དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་ཟི་ལིང་གི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས28069རིན་མེད་བྱེད་རྒྱུ་རེད།
发布时间:2024年04月02日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དྭངས་གསལ་དུས་ཆེན་གྱི་གུང་གསེང་ཐོན་ལ་ཉེ་བའི་སྐབས་འདིར། གྲོང་མིས་རིན་མེད་ངང་རླངས་འཁོར་འཇོག་པའི"ཕན་བདེ"ལོངས་སུ་སྤྱོད་ཆོག གསར་འགོད་པས་ཟླ4པའི་ཚེས1ཉིན། ཟི་ལིང་གྲོང་ཁྱེར་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་དོ་དམ་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་པར་གཞིགས་ན། དྭངས་གསལ་དུས་ཆེན་གྱི་གུང་གསེང(ཟླ4པའི་ཚེས4ནས་ཟླ4པའི་ཚེས6ཉིན་བར)སྐབས་གྲོང་ཁྱེར་སྲིད་གཞུང་གིས་དོ་དམ་བྱེད་པའི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ཚིགས538ཀྱི་གནས་སྐབས་འཇོག་གནས28069རིན་མེད་བྱེད་རྒྱུ་རེད།