡན་བྱས་ཤིང་། ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་བཏོན་ཡོད། དེ་རིང་། ང་ཚོ་ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་གྱི་ས་གཞི་ཆེན་མོར་སྐྱོད་སྐབས། གྲོང་ཁྱེར་རམ་གྲོང་གསེབ་གང་ཞིག་ཡིན་རུང་། ག་ས་གང་དུ་དྭངས་གཙང་མཛེས་རིས་མངོན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྐྱེ་སྟོབས་རབ་ཏུ་རྒྱས་ཡོད།
རབ་མཛེས་མཚོ་སྔོན་ལ་རྒྱང་གཟིགས་མཛད་ན། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་ལ་ཆུ་མོ་དྭངས་ཤིང་གཙང་བའི་མཛེས་ལྗོངས་ཀྱིས་ང་ཚོའི་སེམས་པ་སྤྲོ་བས་བཟི་ནས་སེམས་འགུལ་ཐེབས་སུ་འཇུག་གོ །
图片
图片
图片
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།