དྲ་ལམ་ཞོགས་འཕྲིན། 祥云早茶
发布时间:2024年05月14日 消息来源:


ཡོང་ཁུངས། ཉིན་རེའི་གངས་ལྗོངས། 


图片

ཞོགས་པ་བདེ་ལེགས། གངས་ཅན་ཁ་བའི་ལྗོངས། 
དེ་རིང་ནི་སྤྱི་ལོ2024ལོའི་ཟླ5པའི་ཚེས14དང་། གཟའ་མིག་དམར་ཡིན།
གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན་ལ་གསན་གཟིགས་
གནང་བར་དགའ་བསུ་ཞུ།

དྲ་ལམ་ཞོགས་འཕྲིན།,雪域头条,3分钟
图片


1


མིག་སྔའི་བར་དུ།རང་རྒྱལ་གྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར9000ཙམ་བཏང་སྟེ་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

图片


2


སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས2024ལོའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི“དམིགས་བསལ་ལས་གནས་འཆར་གཞིའི”ལས་བསྡུའི་བྱ་བ་སྤེལ་འགོ་ཚུགས་པ་དང་ རྒྱལ་ཡོངས་སུ་དམིགས་བསལ་ལས་གནས་དགེ་རྒན་ཁྲི3.7བསྡུ་རྒྱུའི་འཆར་གཞི་ཡོད་པ་རེད།

图片


3


འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་སྒྲིག་གཞི་ཀོ་པའེ་ཉི་གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཅུས་ཀྱི་སྙན་ཞུ་ལས། ད་ལོའི་ཟླ་བཞི་པ་ནི་གོ་ལ་ཧྲིལ་པོར་ཟིན་ཐོ་བཀོད་པའི་ཚུན་གྱི་དྲོད་ཚད་ཆེས་ཚ་ཤོས་ཀྱི་ཟླ་ཡིན་པར་བསྟན།

图片


4


མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་ལྟར་ན། 2024ལོའི“ཡན་ལག་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞིའི་ནང་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ཁྲི3.44བསྡུ་རྩིས་ཡོད་པ་རེད།
图片


5


མཚོ་སྔོན་ཞིང་ཆེན་གྱི2024ལོའི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་མི་དམངས་ཉེན་རྟོག་པ་བསྡུ་བའི་བྱ་བ་སྟེ། ཁ་རྒྱུགས་ལེན་པའི་དུས་ཚོད་ནི་ཟླ5ཚེས18ནས་ཚེས20ཉིན་བར་ཡིན་པ་རེད། 

图片


6


རྒྱ་ཆེ་འགྲུལ་པ་འགྲོ་སྐྱོད་བྱེད་པའི་གནས་ཚུལ་ལ་གཞིགས་ནས། 2024ལོའི་ཟླ6ཚེས5དང་། ཚེས7ཉིན།  ཚེས9ཉིན། ཚེས11ཉིན། ཚེས13ཉི ན།ལྷ་ས་ནས་ཞི་ཨན་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཐེངསZ918གནས་སྐབས་སུ་མཚམས་འཇོག་བྱ་རྒྱུ་རེད། 2024ལོའི་ཟླ6ཚེས6ཉིན་དང་། ཚེས8ཉིན།  ཚེས10ཉིན། ཚེས12ཉིན། ཚེས14ཉིན་བཅས་ཀྱི་ཞི་ཨན་ནས་ལྷ་སའི་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཐེངསZ917གནས་སྐབས་སུ་མཚམས་འཇོག་བྱ་རྒྱུ་ཡིན་པ་རེད།

图片


7


“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”འགྲན་སྡུར་ཆེན་མོ་ཟླ5པའི་ཚེས18ཉིན་ཟི་ལིང་དུ་གཟབ་རྒྱས་ངང་སྤེལ་མགོ་རྩོམ་རྒྱུ་རེད།
图片


8


ཟླ5ཚེས27ཉིན་ནས་བཟུང་།  ཟི་ལིང་ནས་ཤང་ཀང་དང་ཨའོ་མིན་ལ་འགྲོ་བའི་“མི་སྒེར་གྱི་ཡུལ་སྐོར་མིང་རྟགས་བྱང་བུ”ཐོ་འགོད་བྱེད་ཆོག་པ་རེད། 

图片


9


མཚོ་བྱང་གི་བོད་ལུག་ཕྲུ་གུ་མང་བའི་སོན་གསོ་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཚད་དུ་སླེབས་ཡོད།

图片


10


ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་ལས་གཞི«རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་དངོས་ཐོན་ཁུངས་རྟོག་ཞིབ་དཔེ་ཚོགས»དཔེ་སྐྲུན་འགྲེམས་སྤེལ་བྱས། དཔེ་ཚོགས་འདིར«སྲོག་ཆགས་མིང་མཛོད་ཀུན་བཏུས་ཆེན་མོ»དང«རྨ་འབྲི་ཟལ་མོ་སྒང་གི་རྩི་ཤིང་སྔོ་འབུམ་ཆེན་མོ»༼སྟོད་སྨད་བར་གསུམ༽«འགག་དོག་མོ་གསུམ་གྱི་མོག་ཤ»བཅས་ཁྱོན་དེབ་ལྔ་ཡོད་པ་རེད།

སྔ་རབས་རྗེས་འཇུག


ཞི་ཅིན་ཕིང་ཧང་ག་རིའི་ཙུང་ལིས་བསྡུས་པའི་སྐྱེལ་མའི་བྱེད་སྒོར་ཞུགས།

ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་མཛད་ཚར། 

▶ ཞི་ཅིན་ཕིང་ཧང་ག་རིའི་ཙུང་ཐུང་དང་ཙུང་ལིའི་བསུ་མའི་མཛད་སྒོར་ཞུགས།