རྐང་ཚའི་དགོ་ཕྲུག་ཐོན་རྫས་རྒྱལ་ཡོངས་སུ་བསྐྱོད།
发布时间:2024年04月16日 消息来源:

གཙོ་སྒྲིག་པ། འཇམ་དབྱངས་མགོན་པོ། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། བཤེར་འབེབ།མགོན་པོ་རབ་བརྟན།


དཔྱིད་ཀྱི་དཔལ་མོ་སླེབས་ལ་ཉེ་དུས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་རིག་གནས་གསར་གཏོད་ཕྲེང་བསྟར་ཐོན་རྫས་དགོ་ཕྲུག་མཚོ་སྔོན་ནས་རྒྱལ་ཡོངས་སུ་འགྲེམ་འགོ་བརྩམས།

图片

ཐེངས་འདིའི་ས་ཚིགས་དང་པོ་ཐེན་ཧྥུ་ཀྲུ་གོར་(天府之国)བསྐྱོད་དེ་ཁྲིན་ཏུའུ་དབྱིབས་རྩིས་དཔེ་མཛོད་ཁང་(成都几何书店)དུ་ཚོང་ཁང་དང་པོ་བཙུགས། འདི་ལས་ས་གནས་ཀྱི་རིག་གནས་ཐོན་རྫས་ཁྱབ་གདལ་གཏོང་བ་དང་། རིག་གནས་སྤེལ་རེས་དང་བརྒྱུད་སྤེལ་ལ་སྔར་བས་སྐུལ་འདེད་སྒོས་ས་གནས་ཀྱི་ཕུལ་བྱུང་རིག་གནས་གྲུབ་ཚུལ་སྔོག་འདོན་དང་། རྐང་ཚའི་རིག་གནས་གསར་གཏོད་ཐོན་རྫས་ལ་གསར་འབྱེད་དང་འཆར་སྣང་གསར་བ་བསྩལ་བྱུང་།

图片

རིག་གནས་གསར་གཏོད་ཀྱི་ཐོན་རྫས་ལ་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་སྟེ། དགོ་ཕྲུག་ལེན་ལེན་ལས་བྱུང་བའི་ལོང་བའི་སྒམ་དེ་ཚ་ཤོས་སུ་གྱུར། འགྲེམས་སྟོན་ལས་རྐང་ཚ་རྫོང་གི་རིག་གནས་གསར་གཏོད་ཀྱི་ཆེས་ཐུན་མོང་མ་ཡིན་པའི་ཇུས་འགོད་དང་སྤུས་ལེགས་ཀྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས། མཚོ་སྔོན་གྱི་རྔམ་མཐུག་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་མངོན་ཡོད། ཐེངས་འདིའི་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་རིག་གནས་གསར་གཏོད་བར་སྟོང་དང་། རིག་གནས་ཡུལ་སྐོར་འདུ་ཚོགས། རབ་མཛེས་མཚོ་སྔོན་གྱི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ། རབ་མཛེས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་བརྙན་ཐུང་སྒྱུ་རྩལ་དུས་ཆེན། སྒུལ་བདེའི་རིག་གནས་བར་སྟོང་སོགས་ཚུད་འདུག གཞན་སྤྱི་ཚོགས་ཚོགས་པ་གདན་ཞུ་དང་། མཚོ་སྔོན་རིག་གནས་ཡུལ་སྐོར་འོས་སྦྱོར་གདན་ཞུ། རབ་མཛེས་མཚོ་སྔོན་རིག་གནས་གསར་གཏོད་ཐད་གཏོང་ཁང་སོགས་ཚུད་དུ་བཅུག་ཡོད། མཚོ་སྔོན་རིག་གནས་ཡུལ་སྐོར་སྤུས་རྟགས་ལ་ཞབས་འདེགས་ཞུ་རྒྱུ་དང་། མ་འོངས་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“ཉ་དང་བྱ་ཡི་ཞིང་ཁམས། མཚོ་ངོགས་བོད་མཁར་རྐང་ཚའི”མིང་རྟགས་རིམ་སྤོར་དང་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་ཞབས་འདེགས་ཞུས་པ་རེད།

图片

“དགོ་ཕྲུག་ལེན་ལེན”ཀྱི་ས་ཚིགས་གཉིས་པ་ཀུའུ་སུའུ་གྲོང་(灵秀姑苏城)དུ་བཙུགས་པ་རེད། “རྒྱལ་ཡོངས་རིག་གནས་གསར་གཏོད་ཚོགས་པའི་ཞིབ་འཇུག་སློབ་སྦྱོང་འདུ་ཚོགས”ཀྱི་བྱེད་སྒོར་ཞུགས་ཏེ། ཡུལ་དངོས་སུ་མཚོ་སྔོན་པོའི་བྱང་ངོགས་ཀྱི་རྐང་ཚ་རྫོང་གི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པར་མ་ཟད། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉམས་འགྱུར་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་འདི་ལ་ལས་རིགས་གཅིག་པའི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།

དགོ་ཕྲུག་ནི་རྐང་ཚ་རྫོང་གི་རིག་གནས་ཀྱི་ཚབ་མཚོན་ཡིན་པའི་ངོས་ནས་ཁྲིན་ཏུའུ་(成都)དང་སུའུ་ཀྲོའུ་(苏州)རུ་ཐོག་མར་བསྐྱོད་ཅིང་། རྐང་ཚའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་མཚོ་སྔོན་གྱི་རིག་གནས་བརྒྱུད་སྤེལ་གྱི་ཕོ་ཉ་ཞིག་ཏུ་གྱུར་ལ། མ་འོངས་པར་རྐང་ཚའི་རིག་གནས་གསར་གཏོད་བྱ་བཞག་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བ་དང་འོས་སྦྱོར་རྒྱ་ཁྱབ་གཏོང་བར་དབུ་ཁྱུད་བྲིས།

图片

རིག་གནས་ཡུལ་སྐོར་ཐོན་རྫས་འོས་སྦྱོར་གནད་དུ་སྨིན་པར་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་བརྗེ་རེས་དང་མཉམ་འབྲེལ་གཏིང་ཟབ་དུ་གཏོང་བར་ནུས་པ་ཐོན་ཡོད་པ་མ་ཟད། རྐང་ཚའི་རིག་གནས་གསར་གཏོད་ཐོན་རྫས་དེ་གྲོང་ཁྱེར་དང་རིག་གནས་སྤེལ་རེས་སྟེགས་བུ་བརྒྱུད་དེ་“ཉ་དང་བྱ་ཡི་ཞིང་ཁམས། མཚོ་ངོགས་བོད་མཁར་རྐང་ཚའི”ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་དང་། ཀུན་གྱིས་མཚོ་སྔོན་ལ་རྒྱུས་ལོན་དང་རྐང་ཚ་ཕྱི་ཕྱོགས་སུ་བསྒྲག་སྟེ། རྐང་ཚར་དགའ་བའི་སྣང་བརྙན་གསར་བ་བཞེངས་འགོ་ཚུགས་ཡོད།

ཚེ་བྱམས་རྒྱལ་གྱིས་བསྒྱུར།