སྔོ་ལྗང་རི་ཆུ་ནི་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་རུ་འགྱུར་དགོས།
发布时间:2024年03月28日 消息来源:

图片

          སྔོ་ལྗང་རི་ཆུ་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་རུ་འགྱུར་བར་བྱེད་དགོས།

               གནས་འདི་ནི་མཚོ་བོད་མཐོ་སྒང་གི་ལྟེ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་ཡིན། འཁྱགས་རོམ་དཀར་པོ་དང་མཐོ་སྒང་གི་རྫ་རིའི་བར་ནས་ བྱུང་བའི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་མཉམ་དུ་འདྲེས་ནས་ཤར་ཕྱོགས་སུ་བཞུར་གྱིན་ཡོད། འདི་ནི“ཀྲུང་ཧྭའི་ཆུ་ལྕོག”ཡིན་ལ་རང་རྒྱལ་དང་ཐ་ན་ཨ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ཆུ་ཁུངས་གལ་ཆེན་ཞིག་ཀྱང་ཡིན་པ་དང་།“སའི་གོ་ལའི་སྣེ་གསུམ་པར”ཀྲོང་ངེར་འགྱིང་བའི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྐྱེ་ཁམས་འཐབ་ཇུས་ཀྱི་གོ་གནས་ལྡན།



ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བ་དང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཐུགས་དབུས་ལ་བཅངས་ནས། 2016ལོ་དང2021ལོར་མཚོ་སྔོན་དུ་རྟོག་ཞིབ་ཏུ་ཕེབས་པ་དང་། རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་།“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི‘རྒྱལ་དོན་གྱི་ཆེ་ཕྱོགས’”ཡིན་པ་ནན་གྱིས་བསྟན།
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྔོ་ལྗང་རི་ཆུ་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་རུ་འགྱུར་བར་བྱེད་དགོས་ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་མངགས་བཅོལ་ཟབ་མོ་ཞིག་རེད།




   མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པར་བྱས་ཏེ་དྲིན་ཚོར་ངང་ཡར་རྒྱས་ལ་བརྩོན་དགོས། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པ་དང་ཞིབ་ཅིང་ཕྲ་ལ་ལག་ཏུ་བསྟར་ཐུབ་པའི་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་ལ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། འགག་རྩའི་རང་བཞིན་གྱི་བཅོས་བསྒྱུར་ཁག་མང་པོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་འདེགས་སྐྱོར་རང་བཞིན་གྱི་བཟོ་འགོད་ཁག་ཅིག་ལག་བསྟར་ཤུགས་ཆེན་བྱས་ནས་མ་ལག་རང་བཞིན་ལྡན་པའི་བཅོས་སྐྱོང་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་གིས་བསྐྲུན་དགོས།

  སྐྱེ་ཁམས་ནི་ཐོན་ཁུངས་དང་སྐྱེ་ཁམས་ནི་ཐོན་སྐྱེད་ནུས་ཤུགས་ཡིན་ལ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན། ལྗང་མདོག་སྲུང་སྐྱོབ་དང་ལྗང་མདོག་དྲིལ་སྒྲོག ལྗང་མདོག་ལ་བརྟེན་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད། མཚོ་སྔོན་གྱིས་འཛམ་གླིང་སྐྱེ་བོ་ཀུན་ལ་མཛེས་པ་སྔར་ལས་མང་པོ་འབུལ་རྒྱུ་ཡིན་ལ། འཚོ་གནས་ཀྱི་ཁོར་ཡུག་ལེགས་པོ་སྔར་ལས་མང་པོ་ཞིག་ས་གཞི་འདིའི་ཐོག་སྐྱེ་འཕེལ་དང་འཚོ་གནས་བྱེད་ཀྱིན་པའི་སྲོག་ཆགས་ཡོད་དོ་ཅོག་ལ་བཞག་ནས། མཐོ་སྒང་གི་ས་གཞི་ཆེན་མོའི་གང་སར་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་མཛེས་སྡུག་གི་རི་མོ་ཞིག་བྲིས་ཡོད། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།