དཔྱིད་དུས་ཀྱི་འགོས་ཁྱབ་རང་བཞིན་ཅན་གྱི་ཆམ་རིམས་སྔོན་འགོག་སྐོར་གྱི་ཤེས་བྱ་ཐུང་ངུ་།
发布时间:2024年03月27日 消息来源:

དཔྱིད་དུས་ཀྱི་འགོས་ཁྱབ་རང་བཞིན་ཅན་གྱི་ཆམ་རིམས་
སྔོན་འགོག་སྐོར་གྱི་ཤེས་བྱ་ཐུང་ངུ་།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བརྙན་འཕྲིན། བཤེར་འབེབས།ཚེ་བརྟན་བཀྲ་ཤིས།

图片

图片

  ས་གཞིའི་ཁྱོན་ལ་དཔྱིད་ཀྱི་དཔལ་ཡོན་ངང་གིས་ཤར་ནས། ཁོ་ར་ཁོར་ཡུག་ཀུན་ཏུ་སྐྱེ་སྟོབས་ཀྱི་གསོན་ཤུགས་དལ་གྱིས་འབུས་བཞིན་པའི་སྐབས་འདིར། ནམ་ཟླའི་དྲོད་ཚད་དང་བསྟུན་ནས་ནད་འབུའི་རིགས་ཀྱི་སྐྱེ་འཕེལ་ཧ་ཅང་མགྱོགས་པར་མ་ཟད། འགོས་ཁྱབ་རང་བཞིན་གྱི་ཆམ་རིམས་རིགས་ཕན་ཚུན་བར་འགོ་བ་དེ་བས་ཀྱང་སླ། དེས་ན་འགོས་ཁྱབ་རང་བཞིན་གྱི་ཆམ་རིམས་ལ་ནད་རྟགས་གང་དག་ཡོད་པ་དང་། དེ་ཅི་ལྟར་སྔོན་འགོག་བྱ་དགོས་ཤེ་ན།


图片

  འགོས་ཁྱབ་རང་བཞིན་གྱི་ཆམ་རིམས་ནི་འགོས་ཤུགས་ཧ་ཅང་ཆེ་བའི་ཆམ་རིམས་ནད་དུག་གིས་བསླངས་པའི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན། དེའི་ནད་རྟགས་གཙོ་བོ་ནི་ཚ་རྒྱག་པ་དང་། མགོ་ན་བ། སྣ་ཆུ་བཞུར་བ།མིད་པ་ན་བ།སྐམ་ལུ་རྒྱག་པ་སོགས་ཡིན་པར་མ་ཟད། ལུས་པོ་ཡོངས་ཀྱི་ཤ་གནད་དང་རུས་ཚིགས་ན་བ། སྐབས་ལ་ལར་གློ་ཚད་འབྱུང་བའམ་ཕོ་བ་དང་རྒྱུ་མ་ན་བའི་ཆམ་རིམས་ཚབས་ཆེན་འབྱུང་བའི་ཉེན་ཁ་ཡང་ཡོད།འགོས་ཁྱབ་རང་བཞིན་གྱི་ཆམ་རིམས་ལ་ནད་རྟགས་ཕྱིར་མི་མངོན་པའི་དུས་ནི་སྤྱིར་བཏང་དུ་ཉིན་གཅིག་ནས་གསུམ་བར་ཡིན་ལ། འགོས་ཁྱབ་ནུས་པ་ལྡན་པའི་དུས་ཡུན་གཟའ་འཁོར་གཅིག་ཡས་མས་ཡིན།འགོས་ཁྱབ་འབྱུང་ཡུལ་གཙོ་བོ་མཁའ་དབུགས་ཁྲོད་ནས་ཐད་ཀར་འགོ་པའམ་དབུགས་རྡུལ་བརྒྱུད་ནས་འགོ་བ། ཡང་ན་ནད་དུག་འགོས་པའི་དངོས་རྫས་བརྒྱུད་ནས་འགོ་བ་བཅས་ཡིན། 



图片


དཔྱིད་དུས་ཀྱི་འགོས་ཁྱབ་རང་བཞིན་ཅན་གྱི་ཆམ་རིམས་སྔོན་འགོག་བྱེད་ཐབས།

གཅིག  ལུས་རྩལ་སྦྱོང་བརྡར་བྱས་ཏེ་ལུས་ཕུང་གི་ནད་འགོག་ནུས་པ་ཆེ་རུ་གཏོང་བ། 

图片

གཉིས། གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་དེ་འཚམ་གྱི་ལྭ་བ་གྱོན་ཏེ་ལུས་ཕུང་འཁྱག་ཏུ་མི་འཇུག་པ། 

图片


གསུམ། རྒྱུན་དུ་ཁང་པའི་ཕྱི་ནང་ལ་གཙང་སྦྲ་ལེགས་པོ་བྱེད་པ་དང་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་རྒྱུ་རུ་འཇུག་དགོས་པར་མ་ཟད། ཕྱི་རོལ་དུ་ལུས་སྦྱོང་བྱེད་པའམ་ཉི་མར་ལྡེ་བ་སོགས་བྱ་དགོས། 

图片


བཞི།  ཆམ་རིམས་དང་དབུགས་ལམ་གྱི་འགོས་ནད་ཡོད་ས་ལ་མི་འགྲོ་བ། 

图片

ལྔ། ཆུ་མང་དུ་འཐུང་བ་དང་གང་སར་ཁ་ལུད་མི་འཕེན་པ། ལག་པ་གཙང་བཀྲུ་བྱེད་པ་སོགས་འཕྲོད་བསྟེན་ལྡན་པའི་འཚོ་བའི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱེད་པ། 

图片


དྲུག བྱིས་པ་དང་རྒན་པ། ལུས་སྟོབས་ཞན་པ་དང་གཅོང་ནད་ཕོག་པའི་མི་སོགས་མི་ཚོགས་འདུ་ས་དང་འཚང་ཁ་ཆེ་སར་མི་འགྲོ་བ་བཅས་བྱ་དགོས།

图片