རྐང་ཚ་རྫོང་གི་ཡུལ་ཚོ་གཉིས་ལ《ལྷད་མེད་ཐོན་རྫས་ཀྱི་དཔང་གཅོད་ལག་ཁྱེར》བསྟུད་མར་ཐེངས་བརྒྱད་ལ་ཐོབ།
རྐང་ཚ་རྫོང་གི་ཡུལ་ཚོ་གཉིས་ལ《ལྷད་མེད་ཐོན་རྫས་ཀྱི་དཔང་གཅོད་ལག་ཁྱེར》བསྟུད་མར་ཐེངས་བརྒྱད་ལ་ཐོབ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར།རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོ་དང་། གཡུ་དཀར་འོམ་ལུང་ཡུལ་ཚོ་གཉིས་ལ“ལྷད་མེད་ཐོན་རྫས་ཀྱི་དཔང་གཅོད་ལག་ཁྱེར”བསྟུད་མར་ལོ་བརྒྱད་ལ་ཐོབ། དཔང་གཅོད་བྱས་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི360ཟིན་པ།དཔང་གཅོད་བྱས་པའི་ཚད་ལྡན་གྱི་ནོར48208དང་།ལུག229493ཟིན། ཤའི་ཐོན་ཚད་ཀྱི་སྐམས་ཤ་ཏུན1253.9དང་། ལུག་ཤ་ཏུན2381.72 ཟིན། ལྷད་མེད་གསོ་སྤེལ་ནང་ཞུགས་མཁན་གྱི་དུད་ཁྱིམ3000ལྷག་ཙམ་ཟིན་པ། དཔང་གཅོད་རེ་ཞུ་བྱས་པའི་སྐམས་ལུག་ཤའི་སྣ་ཁ19ལ་ཡུལ་དངོས་སུ་དཔེ་འདེམས་བཤེར་འཇལ་བྱས་ནས་ཚང་མ་ཚད་མཐུན་བྱུང་སྟེ། རྒྱལ་ཁབ་ཀྱི་ལྷད་མེད་སྐམས་ལུག་ཤ་ཞིང་ལས་ཐོན་རྫས་ཚད་གཞི་ལ་སླེབས་པ་རེད།མཚན་སྙན་ཐོབ་པ་ནི་རང་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་ཐོབ་པའི་འགག་སྒྲོལ་གལ་ཆེན་ཞིག་ཡིན་ལ།རང་རྫོང་གིས་སྐྱེ་ཁམས་གསོ་སྤེལ་མཐུན་ཚོགས་དང་།སྐྱེ་ཁམས་མཉམ་ལས་ཁང་།ལྷད་མེད་གསོ་སྤེལ་འབྲོག་ཁྱིམ་བཅས་ཀྱི་ནུས་ལྡན་ཐོན་སྐྱེད་དོ་དམ་བྱེད་སྟངས་ལ་རྒྱུན་ཆད་མེད་པར་རྟོག་ཞིབ་བྱས་པ་ཞིག་ཡིན།རྫོང་ཡོངས་ཀྱིས་སྐྱེ་ལྡན་ཕྱུགས་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ།རྫོང་ཁོངས་ཀྱི་སྤུས་ལེགས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་བྱས་པ་དང་།ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བསྐྲུན་རྒྱུར་ཧུར་བརྩོན་སྒོས་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད།
ཐེངས་རྗེས་མར། རྐང་ཚ་རྫོང་གིས་སྐྱེ་ཁམས་དམངས་ཕྱུག་ལ་མཛུབ་སྟོན་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་འཛུགས་སྐྲུན་སྣེ་ཁྲིད་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ཀྱིས་དགར་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ལ་གཅིག་འགྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ། ས་མཐོའི་སྐྱེ་ལྡན་དང་། ལྗང་མདོག་སྐྱེ་ཁམས། སྦགས་བཙོག་མེད་པ་བཅས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གཞི་ཁྱོན་ཕན་འབྲས་ལྡན་པའི་གསོ་སྤེལ་དཔེ་སྟོན་རྟེན་གཞི་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བ། ལྗང་མདོག་སྐྱེ་ལྡན་དཔང་གཅོག་ལེགས་པོར་སྒྲུབ་པ། སྤུས་ལེགས་ཚོང་རྟགས་སྐྱེད་སྲིང་དང་དྲིལ་བསྒྲགས་བྱེད་པར་གཙིགས་ཆེན་བྱེད་པ། སྤུས་ལེགས་ཚོང་རྟགས་སྐྱེད་སྲིད་ལ་ཤུགས་སྣོན་རྒྱག་པ། སྤུས་ལེགས་གསུམ་དང་ཚད་གཞི་གཅིག་གི་བྱ་བཞག་ཁག་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ། རྐང་ཚའི་མང་ཚོགས་སྔར་ལས་སྟོབས་འབྱོར་ལྡན་པ་དང་། ཕྱུགས་ལ་སྔར་ལས་ཤ་ཤེད་རྒྱས་པ། རྩྭ་ཐང་སྔར་ལས་ལྗང་མདོན་ལྡན་པ། སྐྱེ་ཁམས་སྔར་ལས་མཛེས་སྡུག་ལྡན་པ་བཅས་ཀྱི་ནུས་ཤུགས་འདོན་དགོས།