ཡུལ་སྐོར་ལས་དོན་ཁང་བརྒྱ་རྐང་ཚར་བསྐྱོད་པས། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་།
发布时间:2024年04月18日 消息来源:


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྫོང་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  རྒྱལ་ཡོངས་ཀྱི་ཡུལ་སྐོར་སྒྲིག་གཞི་ཁག་གིས་བོད་མཁར་རྐང་ཚ་ལ་ཕྱིར་འཚོང་ཁྱབ་སྒྲོག་དང་ཐོན་རྫས་གསར་གཏོད་བྱེད་པ། ལམ་ཐིག་ཁྱབ་གདལ་གཏོང་བ། སྤུས་ལེགས་ཞབས་ཞུ་གཏོད་པ་སོགས་ཐད་ཀྱི་ལེགས་ཆར་བརྟེན་ནས་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་འབྲན་སྔར་བར་ཇེ་ཆེར་བཏང་སྟེ། ཉ་དང་བྱ་ཡི་ཞིང་ཁམས། བོད་མཁར་རྐང་ཚ་ཡི་སྙན་གྲགས་ཁྱབ་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་བུ་གཏོང་ཆེད། ཟླ4བའི་ཚེས14ཉིན་ཧུའུ་ནན་དང་ཧྲན་ཞི། ཀྲེ་ཅང་། ཅང་ཞི་སོགས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡིད་རྟོན་ཡུལ་སྐོལ་ལས་དོན་ཁང་བརྒྱའི་འཐུས་མི 120 སྔ་རྗེས་སུ་ཁེ་རམ་ཐང་སྐྱེ་ཁམས་ཉམས་ལེན་ཁུལ་དང་དགོ་དམར་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་རྟེན་གཞི་སོགས་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ། རང་རེའི་རྫོང་གི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་ཡུལ་སྐོར་ལམ་ཐིག་འཆར་འགོད། ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་ཉམས་ལེན། ཡུལ་སྐོར་ཞབས་ཞུ་འགན་སྲུང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས། 

图片

图片

图片   

 དེའི་རྗེས་སུ། དྲིལ་བསྒྲགས་འོས་སྦྱོར་དང་གན་རྒྱ་འཇོག་པའི་ཆེད་དོན་བྱེད་སྒོ་སྤེལ་བ་དང་། འོས་སྦྱོར་ཚོགས་འདུའི་སྟེང་རང་རེའི་རྫོང་དང་མཚོ་སྔོན་ཐོ་རེངས་སྐར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་དབར་ཡུལ་སྐོར་འཕེལ་རྒྱས་ཀྱི་མཉམ་ལས་གྲོས་མཐུན་བཞག་ནས་ཚོགས་པ་སྒྲིག་འཛུགས་བྱེད་མཁན་སྟེ་ཡུལ་སྐོར་ལས་དོན་ཁང་བརྒྱ་ལྷག་ཙམ་གྱིས་རྐང་ཚའི་ཡུལ་སྐོརའཕེལ་རྒྱས་ལ་འོས་སྦྱོར་ངོ་སྤྲོད་བྱ་རྒྱུར་སྐུལ་ཁྲིད་བྱས། བྱེད་སྒོ་སྤེལ་ཡུལ་དུ་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་རིག་གནས་ཡུལ་སྐོར་གྱི་མཛེས་ལྗོངས་དྲིལ་སྒྲོག་གློག་བརྙན་སྟོན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་ལས་དོན་ཁང་གི་འཐུས་མིར་བོད་མཁར་རྐང་ཚའི་མ་ཡིན་པའི་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན། རང་བྱུང་ཐོན་ཁུངས། རྩྭ་ཐང་གི་ཡུལ་ལྗོངས།  བོད་ཁྱིམ་གྱི་ཟས་མཆོག དེ་བཞིན་དུས་བཞིའི་མཛེས་སྡུག་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས། 


图片

图片

ལས་རིགས་ཁག་གི་ཡུལ་སྐོར་ལས་དོན་ཁང་ལ་ཡུལ་སྐོར་ཚོང་པ་ཆེ་གྲས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བཤད་དོན། རྐང་ཚའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་འཕེལ་རྒྱས་ཀྱི་ཁོད་ཡངས་པས། ཡུལ་སྐོར་ལས་དོན་ཁང་ཁག་གིས་ད་ཐེངས་ཀྱི་མཉམ་ལས་གན་རྒྱའི་འགོ་འཛུགས་ས་བྱས་ཏེ།རྐང་ཚར་ཡུལ་སྐོར་བ་ནང་འཇུག་བྱེད་པ་དང་རྒྱ་ཆེའིརྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ཁྲིད་བྱས་ནས་བོད་མཁར་གྱི་མཛེས་ལྗོངས་ཉམས་ལེན་དང་བོད་ཁྱིམ་གྱི་ཟས་མཆོག་མྱོང་བ། མཚེའུ་འགྲམ་གྱི་དམངས་སྲོལ་མྱོང་བ།ཚང་དབྱངརྒྱ་མཚོའི་སྙན་ངག་འཚོལ་བ། ཐུན་མོང་སྒོས་ཁེ་ལས་དང་ས་གནས་མཉམ་ལས་གཉིས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད།